མཚོ་ལྷོ་ཁུལ་གྱིས་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་བསྡུས།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར།
དུས་ཚོད།:2022-11-18
ཀློག་གྲངས།:
བློ་བརྟན་འགྱུར་མེད་ངང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་མཚོ་ལྷོ་རུ་རྩ་བ་ཚུགས་ནས་འབྲས་བུ་སྨིན་པར་སྐུལ་འདེད་གཏོང་དགོས། ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་བསྡུས།
མཚོ་ལྷོ་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུར་མགོ་འཛིན་བྱས། ལིས་ཀང་གིས་གཏམ་བཤད་གནང་ཞིང་། ཀརྨ་ཕུན་ཚོགས་ཀྱིས«ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་གཏིང་ཟབ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ»ལ་གྲོས་འཆམ་བྱུང་བ་རྒྱུད་སྒྲོག་བྱས།
ཟླ11པའི་ཚེས16ཉིན། ཀྲུང་གོ་གུང་ཁྲན་ཏང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་ཆབ་ཆ་རུ་བསྡུས། ཚང་འཛོམས་གྲོས་ཚོགས་སྟེང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་དགོངས་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་བཅས་ལ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱེད་པ་དང་སྤྱི་ཁྱང་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན། ཏང་ཀྲུང་དབྱང་དང་ཞིན་ཆེན་ཏང་ཨུའི་འཐབ་ཇུས་སྒྲིག་བཀོད་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། «ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་གཏིང་ཟབ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ»ལ་གྲོས་འཆམ་བྱུང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱས་ཏེ་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་པས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་བཅས་བྱེད་པར་ཆབ་སྲིད་ཀྱི་སྐུལ་སློང་དང་བསམ་བློའི་སྐུལ་སློང་། རྩ་འཛུགས་ཀྱི་སྐུལ་སློང་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་བཏོན་པའི་དམིགས་འབེན་འགན་འཁྲི་ལག་བསྟར་དོན་འཁྱོལ་དང་གྲུབ་འབྲས་དངོས་ཐོབ་པར་བྱ་དགོས་པའི་བླང་བྱ་བཏོན།
ཚང་འཛོམས་གྲོས་ཚོགས་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མགོ་འཛིན་གནང་བ་དང་། ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་གིས་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་དགོངས་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཡང་བསྐྱར་བརྒྱུད་སྒྲོག་གནང་བ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཁྲེང་ཧྲུའུ་ཧྲན་དང་ཁུལ་ཨུའི་རྒྱུན་ཨུ་ཅིན་ཡུང་ཅེ། ཧྥན་རུན་ཡོན། ཀྲང་ཧྥེང་། ལན་ཧྲེང་ཧྥེང་། ཡོན་ཡུས་ལུང་། སི་ཅི་ཧྲེང་བཅས་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།
ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་གིས་གཏམ་བཤད་གནང་བཞིན་པ།
ཚོགས་འདུའི་སྟེང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལམ་བུ་གསར་བར་བསྐྱོད་པ་དང་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་ལ་དཔུང་བསྐྱོད་བྱེད་པའི་གནད་འགག་གི་དུས་སྐབས་སུ་འཚོག་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་ཞིང་ཕྱོགས་ཡོངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ལག་བསྟར་བྱས་ཏེ། རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབ་ལ་དབྱེ་ཞིབ་བྱས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་བརྗོད་བྱ་བཏོན་པ་དང་། འདས་ཟིན་པའི་ལོ་ལྔའི་བྱ་བ་ལ་ཕྱོགས་བསྡོམས་དང་དུས་རབས་གསར་བའི་ལོ་བཅུ་ཡི་རླབས་ཆེའི་འཕོ་འགྱུར་ལ་ཕྱིར་དྲན་བྱས་ནས། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་དབྱེ་མཚམས་གསར་བ་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དང་ངོ་བོའི་བླང་བྱ་སོགས་གནད་དོན་གལ་ཆེན་ལ་འགྲེལ་བཤད་བྱས་པ་དང་། མ་འོངས་པའི་ལོ་ངོ་ལྔའམ་དུས་ཡུན་རིང་བོ་ཞིག་གི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སོ་སོའི་འཕེལ་རྒྱས་ཀྱི་དམིགས་འབེན་འགན་འཁྲི་དང་སྲིད་ཕྱོགས་བཅས་ལ་འཐབ་ཇུས་ཀྱི་འཆར་འགོད་བྱས། “གནས་ལྔ་གཞི་གཅིག”གི་སྤྱིའི་ཇུས་གཞི་ལ་གཅིག་བསྡུས་སྐུལ་འདེད་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་ཀྱི་མཐུན་སྦྱོར་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས། དེ་ནི་ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཡོངས་ཀྱིས་དུས་རབས་གསར་བའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་བར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་བ་ལེན་པ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་ཀྲུང་གོའི་རྣམ་པ་ཅན་གྱི་དུས་རབས་གསར་བ་ཅན་གྱིས་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཡང་བསྐྱར་བརྒྱུད་སྒྲོག་བྱས།
ཚོགས་འདུས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་བར་འཐབ་ཇུས་བཏོན་ཞིང་། གསར་སྐྲུན་རང་བཞིན་དང་ཚབ་མཚོན་རང་བཞིན་གྱི་བསམ་བློ་གལ་ཆེན་དང་ལྟ་བ་གལ་ཆེན། འཐབ་ཇུས་གལ་ཆེན་དང་ཇུས་གཞི་གལ་ཆེན་བཏོན་ནས་དུས་རབས་གསར་བའི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བོ་བསྟན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གྱི་དོན་སྙིང་གལ་ཆེན་དང་བསམ་བློའི་ངོ་བོ། ནང་དོན་དང་ལག་ལེན་གྱི་བླང་བྱ་བཅས་ལ་ངེས་ཤེས་བསྐྱེད་ནས་སློབ་སྦྱོང་ལག་ལེན་དུ་བསྟར་བ་དང་བསམ་སྦྱོར་གཅིག་མཐུན་ཡོང་པ། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་རང་གི་བསམ་བློ་དང་ལག་ལེན་དུ་བསྒྱུར་ནས། “གཏན་འཁེལ་གཉིས”དང“སྲུང་སྐྱོང་གཉིས”ཀྱི་གལ་ཆེའི་དགོངས་དོན་ལ་ངེས་ཤེས་གཏིང་ཟབ་བསྐྱེད་དགོས་ལ། དུས་སྐབས་གསར་བའི་རྒྱང་ལམ་གསར་བའི་སྟེང་ཏང་དང་རྒྱལ་ཁབ་ཀྱི་ཁེ་ཕན་གཙོ་བ་དེ་གང་ཡིན་པ་དང་གང་ཞིག་ནི་བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོབ་བྱེད་དགོས་པའི་ལང་ཕྱོགས་ཡིན་པ་ལ་ངེས་ཤེས་གཏིང་ཟབ་བསྐྱེད་དགོས། སྲོག་ཤིང་ལ་སྲུང་སྐྱོང་དང་མཐའ་གཅིག་ཏུ་ཏང་ཀྲུང་དབྱང་གི་དགོངས་པ་དང་ལེན་དང་ཏང་ཀྲུང་དབྱང་གི་ཐག་བཅད་ལ་ལག་བསྟར། ཏང་ཀྲུང་དབྱང་གི་དམ་བཀག་ལ་མི་བྱེད་པ། དུས་དང་རྣམ་པ་ཀུན་ཏུ་ཆབ་སྲིད་ཀྱི་ལང་ཕྱོགས་དང་ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་ལམ་བུ་དེ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོ་བའི་གཅིག་གྱུར་ཡོང་དགོས། ཚོགས་ཆེན་གྱི་བརྗོད་དོན་ལ་ངེས་ཤེས་བསྐྱེད་པའི་གོ་རིམ་ཁྲོད་ཁ་ཕྱོགས་འཚོལ་དགོས། དུས་རབས་གསར་བའི་རྒྱང་ལམ་གསར་བའི་སྟེང་བློ་བརྟན་འགྱུར་མེད་ཀྱིས་བསམ་བློ་གཅིག་གྱུར་དང་ཁ་ཕྱོགས་གསལ་བོ། ངར་ཤུགས་ཆེར་བསྐྱེད་ཀྱིས་གོམ་གང་མདུན་སྤོས་སྒོས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཀྱི་སྲིད་དོན་དང་འཐབ་ཇུས་ཀྱི་ལོ་རྒྱུས་གཏན་ཚིགས་དང་གཞུང་ལུགས་གཏན་ཚིགས། ལག་ལེན་གཏན་ཚིགས་བཅས་ལ་གོ་བ་གཏིང་ཟབ་ལེན་དགོས། སྔར་ལས་ལྷག་པའི་སྒོ་ནས་རང་རྟོན་བཞི་ལ་སྲ་བརྟན་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་གནས་བབ་གསར་བ་བཏོད་པ། འདས་ཟིན་པའི་ལོ་ངོ་ལྔའི་བྱ་བ་དང་དུས་རབས་གསར་བའི་ལོ་ངོ་བཅུ་ཡི་རླབས་ཆེན་འཕོ་འགྱུར་ལ་ཡིད་ཆེས་བརྟན་པོ་བྱས་ཏེ། དུས་རབས་གསར་བའི་རྒྱང་ལམ་གསར་བའི་སྟེང་ལོ་རྒྱུས་ཀྱི་རང་རྟོན་དང་ལོ་རྒྱུས་ཀྱི་རང་འགུལ་ཇེ་བརྟན་དུ་བཏང་ནས། གོམ་གང་མདུན་སྤོས་ཀྱིས་རང་རྟོན་དང་ཆོད་སེམས་བསྐྱེད་དེ། སྔར་མེད་ཀྱི་འབད་འཐབ་དང་ཧུར་བརྩོན་གྱིས་མུ་མཐུད་དུ་མཚོ་ལྷོའི་བྱ་བཞག་མཐའ་དག་ལ་ཡར་རྒྱས་གསར་བ་དང་འཕེལ་རྒྱས་གསར་བ་ལེན་དགོས།
མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གནས་སྟངས་གསར་བ་རྒྱ་བསྐྱེད་བྱེད་པའི་ཁྲོད་ནས་བློ་གྲོས་ཀྱི་སྟོབས་ཤུགས་བསྡུ་ལེན་ལ་གོ་བ་ཟབ་མོ་ལེན་པ་དང་། དུས་རབས་གསར་བའི་རྒྱང་བསྐྱོད་ཀྱི་ལམ་བུར་རིགས་པའི་གཞུང་ལུགས་རྒྱུན་འཁྱོངས་བྱས་ཏེ། ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་བྱེད་པའི་གནས་ལུགས་དང་རིག་པའི་མཚན་ཉིད་ལ་གོ་བ་ཟབ་མོ་བླངས་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཁྲོད་ནས་བློ་གྲོས་ཀྱི་སྟོབས་ཤུགས་རྒྱུན་ཆད་མེད་པར་བསྡུ་ལེན་བྱེད་པ། “ངེས་པར་དུ་བསྒྲུབ་པ་དྲུག”གི་ལྟེ་བའི་ནང་དོན་དང་ལག་ལེན་གྱི་བླང་བྱ་ཁོང་དུ་ཆུད་པར་བྱས་ཏེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དེ་ཁུལ་ཡོངས་ཀྱི་བྱ་བའི་ཕྱོགས་གང་ཅིའི་བརྒྱུད་རིམ་ཧྲིལ་བོར་དོན་འཁྱོལ་ཡོང་བར་འབད་དགོས། དུས་རབས་གསར་བའི་རྒྱང་བསྐྱོད་ལམ་བུའི་ཀྲུང་གོ་གུང་ཁྲན་ཏང་གི་ལས་འགན་དང་ལས་འགན་ཁྲོད་ཀྱི་དམིགས་འབེན་གསལ་བོའི་ཁ་ཕྱོགས་ལ་གོ་བ་ཟབ་མོ་ལེན་པ་དང་། དུས་རབས་གསར་བའི་རྒྱང་བསྐྱོད་ལམ་བུར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་དང་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་བཀོད་འདོམས་ཀྱི་འབྲེལ་བ་འཛིན་སྟངས་ཁོང་དུ་ཆུད་པར་བྱ་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ངོ་བོའི་བླང་བྱ་དེ“དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་བའི”འཛུགས་སྐྲུན་དང“མཚོ་ལྷོ་དྲུག”གི་འཛུགས་སྐྲུན་གྱི་ཞིབ་ཕྲའི་ལག་ལེན་ཁྲོད་དོན་འཁྱོལ་ཡོང་བར་བྱ་དགོས། དམིགས་ཚད་ཀྱི་ཁ་ཕྱོགས་ཁ་གསལ་བཟོ་བ། རང་འགུལ་གྱིས་འགྱུར་ལྡོག་ལ་གཞིགས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་ཁྲོད་མཚོ་ལྷོའི་འགན་འཁྲི་ཕྲག་ཏུ་འཁུར་ནས་བྱས་རྗེས་འཇོག་པར་ནུས་ཤུགས་ཡོད་རྒུ་འདོན་དགོས། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱ་རྒྱུའི་བཀོད་འདོམས་གལ་ཆེན་ཁྲོད་ཀྱི་ལག་ལེན་གྱི་ཐབས་ལམ་བཙལ་བར་གོ་བ་ཟབ་མོ་ལེན་པ་དང་། དུས་རབས་གསར་བའི་རྒྱང་བསྐྱོད་ལམ་བུར་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་གཏན་ལ་ཕབ་པའི་དམིགས་འབེན་དང་ལས་འགན་ཚད་མར་འཛིན་པ། ཚན་རྩལ་གྱི་ཐོན་སྐྱེད་ནུས་ཤུགས་དང་པོ་དང་ཤེས་ལྡན་མི་སྣའི་ཐོན་ཁུངས་དང་པོ། གསར་གཏོད་གྱི་སྒུལ་ཤུགས་དང་པོ་བཅས་ལ་རྒྱུན་འཁྱོངས་དང་། ལག་ལེན་དོན་འཁྱོལ་མཐར་ཕྱིན་བྱེད་པར་སྐུལ་འདེད་གཏོང་བའི་ཐབས་ལམ་དང་བྱེད་ཐབས་ཞིབ་ཕྲ་ནོར་འཁྲུལ་མེད་པར་འཚོལ་བར་འབད་དེ། དངོས་གནས་དྲང་གནས་ཀྱི་བྱ་བའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་མཚོ་ལྷོ་རུ་རྩ་བ་ཚུགས་པ་ནས་་འབྲས་བུ་ཐོན་པར་སྐུལ་འདེད་གཏང་དགོས། ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུའི་བཀོད་འདོམས་གལ་ཆེན་ཁྲོད་ཀྱི་ཏང་འཛུགས་དགོངས་དོན་ལ་གོ་བ་ཟབ་མོ་ལེན་པ་དང་། དུས་རབས་གསར་བའི་རྒྱང་བསྐྱོད་ལམ་བུར་ཁྱོན་ཡོངས་ནས་དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་སྤྱིའི་བླང་བྱ་ལག་ལེན་དོན་འཁྱོལ་བྱས་ནས། ནན་མོ་བྱ་རྒྱུ་དང་ཏན་ཏིག་བྱ་རྒྱུ། དོན་དངོས་ཡོང་རྒྱུའི་རྩ་བ་དེར་དུས་ནམ་ཡང་དམ་འཛིན་བྱེད་པ། བསམ་བློར་གནོན་ཤུགས་སྣོན་པ་དང་བྱ་སྤྱོད་ལའང་ཤུགས་སྣོན་པ་བཅས་བྱས་ཏེ། ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་རྒྱུར་ལྷོད་པ་མེད་པར་སྐུལ་འདེད་གཏང་དགོས། དཀའ་ཉེན་གྱི་འདུ་ཤེས་ཆེ་རུ་ཏན་ཏིག་གཏོང་བ་དང་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བྱེད་པ། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་དང་མཐུན་སྒྲིལ་འབད་འཐབ་མཐའ་འཁྱོངས་བྱེད་པ། དཀའ་ངལ་ལ་མི་འཛེམ་པར་མདུན་དུ་བསྐྱོད་པ་བཅས་བྱས་ཏེ། མདུན་བསྐྱོད་ཀྱི་ལམ་བུར་དཀའ་ངལ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་གང་ཐུབ་བྱས་ནས་བྱ་གཞག་འཕེལ་རྒྱས་གཏོང་བར་ནུས་ཤུགས་ཡོད་རྒུ་འདོན་དགོས།
ཚོགས་འདུ་ལས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་དོན་འཁྱོལ་བྱེད་པ་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན། ཞིང་ཆེན་དང་རང་སྐྱོང་ཁུལ་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུར་ཟུང་འབྲེལ་བྱས་ཏེ། ཁྱོན་ཡོངས་ནས་སློབ་སྦྱོང་དང་དམ་འཛིན། དོན་འཁྱོལ་བཅས་བྱེད་པའི་ཐད་ལ་ཤུགས་བརྒྱབ་སྟེ་སློབ་སྦྱོང་གི་ཕན་འབྲས་དེ་བཅོས་སྒྱུར་འཕེལ་རྒྱས་ཀྱི་བསམ་ཕྱོགས་བྱེད་ཐབས་དང་ཡིད་ཆེས་ཀྱི་སྒུལ་ཤུགས་སུ་འགྱུར་བར་འབད་བརྩོན་བྱ་དགོས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པར་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ཏེ། “རྒྱལ་ཁབ་ཀྱི་དོན་ཆེན”གྱི་འགན་ཕྲག་ཏུ་འཁུར་ནས་ཕན་འབྲས་ཐོན་པར་བྱ་དགོས། འཕེལ་རྒྱས་ཡོད་ཚད་ཀྱིས་སྐྱེ་ཁམས་དང་ལྗང་མདོག་འཕེལ་རྒྱས་ལ་སྲུང་སྐྱོབ་བྱེད་པའི་དོན་སྙིང་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། ཞིང་ཆེན་ཡོངས་ཀྱི་ཐཱན་རྩེར་སོན་ཐཱན་ཁྲོད་ཀྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་འཛུགས་བྱ་བར་རམ་འདེགས་དང་སྐུལ་འདེད་གཏོང་བ། རྒྱུན་རྣམ་ཅན་གྱིས“དག་གཙང་གི་མཚོ་ལྷོའི”བྱ་སྤྱོད་སྤེལ་བ་བཅས་བྱས་ཏེ། དྭངས་ཤིང་གཙང་བའི་མཚོ་སྔོན་པོ་དང་རྨ་ཆུ་དུས་ནམ་ཡང་མཛེས་སྡུག་ལྡན་པའི་མཚོ་སྔོན་དང་དག་གཙང་མཚོ་ལྷོའི་མིང་བྱང་དུ་འགྱུར་བར་འབད་དགོས། “ས་ཁུལ་བཞིའི”ཐོན་ལས་འཛུགས་སྐྲུན་བྱ་རྒྱུར་རྒྱུན་འཁྱོངས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཕན་འབྲས་ལེན་པ།མགྱོགས་མྱུར་གྱིས་མཚོ་ལྷོའི་ཁྱད་ཆོས་ཐོན་པ་དང་ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་བྱེད་པའི་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་པ། ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་སུ་གཏོང་རྒྱུ་ཁྲིད་སྟོན་དུ་བྱེད་པ། རིག་གནས་ཡུལ་སྐོར་དང་དེང་རབས་ཞབས་ཞུའི་ལས་རིགས། དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས། གཞི་གྲངས་ཆེན་མོ་སོགས་ཀྱི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ནུས་རྒྱུ་གསར་བ་འཛུགས་སྐྲུན་དང་ལྗང་མདོག་གློག་གཏོང་ལ་བརྟེན་ནས་བསྡུ་ཉར་གཙང་སེལ་བྱ་རྒྱུ་གཙོ་བོར་འཛིན་པ། ཐོན་ལས་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་བ། ནུས་རྒྱུ་གཙང་མ་གསར་བ་རྒྱ་བསྐྱེད་དང་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ཏེ་སྐྱེ་ཁམས་རིན་ཐང་དེ་དཔལ་འབྱོར་གྱི་ལེགས་ཆར་འགྱུར་རྒྱུར་སྐུལ་འདེད་གཏང་དགོས། སྒྱུར་བཅོས་ཟབ་མོ་བྱ་རྒྱུར་གཡོ་འགུལ་མི་གཏོང་བ་དང་གསར་གཏོད་འཕེལ་རྒྱས་ཐད་ཕན་འབྲས་ཐོན་པར་བྱེད་པ། འགག་རྩའི་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། ས་ཁོངས་བརྒལ་བའི་འཐབ་ཇུས་མཉམ་ལས་དང་དཔལ་འབྱོར་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ཁྱོན་ཡོངས་ནས་ཁ་གཏད་རོགས་སྐྱོར་ལས་དོན་ལ་ཤུགས་སྣོན་རྒྱག་པ། ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་གྱི་བགྲོད་ལམ་ཤར་གཏོང་བྱེད་པ། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ། ཁྲོམ་ར་ཁག་གི་བྱེད་པོ་ཕན་ཚུན་འགྲན་རྩོད་ཀྱིས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ལྕག་གཏོང་བ་བཅས་བྱ་དགོས། མི་རིགས་མཐུན་སྒྲིལ་ལ་གཡོ་འགུལ་མི་གཏོང་བ་རྒྱུན་འཁྱོངས་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་ཐད་ཕན་འབྲས་ཐོན་པར་བྱ་དགོས། ཏང་གི་མི་རིགས་སྲིད་ཇུས་དང་དུས་རབས་གསར་བའི་བོད་སྐྱོང་འཐབ་ཇུས། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་བཅས་ལ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་བོར་འཛིན་པ། གཟུགས་ལྡན་དང་ཚོར་སྣང་། ཕན་ནུས་ལྡན་པ་བཅས་ཀྱི་སྒོ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་གཏོད་པའི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དང་མཐོར་འདེགས་སུ་ཡོང་བར་བྱེད་པ། མཐུན་སྒྲིལ་དང་མཉམ་འབྲེལ་རྒྱུན་འཁྱོངས་བཅས་བྱས་ཏེ་མཐུན་སྒྲིལ་འབད་འཐབ་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་གང་ཐུབ་བྱ་དགོས། མི་དམངས་གོང་བཀུར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་ཐུན་མོང་གིས་ཕྱུག་པོར་འགྱུར་བར་ཕན་འབྲས་ཐོན་པར་བྱ་དགོས། ཞིང་ཕྱུགས་ལས་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་ཡོང་བར་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། མང་ཚོགས་ཀྱི་ལས་ཞུགས་དང་ཡོང་འབབ་བགོ་བཤའ། སྡོད་ཁང་། རྒན་གསོ། བཟའ་བཅའི་བདེ་འཇགས་སོགས་ཐད་ཀྱི་གནད་དོན་སྤྱི་འདོམས་ཐག་གཅོད་ཡག་པོ་བྱེད་པ། ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རིག ངལ་རྩོལ་བཅས་ཕྱོགས་ཡོངས་ནས་གསོ་སྐྱོང་བྱེད་པའི་སློབ་གསོའི་མ་ལག་འཐུས་ཚང་དུ་གཏོང་བ། “བདེ་ཐང་གི་མཚོ་སྔོན། བདེ་སྐྱིད་ཀྱི་མཚོ་ལྷོའི”བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་པ་བཅས་ཀྱི་ཐོག་ནས་མི་རིགས་སོ་སོའི་མང་ཚོགས་ཐུན་མོང་སྒོས་ཕྱུག་འགྱུར་ལམ་དུ་བསྐྱོད་པར་སྐུལ་འདེད་ནན་མོ་བྱ་དགོས།
ཏང་ནན་གྱིས་ཏང་སྐྱོང་ལ་གཡོ་འགུལ་མི་གཏོང་བར་མཐའ་འཁྱོངས་བྱས་ནས་རང་ངོས་ནས་གསར་བརྗེ་ལ་སྐུལ་འདེད་གཏོང་བའི་ཐད་ཕན་འབྲས་ཐོན་ཡོད། ཏང་འཛུགས་སྐྱོང་བྱེད་པའི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་དུ་བཏང་ནས་དུས་རབས་གསར་བའི་ཏང་སྐྱོང་གི་ལས་གཞི་རླབས་པོ་ཆེར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། གཞི་རིམ་ལ་དམ་འཛིན་ཤུགས་ཆེན་བྱེད་པའི་ཁྲིད་ཕྱོགས་གསལ་བོ་མཐའ་འཁྱོངས་བྱེད་པ། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་བ། “ངེས་པར་དུ་བྱ་དགོས་པ་གསུམ”ཡིད་ལ་བརྟན་པོར་འཆང་བ་དང་སྤྱོད་ཚུལ་ལེགས་པོ་རྒྱུན་འཁྱོངས་བྱེད་པ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྙིང་སྟོབས་ལ་སྐུལ་འདེད་བཅས་བྱས་ཏེ་བྱས་རྗེས་འཇོག་པའི་སྙིང་རུས་དང་སེམས་ཤུགས་བརྟན་པོ་ཡོང་བར་རྒྱུན་འཁྱོངས་བྱས་ནས་ཁྱོན་ཡངས་པའི་གུང་ཧོ་གཤོངས་ས་དར་རྒྱས་ཡོང་བར་སྐུལ་འདེད་བཏང་སྟེ་རྩ་འཛུགས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱ་དགོས།
ཚང་འཛོམས་གྲོས་ཚོགས་སྟེང་གྲོས་འཆམ་བྱུང་བའི«ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་གཏིང་ཟབ་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་བརྡ་ཐོའི»ནང་ཆབ་སྲིད་ཀྱི་ལངས་ཕྱོགས་ཇེ་བརྟན་བཏང་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ། ལྟེ་བའི་དོན་སྙིང་ཁོང་དུ་ཆུད་པར་བྱས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་སློབ་སྦྱོང་དང་གོ་བ་ཡང་དག་ལེན་པ། སློབ་སྦྱོང་དང་བསམ་བློ་གཏོང་བ། ལག་ལེན་དང་གོ་རྟོགས་འཕེལ་བ་བཅས་བྱ་རྒྱུ་དམ་འཛིན་ལེགས་པོ་བྱས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་པར་འབད་བརྩོན་བྱས་ཏེ་ཏང་གི་ཐབས་ཇུས་བཀོད་སྒྲིག་ཁག་ཉི་ཤུ་པོ་དེ་ཁྱོན་ཡངས་པའི་གུང་ཧོ་གཤོངས་ས་དར་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ་དང་རྩ་འཛུགས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་ཕྱོགས་ལྔའི་ཐད་ནས་ཁོང་དུ་ཆུད་པར་བྱས་པ་བརྒྱུད་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དོན་འཁྱོལ་བྱ་རྒྱུར་བཀོད་སྒྲིག་བྱ་དགོས།
ཚང་འཛོམས་གྲོས་ཚོགས་ལས་བླང་བྱ་བཏོན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་བྱ་རྒྱུ་དེ་མིག་སྔར་དང་མ་འོངས་པའི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩི་དགོས་ལ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་བླངས་ནས་བློ་བརྟན་འགྱུར་མེད་ཀྱིས“གཏན་འཁེལ་གཉིས”ལ་བརྩི་སྲུང་བྱས་ནས“སྲུང་སྐྱོང་གཉིས”རྒྱུན་འཁྱོངས་བྱེད་པ། བློ་བརྟན་འགྱུར་མེད་ངང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གྱིས་བསམ་བློའི་གོ་རྟོགས་ཇེ་མཐོར་གཏོང་བ་དང་ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དཔའ་ངར་ཆེར་བསྐྱེད་ཀྱིས་བསམ་བློའི་འཁྱེར་ཕྱོགས་དང་བྱ་བའི་སྤྱོད་ཚུལ་དེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་བཏོན་པའི་དམིགས་ཚད་ལས་འགན་དང་མཐུན་པར་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དེ་རང་ཁུལ་དུ་རྩ་བ་རྒྱས་ནས་འབྲས་བུ་ཐོན་རྒྱུར་འགན་ལེན་བྱ་དགོས། ཁྱོན་ཡོངས་ནས་སློབ་སྦྱོང་བྱེད་པའི་སྙིང་སྟོབས་དར་སྤེལ་དུ་གཏོང་དགོས། རང་འགུལ་ངང་སློབ་སྦྱོང་བྱེད་པ་དང་བརྩེ་སེམས་བཅངས་ནས་སློབ་སྦྱོང་བྱེད་པ།འབད་བརྩོན་ལྷོད་མེད་ངང་སློབ་སྦྱོང་བྱེད་པ། རིགས་པའི་གཞུང་ལུགས་ཐད་ཀྱི་ཆབ་སྲིད་ཐད་ཀྱི་ལངས་ཕྱོགས་བཅས་ལ་སློབ་སྦྱོང་བྱ་དགོས་ལ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་བརྟེན་ནས་ཁུལ་ཡོངས་ཀྱི་མི་རིགས་སོ་སོའི་ལས་བྱེད་མང་ཚོགས་ལ་བསམ་བློའི་དྲག་ཆས་སྤྲས་པ་བཅས་བྱས་ཏེ་གུང་ཧོ་གཤོངས་སའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཁྱོན་ཡོངས་ནས་དོན་དངོས་ཁོང་དུ་ཆུད་པར་འབད་བརྩོན་བྱ་དགོས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གྱི་ངོ་བོར་ཁྱོན་ཡོངས་ནས་གོ་བ་བླངས་ཏེ་ཆབ་སྲིད་ཀྱི་མཐོ་ཚད་དང་སློབ་སྦྱོང་གི་གཏིང་ཚད། བསམ་གཞིགས་ཀྱི་བདེན་ཚད། དོན་འཁྱོལ་བྱེད་ཤུགས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་ཁ་ཕྱོགས་སྔར་ལས་ཁ་གསལ་བོ་དང་ཆོད་སེམས་སྔར་ལས་བརྟན་པོ། བྱ་ཐབས་སྔར་ལས་ནུས་ལྡན་ཡོང་བ་བཅས་ཀྱི་སྒོ་ནས་མཚོ་ལྷོའི་བྱ་གཞག་མདུན་བསྐྱོད་བྱེད་པར་ཐབས་ཇུས་ལེགས་པོ་འདོན་སྤྲོད་བྱ་དགོས། ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པར་སྐུལ་འདེད་དང་ཤུགས་སྣོན་རྒྱག་དགོས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་སྤྱི་ཁྱབ་ཧྲུའུ་ཅིས་མཚོ་སྔོན་གྱི་ལས་དོན་ལ་བཏོན་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་། ཞིང་ཆེན་དང་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བའི་བྱ་བའི་བཀོད་སྒྲིག་དོན་འཁྱོལ་བྱེད་པ་བཅས་ཟུང་འབྲེལ་བྱས་ནས། གོམ་གང་མདུན་སྤོས་ཀྱིས་རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་པ་དང་བཙུགས་ནས་འཐུས་ཚང་དུ་གཏོང་བ། ཁྱོན་ཡངས་པའི་གུང་ཧོ་གཤོངས་སའི་དར་རྒྱས་ལ་སྐུལ་འདེད་གཏོང་བའི་བསམ་ཕྱོགས་དང་བྱ་ཐབས་སྔར་ལས་ཇུས་འགོད་བྱས་ཏེ་སྐྱེ་ཁམས་དཔལ་ཡོན“མཐོ་ས”ལེགས་པར་བཏོད་པ་དང་། དེ་མིན་ཐོན་ལས་ཀྱི“ས་ཁུལ་བཞི”འཛུགས་སྐྲུན་བྱེད་པ་དང་དམངས་འཚོ་འགན་ལེན་ཇེ་ལེགས་སུ་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ལ་ཤུགས་སྣོན་བརྒྱབ་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དོན་འཁྱོལ་དང་ཕན་འབྲས་ཐོན་པར་འགན་ལེན་བྱ་དགོས།
གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ད་ལོ་ནས་བཟུང་རྙོག་འཛིང་ཆེ་ཞིང་ཛ་དྲག་ཆེ་བའི་རིམས་ནད་ཀྱི་རྐྱེན་གྱིས་ང་ཚོས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཤིང་། མི་དམངས་དང་ཚེ་སྲོག་ནི་བླ་ན་མེད་པ་ཡིན་པ་བློ་བརྟན་འགྱུར་མེད་ཀྱིས་རྒྱུན་འཁྱོངས་བྱས་ནས། “ཕྱི་འགོག་ནང་འདྲེན། ནང་འགོག་ལྡོག་འཕར”གྱི་སྤྱིའི་ཐབས་ཇུས་དང “འགུལ་རྣམ་གཙང་མ”ཞེས་པའི་སྤྱིའི་བྱེད་ཕྱོགས་བློ་བརྟན་འགྱུར་མེད་ཀྱིས་ལག་ལེན་མཐར་ཕྱིན་བྱ་དགོས་ལ། “རིམས་ནད་བྱུང་ཚུལ་འགོག་ཐུབ་པ་དང་དཔལ་འབྱོར་བརྟན་པོ་ཡོང་ཐུབ་པ། འཕེལ་རྒྱས་གཏོང་བར་བདེ་འཇགས་ཡོང་བ”བཅས་བྱ་དགོས་པའི་བླང་བྱ་གལ་ཆེན་ལ་གཞིགས་ནས། བསམ་བློའི་སྟེང་གཙོ་བོར་འཛིན་པ་དང་བྱེད་ཐབས་སྟེང་ཞིབ་ཕྲར་གཏོང་བ། འགན་འཁྲིའི་སྟེང་དོན་འཁྱོལ་བྱེད་པ་བཅས་བྱས་ཏེ། མགྱོགས་མྱུར་ངང་རིམས་ནད་བྱུང་ཚུལ་ཐག་གཅོད་བྱེད་པ་དང་ལོ་ཧྲིལ་བོའི་དམིགས་ཚད་ལས་འགན་ཞིབ་བསྡུར་བྱས་དང་སེམས་ཤུགས་ཡོད་རྒུས་ལོ་ཧྲིལ་བོའི་དམིགས་ཚད་མངོན་འགྱུར་ཡོང་བར་བརྩོན་ལེན་བྱས་ནས་བྱ་བའི་གྲུབ་འབྲས་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པར་ཕན་འབྲས་ཐོན་པར་བྱ་དགོས།
གྲོས་ཚོགས་ལས་དུས་རབས་གསར་བའི་རྒྱང་བསྐྱོད་ཀྱི་དུང་བརྡ་ཀྲུང་གོའི་ས་གཞི་ཆེན་པོར་གྲགས་པ་དང་དེང་རབས་ཅན་གྱི་འོད་ཟེར་ལྡན་པའི་མདུན་ལམ་གྱིས་མི་རིགས་ཁག་གི་བུ་ཕྲུག་ལ་སྐུལ་མ་ཐེབས། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལྟེ་བར་འཛིན་པའི་ཏང་ཀྲུང་དབྱང་ལ་གཞི་བཅོལ་ནས་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་ནན་མོ་བྱས་ནས་རྡོག་རྩ་གཅིག་སྒྲིལ་གྱིས་མདུན་ཕྱོགས་སུ་ལྟ་བ་དང་སེམས་ཤུགས་གཅིག་སྒྲིལ་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཁྱོན་ཡོངས་ནས་གུང་ཧོ་གཤོངས་ས་དར་རྒྱས་ཡོང་བར་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ། “དེང་རབས་ཅན་གྱི་མཚོ་སྔོན་གསར་བ་དྲུག”མགྱོགས་མྱུར་གྱིས་འཛུགས་སྐྲུན་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱེད་པའི་ཆེད་དུ་མཐུན་སྒྲིལ་འབད་བརྩོན་བྱ་དགོས་པའི་འབོད་སྐུལ་བཏང་།
ཁུལ་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་ཚོགས་འདུར་ཞུགས་པ་དང་། ཁུལ་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་གྱི་ཁུལ་མི་དམངས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཁོངས་མི། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ། ཁུལ་སྲིད་གྲོས་ཏང་ཙུའུ་ཡི་ཁོངས་མི་བཅས་མིན་པ། ཁུལ་སྲིད་གཞུང་གི་དྲུང་ཡིག་དང་གཞུང་ལས་ཁང་གི་ཀྲུའུ་རེན། ཁུལ་ཨུའི་དྲུང་ཡིག་གཞོན་པ། གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ། ཁུལ་ཨུའི་འབྲེལ་ཡོད་པུའུ་ཨུའི་འགན་འཁུར་བློ་མཐུན། ཁུལ་ཐད་གཏོགས་ལས་ཁུངས་དང་ཚན་ཁག་གཅིག་གི་ཏང་ཙུའུ(ཏང་ཨུ)ཡི་འགན་འཁུར་བློ་མཐུན་གཙོ་བོ། རང་ཁུལ་གྱི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མི་བཅས་ཚོགས་འདུར་ཟུར་ཞུགས་གནང་བ་རེད།
འབྲེལ་ཡོད་འོས་སྦྱོར།