logo

ལིས་ཀང་གིས“མི་བྱེད་པ་བཞི་དང་ཐད་ཀར་གཉིས”ཀྱི་བྱེད་ཐབས་སྤྱད་དེ་རིམས་འགོག་བྱ་བར་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར། དུས་ཚོད།:2022-11-21 ཀློག་གྲངས།:
       ཉེ་སྔོན། ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་གིས“མི་བྱེད་པ་བཞི་དང་ཐད་ཀར་གཉིས”ཀྱི་བྱེད་ཐབས་སྤྱད་དེ་གུང་ཧོ་རྫོང་གི་འགྲིམ་འགྲུལ་འགག་མདོར་རིམས་འགོག་ཞབས་ཞུའི་ས་ཚིགས་དང་ཉིང་སྐྱུར་བརྟག་དཔྱད་བྱེད་ས། གྲོང་མིའི་སྡོད་ཁུལ། ཟ་ཁང་། སྨན་ཚོང་ཁང་། ཚོང་ཁང་བཅས་དང་ཉེན་ཁ་ཆེ་བའི་ཁུལ་གྱི་མཐའ་སྐོར་དུ་རིམས་འགོག་བྱ་བར་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱེད་པར་ཕྱིན་པ་རེད། མཚོ་ལྷོའི་དོན་དངོས་ལ་གཞི་ཚུགས་ཏེ་རིམས་འགོག་བྱ་བ་སྔར་ལས་ཇེ་ལེགས་སུ་གཏོང་བའི་བྱ་ཐབས་དོན་ཚན་ཉི་ཤུ་ཆ་ཚང་གནད་ལ་འཁེལ་བ་དང་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་མཐའ་འཁྱོངས་དང་ཕྱི་ནས་ནང་འདྲེན་དང་ནང་ནས་བསྐྱར་ལོག་སྔོན་འགོག་བྱ་རྒྱུ་མཐའ་འཁྱོངས་ཀྱིས་འགུལ་རྣམ་གཙང་སེལ་ལ་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས། སྔོན་འགོག་ཚོད་འཛིན་གྱི་ཚན་རིག་རང་བཞིན་དང་གནད་ལ་འཁེལ་བའི་རང་བཞིན་སྔར་ལས་ཆེ་རུ་བཏང་ནས“བཀག་རྒྱ་མེད་པར་བཟོ་བ”དང“བཀག་རྒྱ་མེད་པར་བཟོ་བ”དངོས་ནས་བསྒྲུབ་དགོས།
       གུང་ཧོ་རྫོང་ཆབ་ཆ་གྲོང་རྡལ་བདེ་སྐྱིད་ཐང་མྱུར་བགྲོད་གཞུང་ལམ་གྱི་ཕྱིར་གཏོང་དང་ཞིང་ཁ་ནུབ་སྡེ་མྱུར་བགྲོད་གཞུང་ལམ་གྱི་ཕྱིར་གཏོང་རིམས་འགོག་ཞབས་ཞུའི་ས་ཚིགས་སུ་གུང་ཧོ་རྫོང་ནས་ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་རླངས་འཁོར་དང་མི་སྣའི་གནས་ཚུལ་རྒྱུས་ལོན་ཞིབ་ཕྲ་བྱས་པ་དང་། ལས་འགན་སྒྲུབ་མཁན་དང་དངོས་ཟོག་འདྲུད་འཐེན་བྱེད་མཁན་ཁེ་ལས་ཀྱི་འགན་འཁུར་བློ་མཐུན་ལ“བྱ་ཐབས་དོན་ཚན་ཉི་ཤུ”ལག་བསྟར་བྱས་རྗེས་ཀྱི་འགྱུར་ལྡོག་རྒྱུས་ལོན་བྱས་པ་དང་རིམས་འགོག་ཚོད་འཛིན་ཇེ་ལེགས་སུ་གཏོང་རྒྱུའི་གྲོས་མགོ་བསྡུ་ལེན་གནང་ནས་ཚང་མར་རང་ངོས་ཀྱི་འགོག་སྲུང་ཡག་པོ་བྱེད་པའི་རྨང་གཞིའི་སྟེང་ཐོག་ཉེན་ཁ་ཆེ་བའི་ས་ཁུལ་ནས་ཡོང་བའི་མི་སྣ་དང་ཕྱིར་ཁུལ་ལ་ལོག་པའི་མི་སྣར་གྲལ་བཤེར་དང་དོ་དམ་ནན་མོ་བྱས་ཏེ། ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བའི་སྒོ་ནས་དངོས་ཟོག་བསྡུ་ལེན་དང“ཡུལ་དངོས་སུ་བརྟག་དཔྱད”བྱས་ཏེ། འགོས་ནད་འབྱུང་ཁུངས་སྔ་མོ་ནས་ཤེས་སུ་བཅུག་ནས་འགོས་ནད་མཆེད་པའི་ཐབས་ལམ་ཕན་ནུས་ལྡན་པའི་སྒོ་ནས་འགོག་པ་དང་རིམས་ནད་མཆེད་པར་སྔོན་འགོག་གང་ཐུབ་བྱ་དགོས་པའི་རེ་བ་བཏོན།
        ཤམ་བྷ་ལའི་ཏེ་ཁེ་ཧྲི་ཟ་ཁང་དང་དབྱི་ཁིང་ཡོན་སྨན་ཁང་ཆེན་མོ། གོ་རེ་ཚོང་ཁང་སོགས་སུ་ཡོང་བའི་མི་སྣར“ཨང་རྟགས་གཉིས”ཀྱི་དཔྱད་བཤེར་དང་ཆ་འཕྲིན་ཐོ་འགོད་སོགས་རིམས་འགོག་བྱེད་ཐབས་དོན་འཁྱོལ་བྱས་ཚུལ་རྒྱུས་ལོན་ཞིབ་ཕྲ་བྱས་ཏེ། ཁྱོན་ཡོངས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགན་འཁྲི་དོན་འཁྱོལ་ཡོང་བར་འབད་དགོས། གོང་འོག་ཚང་མས་བློ་སེམས་གཅིག་ཏུ་སྒྲིལ་ནས་རིམས་འགོག་ལ་འབད་བརྩོན་བྱས་ཏེ། “བྱེད་ཐབས་ཉི་ཤུ་བ”དང་ཚོང་ཁང་གཉེར་སྐྱོང་གི་དོན་དངོས་ཟུང་འབྲེལ་སྒོས“ཨང་རྟགས་གཉིས”དཔྱད་བཤེར་དང་ཡུལ་དངོས་དུག་སེལ་སོགས་ཀྱི་ལས་དོན་ནན་གྱིས་བསྒྲུབ་པ་དང་། ཚོང་ཁང་དུ་ཡོང་བའི་ཚོང་མགྲོན་གྱིས་ཁ་ཐུམ་རྒྱག་པ་དང་རང་རྟོགས་ཀྱིས་ཨང་རྟགས་བཤེར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཐོབ་དཀའ་བའི“བཀག་སྡོམ་ལྷོད་པའི”རྣམ་པ་འདིར་ཐུན་མོང་གིས་སྲུང་སྐྱོང་དང་། འཛད་སྤྱོད་ཀྱི་དགོས་མཁོ་དང་རང་ངོས་གཉེར་སྐྱོང་གི་ཡོང་སྒོ་འགན་སྲུང་ནུས་ལྡན་བྱ་དགོས་པའི་བླང་བྱ་བཏོན་ཡོད།
       མཚོ་སྔོན་པོ་ཐང་ཆེན་དང་ཤམ་བྷ་ལ་ཐང་ཆེན་གྱི་ཉིང་སྐྱུར་བརྟག་དཔྱད་ས་ཚུགས། ཅིན་ཨན་སྡོད་ཁུལ། པེ་ཅཱ་མགྲོན་ཁང་གི་ཉེན་ཁ་ཆེ་བའི་ལོགས་བཀར་ས་ཚུགས། དེ་མིན་ལས་གནས་སྲུང་ཡོད་མེད་དང་ཡུལ་དངོས་ཀྱི་སྒྲིག་སྲོལ། བརྟག་དཔྱད་སྒྲིག་བཤེར། བརྟག་དཔྱད་བྱེད་ཚད་སོགས་ལ་རྟོག་ཞིབ་བྱས་པ་མ་ཟད། དོ་དམ་མི་སྣ་དང་དམངས་ཀྱི་འཚོ་བའི་དགོས་མཁོ་ཐད་ལ་འགན་སྲུང་བྱས་པའི་གནས་བབ་ལ་རྒྱུས་ལོན་ཞིབ་མོ་བྱས་ཏེ། ཉིང་སྐྱུར་བརྟག་དཔྱད་བྱེད་པར་ཚད་ལྡན་དང་གནད་ལ་འཁེལ་དགོས་པར་རེ་བ་བཏོན། སྨན་བཅོས་མི་སྣའི་སྟོབས་ཤུགས་ལ་སྙོམས་སྒྲིག་ཡང་དག་བྱས་ནས་དུས་ཐོག་ཏུ་ཁྱོན་ཡོངས་ནས་རིམས་ནད་སྔོན་འགོག་གི་ས་ཚུགས་དང་ཉིང་སྐྱུར་བརྟག་དཔྱད་བྱེད་པའི་བྱ་བཞག་གཙིགས་སུ་བཟུང་སྟེ། ལོ་ལོན་དང་དབང་བོ་སྐྱོན་ཅན་གྱི་མི་སྣར་བརྩེ་སེམས་བཅངས་ནས་ཉིང་སྐྱུར་བརྟག་དཔྱད་བྱེད་པར་ཡོང་བར་སྟབས་མི་བདེ་ཚེ་སྒོ་ཁར་སོང་ནས་བརྟག་དཔྱད་བྱ་དགོས་ལ། མདོར་ན། རིམས་ནད་ཀྱི་དུ་སྤྲིན་མ་དྭངས་པའི་བར་དུ་ཕན་ཚུན་ལ་རོགས་འདེགས་དང་བརྩེ་སེམས་འབུལ་བ། དམངས་འཚོ་འགན་ལེན། རོགས་འདེགས་སྲུང་སྐྱོང་བཅས་བྱ་དགོས།
འབྲེལ་ཡོད་འོས་སྦྱོར།