logo

ལིས་ཀང་གིས་ཡུལ་དངོས་སློབ་ཁྲིད་བསྐྱར་གསོ་བྱེད་པའི་གྲ་སྒྲིག་གི་བྱ་བར་རྟོག་ཞིབ་མཛུབ་སྟོན་བྱས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར། དུས་ཚོད།:2022-11-22 ཀློག་གྲངས།:
       ཉེ་སྔོན། ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་གུང་ཧོ་རྫོང་ཞིང་ཁའི་བྱིས་གཉོར་ཁང་དང་གུང་ཧོ་རྫོང་མཐོ་རིམ་སློབ་འབྲིང་། གུང་ཧོ་རྫོང་སློབ་འབྲིང་བཅས་སུ་བསྐྱོད་དེ་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་དང་ཞག་སྡོད་ལམ་ལུགས་མིན་པའི་སློབ་གྲྭ། བྱིས་གཉོར་ཁང་བཅས་ཀྱི་ཡུལ་དངོས་སློབ་ཁྲིད་བསྐྱར་གསོ་བྱེད་པའི་གྲ་སྒྲིག་གི་བྱ་བར་རྒྱུས་ལོན་ཞིབ་ཕྲ་གནང་བར་མ་ཟད། ཁོས་ནན་གྱིས་བསྟན་དོན། རང་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི“བྱ་ཐབས་ཉི་ཤུ་པོ”ནན་ཏན་སྒོས་ལག་བསྟར་དོན་འཁྱོལ་བྱས་ཏེ། “ཕྱོགས་བཞིའི་འགན་འཁྲི”དམ་པོར་བཟུང་ནས་སློབ་གྲྭའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་སྔར་ལས་ཇེ་ལེགས་སུ་གཏོང་བ་དང“ཡུལ་དངོས”བསྐྱར་ཁྲིད་སྐབས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་བཟོ་པ་དང་ལག་ལེན་དོན་འཁྱོལ་ནན་མོ་བྱས་ཏེ་གནད་དོན་མི་འབྱུང་བར་ཁག་ཐེག་བྱ་དགོས།
       སློབ་གྲྭ་གསུམ་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་ཡུལ་དངོས་སློབ་ཁྲིད་བསྐྱར་གསོ་བྱེད་པའི་གྲ་སྒྲིག་གི་གནས་ཚུལ་ལ་ཉན་པ་དང་། སློབ་གྲྭའི་རིམས་འགོག་དངོས་ཟོག་གྲབས་གསོག་དང་འཚོ་བའི་དངོས་ཟོག་བསྡུ་ལེན། འཚོང་རྒྱག་དོ་དམ་དང་མི་སྣ་ཡོངས་ཀྱི་རིམས་འགོག་གསོ་སྦྱོང་། ཐོལ་བྱུང་གནད་དོན་འཕྲལ་སྡོམ་ཐག་གཅོད་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་རྗེས། ཁོས་ནན་གྱིས་བསྟན་དོན། ཡུལ་དངོས་སློབ་ཁྲིད་བསྐྱར་གསོ་བྱེད་པ་ནི་མིག་སྔའི་དམངས་འཚོའི་དགོས་མཁོ་དང་རེ་བ་ཡིན་པས། མི་དམངས་དང་ཚེ་སྲོག་བླ་ན་མེད་པར་བརྩི་བའི་འདུ་ཤེས་རྒྱུན་འཁྱོངས་དང་། མིག་སྔའི་ཁུལ་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་སྔར་བཞིན་ཛ་དྲག་དང་རྙོག་འཛིང་ཆེ་བའི་གནས་བབ་ལ་དམིགས་ནས། སློབ་གྲྭའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་དེ་གལ་ཆེན་ནང་གི་འགངས་ཆེན་དུ་བརྩི་རྒྱུར་རྒྱུན་འཁྱོངས་བྱས་ཏེ། སློབ་འགོ་ཚུགས་པའི་སྔོན་གྱི་གྲ་སྒྲིག་དང་རིམས་འགོག་ལས་དོན་ཡག་པོར་བསྒྲུབས་ནས་སློབ་རའི་གཞི་ཁྱོན་ཅན་གྱི་རིམས་ནད་མི་མཆེད་པར་ཁག་ཐེག་བྱ་དགོས།
       ལིས་ཀང་གིས་རེ་བ་ནན་གྱིས་བཏོན་དོན། སློབ་གསོ་སྡེ་ཁག་གིས་ལས་རིགས་ཀྱི་འགན་འཁྲི་དོན་འཁྱོལ་ནན་ཏན་དང་ཁུལ་ཡོངས་ཀྱི་སློབ་གྲྭའི་ཡུལ་དངོས་བསྐྱར་ཁྲིད་ལས་དོན་ལ་གཅིག་གྱུར་འཆར་འགོད། རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ས་གནས་དང་རིམ་པ། རིགས་བཅས་བགར་ཏེ། ས་གནས་གཅིག་ལ་ཐབས་ཇུས་གཅིག་དང་སློབ་གྲྭ་གཅིག་ལ་ཇུས་གཞི་གཅིག་ཞེས་པ་ལྟར། རིམས་ནད་སྔོན་འགོག་གི་སྤྱིའི་གནས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་ནན་མོ་བྱསནས་ཚན་རིག་དང་མཐུན་པའི་སྒོ་ནས་སློབ་འགོ་ཚུགས་པའི་བྱ་བའི་ཇུས་གཞི་དང་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་ཀྱི་ཇུས་གཞི། འཕྲལ་སྡོམ་ཐག་གཅོད་སྔོན་ཇུས་བཅས་གཏན་འབེབས་དང་ལག་བསྟར་བྱས་ནས། ལྟ་སྐུལ་སློབ་སྟོན་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་སྟེ་བདེ་འཇགས་ལ་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ་གོ་རིམ་ལྡན་པའི་སྒོ་ནས་སློབ་ཁྲིད་ཀྱི་སྒྲིག་གཞི་བསྐྱར་གསོ་བྱ་དགོས།
       རྫོང་རིམ་པ་ཁག་གི་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་ས་ཁོངས་ཀྱི་འགན་འཁྲི་དོན་འཁྱོལ་བྱས་ནས། སློབ་གྲྭའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་བྱ་བར་དམ་འཛིན་ལེགས་པོ་བྱ་རྒྱུ་དེ་གལ་འགངས་ཆེ་བའི་གནས་སུ་བཞག་སྟེ། རིམ་པ་ཁག་གི་སློབ་གྲྭས་རྒྱུན་ལྡན་གྱི་དུག་སེལ་དང་རིམས་འགོག་སྦྱོང་བརྡར། དངོས་ཟོག་དབོར་འདྲེན། མི་སྣ་དོ་དམ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་ནུས་ཤུགས་ཡོད་རྒུས་མཛུབ་ཁྲིད་བྱས་ནས། སློབ་གྲྭའི་སྨན་པའི་གསོ་སྦྱོང་དེ་ཚད་ལྡན་ངང་ལེགས་འགྲུབ་ཐུབ་པར་བྱས་ནས་སློབ་གྲྭ་རེ་རེས་རིམ་གྱིས་ཡུལ་དངོས་ཀྱི་སློབ་ཁྲིད་བསྐྱར་གསོ་བྱེད་པའི་ཆ་རྐྱེན་ལ་གཞིགས་ཏེ། སློབ་ཁྲིད་བསྐྱར་གསོ་བྱེད་པའི་རིམས་འགོག་གྲ་སྒྲིག་གི་ལས་དོན་ཡག་པོ་བསྒྲུབ་རྒྱུར་རོགས་རམ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
       རིམ་པ་ཁག་གི་སློབ་གྲྭས་འགན་འཁྲི་དོན་འཁྱོལ་ནན་ཏན་བྱས་ཏེ་དོན་དངོས་ཀྱི་གནས་ཚུལ་ལ་གཞིགས་ནས་སློབ་ཁྲིད་བསྐྱར་གསོ་བྱེད་པའི་བརྒྱུད་རིམ་ཁྲོད་ཁྱོན་ཡོངས་ནས་གྲལ་བཤེར་བྱེད་པ་དང་འབྲེལ། སློབ་གྲྭའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་ཆེད་ལས་འཛིན་གྲྭ་བཙུགས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་འགན་འཁུར་མི་སྣ་གཏན་འཁེལ་བྱེད་པ་དང་། གཙོ་གནད་མི་སྣའི་ཉིང་སྐྱུར་བརྟག་དཔྱད་དང་ཐོ་འགོད་སོགས་ཀྱི་ལས་དོན་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ། འཚོ་བའི་དངོས་ཟོག་ཉོ་སྒྲུབ་བྱེད་པ་སོགས་ཕྱི་ཕྱོགས་ལ་འབྲེལ་གཏུག་བྱེད་པར་དོ་དམ་ནན་མོ་བྱས་ནས་འཛིན་གྲྭའི་ཐུན་མོང་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་བྱེད་པ། ཆེད་མངགས་འཛིན་གྲྭས་རིམས་ནད་སྔོན་འགོག་གི་ལས་དོན་ལ་སྒྲིག་འཛུགས་བྱས་ནས་རྩ་བའི་བླང་བྱ་ལ་བརྩི་སྲུང་ནན་མོ་བྱེད་པར་ཁྲིད་སྟོན་བྱས་ཏེ། སློབ་མའི་རིམས་འགོག་གི་འདུ་ཤེས་དང་ནུས་པ་ཆེ་རུ་གཏོང་དགོས། དེ་མིན་རིམས་ནད་སྔོན་འགོག་གི་ཤེས་བྱ་དྲིལ་སྒྲོག་བྱ་རྒྱུར་ཤུགས་སྣོན་བྱས་ནས་ཁྱིམ་བདག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་ཁྲིད་སྟོན་དང་ལྟ་སྐུལ་བྱེད་དགོས་པར་མ་ཟད། སློབ་གྲྭ་ལ་གཞོགས་འདེགས་བྱས་ཏེ་བདེ་ཐང་དང་འགྲོ་འོང་གི་ལས་དོན་ཡག་པོ་སྒྲུབ་ནས་སློབ་གྲྭའི་བདེ་འཇགས་དེ་ཐུན་མོང་མཉམ་སྦྲེལ་གྱིས་འགན་ལེན་བྱ་དགོས་པར་བསྟན།
       ཁྲུན་ཧྲུའུ་ཧྲན་དང་ཀྲང་ཧྥུན་ཕའེ་གཉིས་ཀྱིས་ཕེབས་རོགས་བྱས།
འབྲེལ་ཡོད་འོས་སྦྱོར།