logo

གུང་ཧོས་རིམས་འགོག་བྱེད་ཐབས་ལེགས་བསྒྱུར་གྱི་གྲོས་ཚོགས་བསྡུས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར། དུས་ཚོད།:2022-11-15 ཀློག་གྲངས།:
       གུང་ཧོ་རྫོང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་བསྡུས་ནས་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་པར་མ་ཟད། གུང་ཧོ་རྫོང་གི་ཏོག་གསར་གློ་ཚད་རིམས་འགོག་གི་བྱེད་ཐབས་སྔར་ལས་ཇེ་ལེགས་སུ་གཏོང་བ་སོགས་ཀྱི་ལས་དོན་ལ་ཞིབ་འཇུག་བྱས།
       ཉེ་སྔོན། གུང་ཧོ་རྫོང་ཨུའི་ཧྲུའུ་ཅི་ཀྲང་ཧྥེང་གིས་གུང་ཧོ་རྫོང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཐེངས31པའི་ཚོགས་འདུ་ལ་མགོ་འཛིན་བྱས།
       ཚོགས་འདུ་ལས་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་གྱི་སྒྲིག་གཞི«ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་གི་བྱེད་ཐབས་ལེགས་བཅོས་སུ་གཏོང་བ་དང་། ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བའི་སྒོ་ནས་རིམས་འགོག་གི་བྱ་བ་ལེགས་པོ་སྒྲུབ་དགོས་པའི་སྐོར་གྱི་བརྡ་སྦྱོར»གྱི་དགོངས་དོན་ལ་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་ཤིང་། «གུང་ཧོ་རྫོང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཉམ་འགོག་མཉམ་བཅོས་ཀྱི་སྒྲིག་གཞི་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་གི་བྱེད་ཐབས་ལེགས་བཅོས་སུ་གཏོང་བ་དང་། ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བའི་སྒོ་ནས་རིམས་འགོག་གི་བྱ་བ་ལེགས་པོ་སྒྲུབ་དགོས་པའི་སྐོར་གྱི་བརྡ་སྦྱོར་གྱི་བྱེད་ཐབས»སོགས་ཀྱི་ལས་དོན་ལ་ཞིབ་འཇུག་བྱས།ཚོགས་འདུ་དེ་དྲ་ལམ་དང་ཡུལ་དངོས་ཀྱི་རྣམ་པ་ཟུང་འབྲེལ་བྱས་ནས་བསྡུས།
       ཚོགས་འདུ་ལས་བསྟན་དོན། གུང་ཧོ་རྫོང་ཡོངས་སུ་རིམས་ནད་སྔོན་འགོག་གི་གནས་བབ་སྔར་བཞིན་ཛ་དྲག་ཏུ་གྱུར་བའི་དུས་སྐབས་ཤིག་ཡིན་པས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ལ་འགན་སྲུང་བྱ་རྒྱུ་དེ་མིག་སྔར་གྱི་ཆབ་སྲིད་ཀྱི་འགན་ཁུར་གལ་ཆེན་ཞིག་ཏུ་བཞག་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཏམ་བཤད་གལ་ཆེན་གྱི་དགོངས་དོན་དང་། ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བའི་སྒོ་ནས་རིམས་འགོག་གི་བྱེད་ཐབས་ཉི་ཤུ་ལ་སློབ་སྦྱོང་བྱས་ཏེ། བློ་བརྟན་འགྱུར་མེད་ངང་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་དགོས་ཤིང་། ཕྱི་ནས་ནང་དུ་མཆེད་པ་དང་ནང་ནས་བསྐྱར་ལོག་བྱུང་བར་སྔོན་འགོག་བྱེད་པའི་སྤྱིའི་ཐབས་ཇུས་རྒྱུན་འཁྱོངས་བྱེད་པ་དང་། འགུལ་རྣམ་གཙང་སེལ་གྱི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། དུས་བབ་དང་གནས་བབ་ལ་བསྟུན་ནས་འགོག་སྡོམ་བྱེད་ཐབས་ལེགས་སྒྱུར་དང་འཐུས་ཚང་དུ་གཏོང་དགོས། རང་རྟོགས་ཀྱིས་སྔོན་འགོག་བྱེད་པ་དང་སྔ་མོ་ནས་ཤེས་པ། མྱུར་དུ་ཐག་གཅོད་བྱེད་པ། ཕྱི་ནས་ནང་དུ་མཆེད་པ་སྔོན་འགོག་དང་ཞབས་ཞུ་ལེགས་པ་བཅས་རྒྱུན་འཁྱོངས་བྱས་ནས། མྱུར་བ་དང་དོན་དངོས་ཡིན་པ། དྲང་གཞག་ཡིན་པ་བཅས་ཀྱི་ཁྲོད་གུང་ཧོའི་ནུས་པ་འདོན་སྤེལ་བྱེད་དགོས་ཤིང་། མ་དཔེ་ལེན་པ་དང་སྐྱེལ་འདྲེན་བྱེད་པ།བརྟག་དཔྱད་བྱེད་པ། ཡར་ཞུ་བྱེད་པ། རྗེས་འདེད་པ། ལོགས་བཀར་བྱེད་པ་སོགས་ཀྱི་ཐབས་ཇུས་ཁྲོད་གུང་ཧོའི་བྱ་བའི་སྤུས་ཚད་མཐོ་བའི་སྟོབས་ཤུགས་མངོན་ནས། ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བའི་སྒོ་ནས་རིམས་འགོག་གི་བྱ་བ་ཡག་པོར་བསྒྲུབ་སྟེ། ལག་ལེན་དངོས་ཀྱི་སྟེང་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་དགོས་པ་བསྟན།
       ཚོགས་འདུའི་རེ་བ་ནི། དང་པོ་ནི་ནན་ཏན་སྒོས་སློབ་སྦྱོང་བྱེད་དགོས། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་ནན་ཏན་སྒོས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་ལེགས་པོ་བྱས་ནས། རིམས་འགོག་གི་བྱེད་ཐབས་ཉི་ཤུ་པའི་བླང་བྱ་ཁོང་དུ་ཆུད་པར་བྱས་ཏེ། ལས་དོན་སྒྲུབ་ཞོར་དུ་སློབ་སྦྱོང་བྱེད་པ་དང་བསམ་གཞིག་གཏོང་བ། སྤྱི་བསྡོམས་བྱེད་པ་བཅས་བྱས་ནས། ཇི་མ་ཇི་བཞིན་དུ་ལག་བསྟར་བྱེད་པ་དང་རིམས་འགོག་གི་བྱ་བར་གྲུབ་འབྲས་བཟང་བོ་ལེན་པར་ཁག་ཐེག་བྱེད་དགོས། གཉིས་པ་ནི་གནད་འཁེལ་འབུར་ཐོན་ཡིན་པ་དང་བྱ་བའི་གོ་རིམ་ལེགས་བཅོས་སུ་གཏོང་དགོས། སྔོན་འགོག་གི་བྱ་བ་སྲ་བརྟན་དུ་གཏོང་བ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་བྱ་བའི་གོ་རིམ་སྟབས་བདེ་བ་དང་ཕན་འབྲས་ཆེ་བ་གཙོ་གནད་དུ་འཛིན་དགོས། ཚད་བརྒལ་རང་བཞིན་གྱི་རིམས་འགོག་གི་བྱེད་ཐབས་སྔོན་འགོག་བྱས་ནས། བྱ་བའི་ཞིབ་ཚགས་མུ་མཐུད་དུ་འཐུས་ཚང་དུ་གཏོང་བ་དང་། རིམས་འགོག་གི་བྱེད་ཐབས་ཚན་རིག་མཐུན་པ་དང་གནད་ལ་འཁེལ་བ། ཚད་ལྡན་ཡིན་པ་བཅས་ལག་བསྟར་བྱེད་པར་ཁག་ཐེག་བྱེད་དགོས། གསུམ་པ་ནི་འགན་ཁུར་དང་དུ་བླངས་ནས་ཕྱོགས་ཡོངས་ལ་བསམ་བློ་གཏོང་དགོས།རིམས་འགོག་ཐབས་ཇུས་སྙོམས་སྒྲིག་བྱེད་པ་ནི་རིམས་འགོག་བྱ་བ་ཕྱོགས་ཡོངས་ནས་ལྷོད་གཡེང་དུ་མི་གཏོང་བ་དང་ཚན་རིག་དང་མཐུན་པའི་སྒོ་ནས་རིམས་འགོག་གི་བྱེད་ཐབས་ལག་བསྟར་བྱེད་པ་དེ་ཡིན། གོང་འོག་བར་གསུམ་དུ་གཅིག་སྒྲིལ་གྱི་བསམ་བློའི་དགོངས་པ་ལྟར། རང་ཉིད་ནས་འགོ་རྩོམ་པ་དང་འགན་ཁུར་དང་དུ་ལེན་པ། ཕྱོགས་ཡོངས་སྙོམས་སྒྲིག་བྱས་ཏེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་རིམས་འགོག་བྱ་བ་གཉིས་ཀ་དམ་འཛིན་བྱ་དགོས། བཞི་པ་ནི་ཆོད་སེམས་བརྟན་པོའི་ངང་ནས་ལག་ལེན་མཐར་ཕྱིན་བྱ་དགོས། དུས་ནམ་ཡང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ལ་འགན་སྲུང་བྱེད་པའི་འགན་ཁུར་དང་དུ་བླངས་ནས། དམིགས་འབེན་གསལ་བོ་དང་ཆོད་སེམས་བརྟན་པོའི་སྒོ་ནས། དུས་ཐོག་ཐག་གཅོད་ཀྱི་ཐབས་ཇུས་ལག་བསྟར་བྱས་ཏེ།མགྱོགས་མྱུར་ངང་ཐོན་སྐྱེད་འཚོ་བ་རྒྱུན་ལྡན་ལྟར་འཁོར་བསྐྱོད་བྱེད་པ། སྡེ་ཁག་སོ་སོས་མཐུན་པའི་དཔུང་རྡང་གཅིག་ཏུ་སྦྲེལ་ཏེ་རིགས་སོ་སོའི་མི་དམངས་རྣམས་ཀྱི་དཀའ་ངལ་ཐག་གཅོད་བྱ་དགོས་ཤིང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱ་དགོས།
       ཚོགས་འདུ་ལས་ད་དུང་རིམས་ནད་སྔོན་འགོག་གི་འཐབ་ས་དང་པོའི་ཏང་ཡོན་དང་ལས་བྱེད་བསྐོ་བཞག་བྱེད་པའི་སྐོར་ལ་གྲོས་བསྡུར་བྱས།
འབྲེལ་ཡོད་འོས་སྦྱོར།