logo

རིམས་ནད་འགོག་སྡོམ་གྱི་བྱེད་ཐབས་གསར་ཤོས་དོན་ཚན་ཉི་ཤུ།

རྩོམ་པ་པོ།: ཡོང་ཁུངས།:གངས་ལྗོངས་འཕྲིན་གསར། དུས་ཚོད།:2022-11-12 ཀློག་གྲངས།:
        ཟླ11པའི་ཚེས11ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་པྲོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་མཉམ་འགོག་མཉམ་སྡོམ་ལམ་སྲོལ་ཕྱོགས་བསྡུས་ཚོགས་ཆུང་གིས«པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་བྱེད་ཐབས་སྔར་ལས་ལེགས་སུ་བཏང་ནས་ཚན་རིག་དང་མཐུན་པའི་ངང་འགོག་སྡོམ་བྱ་བ་ལེགས་པོར་སྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ»ཁྱབ་བསྒྲགས་བྱས་ལ། གཤམ་ནས་ང་ཚོས་བརྡ་ཐོའི་ནང་དོན་གཙོ་བོར་ཞིབ་ཏུ་བལྟ་བར་བྱ།
        (1) འབྲེལ་འདྲིས་དམ་ཟབ་བྱེད་མཁན་ལ་ཉིན་ལྔར་གཅིག་སྡུད་ལོགས་བཀར་དང་ཉིན་གསུམ་ལ་ཁྱིམ་སྡོད་ལོགས་བཀར“5+3”བྱེད་པའི་དོ་དམ་བྱ་ཐབས་ལག་བསྟར་བྱ་རྒྱུ།
        (2) འབྲེལ་འདྲིས་དམ་ཟབ་བྱེད་མཁན་དེའི་འབྲེལ་འདྲིས་དམ་ཟབ་བྱེད་མཁན་ཐག་གཅོད་གཏན་འཁེལ་མི་བྱེད།
        (3) ཉེན་ཁ་ཆེ་བའི་ས་ཁུལ་ནས་ཐོན་པའི་མི་སྣར“ཉིན7ལ་གཅིག་སྡུད་ལོགས་བཀར”བྱེད་པ་ནས“ཉིན7ལ་ཁྱིམ་སྡོད་ལོགས་བཀར”བྱེད་པར་བསྒྱུར་བ།
        (4) ཉེན་ཁའི་ས་ཁུལ“ཆེ་འབྲིང་ཆུང”གསུམ་ནས“ཆེ་བ་དང་ཆུང་བའི”བར་ལེགས་སྒྲིག་བྱ་རྒྱུ།
        (5) གདུབ་ཟུམ་བྱ་བ་མཇུག་སྒྲིལ་བའི་ཉེན་ཁ་ཆེ་བའི་ལས་གནས་ཀྱི་མི་སྣར“ཉིན7ལ་གཅིག་སྡུད་ལོགས་བཀར་བྱེད་པའམ་ཉིན7ལ་ཁྱིམ་སྡོད་ལོགས་བཀར”བྱེད་པ་ནས“ཉིན5ལ་ཁྱིམ་སྡོད་བདེ་ཐང་ལྟ་ཞིབ་ཚད་ལེན”བྱེད་པར་བསྒྱུར་བ།
        (6) སྤྱིར་བཏང་དུ་སྲིད་འཛིན་མངའ་ཁོངས་ལྟར་དམངས་ཡོངས་ཉིང་སྐྱུར་བཤེར་འཇལ་མི་བྱེད།
        (7) རྒྱལ་ཁོངས་སུ་ཡོང་བའི་གནམ་གྲུའི་བཞུ་གཅོད་ལམ་སྲོལ་མེད་པར་བཟོ་རྒྱུ།
        (8) རྒྱལ་ཁོངས་སུ་ཡོང་བའི་གལ་ཆེའི་ཚོང་དོན་མི་སྣ་དང་ལུས་རྩལ་ཚོགས་པ་སོགས“གནས་ནས་གནས”ལྟར་ལོགས་བཀར་བྱེད་མི་དགོས་པར་གདུབ་ཟུམ་དོ་དམ་ཁུལ་དུ་བསྐྱལ་རྒྱུ།
        (9) རྒྱལ་ཁོངས་སུ་ཡོང་བའི་མི་སྣ་གདགས་གཤིས་ཡིན་པར་ཐག་གཅོད་པའི་ཚད་གཞི་ནི་ཉིང་སྐྱུར་བཤེར་འཇལCtགྲངས་ཐང<35ཡིན།
        (10) རྒྱལ་ཁོངས་སུ་ཡོང་བའི་མི་སྣར་ཉིན་ལྔར་གཅིག་སྡུད་ལོགས་བཀར་དང་ཉིན་གསུམ་ལ་ཁྱིམ་སྡོད་ལོགས་བཀར་ལག་བསྟར་བྱ་རྒྱུ“5+3”ཡིན་ལ། དམིགས་སར་འབྱོར་རྗེས་ཡང་བསྐྱར་ལོགས་བཀར་བྱ་མི་དགོས།
        (11) སྨན་ཁང་དུ་ཞག་སྡོད་བྱེད་པའི་ནད་ཁྲི་དང་ནད་གཞི་ལྕི་བའི་ནད་ཁྲི་གྲ་སྒྲིག་གང་ལེགས་བྱས་ཏེ། སྨན་བཅོས་ཐོན་ཁུངས་འཛུགས་སྐྲུན་ལ་ཤུགས་སྣོན་པ།
        (12) གོ་རིམ་ལྡན་པའི་སྒོ་ནས་པྲོག་གསར་ནད་དུག་གི་རིམས་འགོག་སྨན་ཁབ་རྒྱག་པར་སྐུལ་འདེད་གཏོང་བ།
        (13) མྱུར་སྐྱོབ་སྨན་རྫས་དང་སྨན་བཅོས་སྒྲིག་ཆས་གྲབས་གསོག་བྱེད་པར་ཤུགས་སྣོན་པ།
        (14) རྒན་རྒོན་དང་། རྨང་གཞིའི་རང་བཞིན་གྱི་ནད་ཡོད་པའི་ནད་པ། སྦྲུམ་མ་སོགས་མི་ཚོགས་ཀྱི་གཞི་གྲངས་མཐིལ་རྟོགས་བྱས་ནས་བདེ་ཐང་འགན་ལེན་གྱི་ཇུས་གཞི་བཟོ་དགོས།
        (15) ཞིང་ཆེན་བརྒལ་ནས་འགྲོ་སྐྱོད་བྱེད་པའི་མི་སྣར“འབྱོར་བཤེར”བྱེད་པ།
        (16) གང་འདོད་ལྟར་སློབ་གྲྭ་བཀག་སྡོམ་བྱེད་པ་དང་། ཨར་ལས་བྱེད་མཚམས་འཇོག་པ། ཐོན་སྐྱེད་བྱེད་མཚམས་འཇོག་པ། དུས་ཡུན་རིང་བོར་བཀག་སྡོམ་མི་ལྷོད་པ། གང་འདོད་དུ་སྨན་བཅོས་བྱེད་མཚམས་འཇོག་པ་སོགས་ཀྱི་བྱ་སྤྱོད་གཏན་འགོག་བྱེད་དགོས།
        (17) རྒྱུ་མཚན་གང་རུང་ལ་ཁ་གཡར་ནས་སྨན་བཅོས་དང་ལེན་མི་བྱེད་པའི་སྣང་ཚུལ་ཡོད་མི་རུང་བར་སྡོད་དམངས་ཀྱི་སྨན་བཅོས་དང་སྨན་ལ་བསྟེན་པའི་དགོས་མཁོ་འགན་སྲུང་བྱ་དགོས།
        (18) སློབ་གྲྭ་གང་འདོད་དུ་བཀག་སྡོམ་བྱེད་པ་དང་བཀག་སྡོམ་བྱེད་པའི་དུས་ཚོད་རིང་དྲགས་པ། དུས་ཡུན་རིང་བོར་དྲ་ཕྱིའི་སློབ་ཁྲིད་མི་བྱེད་པ་སོགས་ཀྱི་གནད་དོན་ལ་གྲལ་བཤེར་བྱེད་པ།
        (19) ཐོན་ལས་འབྲེལ་ཐག་གི་ཁྱོན་ཡོངས་དང་དམངས་འཚོའི་མཁོ་སྤྲོད་འགན་ལེན་དང་འབྲེལ་བ་ཡོད་པའི་གཙོ་གནད་ཁེ་ལས་ལ་ལས་མཚམས་བཞག་ནས་ཐོན་སྐྱེད་བྱེད་མཚམས་འཇོག་དགོས་པའི་བླང་བྱ་བཏོན་མི་ཆོག
        (20) རིམས་ནད་བྱུང་བའི་ས་ཁུལ་གྱི་ཉེན་ཁ་ཆེ་བའི་ཁུལ་དུ་བསྡད་མེད་པའི་ས་གནས་གཞན་གྱི་མི་སྣ་ཉེན་ཁར་དཔྱད་དཔོག་བྱས་རྗེས་ས་ཆ་དེ་དང་ཁ་བྲལ་ཆོག་ལ། དམིགས་སར་འབྱོར་ཡུལ་གྱིས་གནས་དེར་ལུས་པའི་མི་སྣ་ཕྱིར་ལོག་པ་དང་ལེན་མི་བྱེད་པ་བྱས་མི་ཆོག
འབྲེལ་ཡོད་འོས་སྦྱོར།