ཀརྨ་ཕུན་ཚོཊ་ཀྱིས་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭར་ཟུར་ཁྲིད་གནང་།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་ཚགས་པར།
དུས་ཚོད།:2022-12-19
ཀློག་གྲངས།:
ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས་ཀྱིས་ཁུལ་ཡོངས་ཀྱི་མགོ་ཁྲིད་ལས་བྱེད་པའི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་གསོ་སྦྱོང་འཛིན་གྲྭར་ཟུར་ཁྲིད་སྙན་ཞུ་གནང་།
ཟླ12པའི་ཚེས17ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས་ཀྱིས་ཁུལ་ཡོངས་ཀྱི་མགོ་ཁྲིད་ལས་བྱེད་པའི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་གསོ་སྦྱོང་འཛིན་གྲྭར་ཟུར་ཁྲིད་སྙན་ཞུ་གནང་བ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གྱི་ཉིང་བཅུད་དང་དོན་སྙིང་གཙོ་བོ་ཁོང་དུ་ཆུད་པར་བྱས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དེ་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་དོན་འཁྱོལ་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་སྤུས་ཚད་མཐོ་བའི་སྒོ་ནས་མཚོ་ལྷོའི་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས་ཀྱིས་ཁུལ་ཡོངས་ཀྱི་མགོ་ཁྲིད་ལས་བྱེད་པའི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་གསོ་སྦྱོང་འཛིན་གྲྭར་ཟུར་ཁྲིད་སྙན་ཞུ་གནང་བཞིན་པ།
ཀརྨ་ཕུན་ཚོགས་ཀྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་དུ་བསྟར་རྒྱུ་ནི་བྱ་བ་གལ་ཆེན་ཞིག་ཡིན་ལ། ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་ལ་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱ་རྒྱུ་དང་ཟུང་འབྲེལ། སྤྱི་ཁྱབ་ཧྲུའུ་ཅིས་མཚོ་སྔོན་ལས་དོན་ལ་བཏོན་པའི་བླང་བྱ་གལ་ཆེན་སློབ་སྦྱོང་བྱེད་པ་དང་ཟུང་འབྲེལ། ཞིང་ཆེན་དང་ཁུལ་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱ་རྒྱུ་དང་ཟུང་འབྲེལ། གནད་དོན་གྱི་སྟོན་ཕྱོགས་དང་དམིགས་ཚད་ཀྱི་ཁྲིད་སྟོན། མཇུག་འབྲས་ཀྱི་སྟོན་ཕྱོགས་བཅས་མཐའ་འཁྱོངས་དང་སྤྱི་འདོམས་མཉམ་འདྲེས། རྗེས་འདེད་ནུས་འདྲི། མཉམ་ཤུགས་ཀྱི་སྐུལ་འདེད་བཅས་ལ་མཐོང་ཆེན་བྱས་ཏེ་དངོས་འཛིན་དངོས་སྒྲུབ་ཀྱི་ངར་ཤུགས་དང་རྒྱུན་སྲིང་ལྷོད་མེད་ཀྱི་སེམས་ཤུགས་བཅས་ལ་བརྟེན་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གྱིས་ཁུལ་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། རང་སྐྱོང་ཁུལ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་ཞེས་བསྟན།ཀརྨ་ཕུན་ཚོགས་ཀྱིས་ནན་གྱིས་བསྟན་དོན། གཅིག་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི“ལས་འགན་དང་པོ”དེ་ཡང་དག་པའི་སྒོ་ནས་འཛིན་ཐུབ་པ་བྱ་དགོས། ཐོན་ལས་ཀྱི“ས་ཆ་བཞི”བཏོད་རྒྱུ་ཁྲིད་སྟོན་བྱས་ནས་མཚོ་ལྷོའི་ཁྱད་ཆོས་མཚོན་པ་དང་ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་གི་དེང་རབས་དཔལ་འབྱོར་མ་ལག་མགྱོགས་མྱུར་གྱིས་བསྐྲུན་པ། རྒྱལ་ཁབ་ཀྱི་སྲིད་ཇུས་ཁྲིད་ཕྱོགས་ཁོང་དུ་ཆུད་པར་བྱེད་པ། ནུས་ཁུངས་དང་ཆུ་བེད། འགྲིམ་འགྲུལ། གཞི་གྲངས་ཆེན་པོ། ཚན་རྩལ་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་འཐབ་ཇུས་རང་བཞིན་དང་རྒྱང་ལྟའི་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་ལྡན་པའི་ལས་གཞི་གལ་ཆེན་ཁག་ཇུས་འགོད་བྱ་དགོས། ཐོན་ལས་འབྲེལ་ཐག་གིས་ཚོང་འགུགས་དང་བཅའ་སྡོད་ཀྱིས་ཚོང་འགུགས་བྱེད་པ་སོགས་ཀྱི་བྱེད་ཐབས་ལག་བསྟར་བྱས་བྱས་ཏེ་ཚོང་དང་མ་རྩ་འདྲེན་འགུགས་ཀྱི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་དགོས།
གཉིས་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་བའི“ངོ་བོའི་བླང་བྱ”ཁོང་དུ་ཆུད་པར་བྱ་དགོས། “ཆེ་ཤོས་གསུམ”གྱི་ཞིང་ཆེན་གྱི་གནས་ཚུལ་གནས་ངེས་དང“སྔར་ལས་གལ་ཆེན་གསུམ”གྱི་འཐབ་ཇུས་ཀྱི་གནས་བབ་དམ་པོར་འཛིན་པ། རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་གྱི་གོམ་སྟབས་མགྱོགས་སུ་གཏོང་བ་དང་། རྨ་ཆུའི་བཞུར་རྒྱུན་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་བཏོད་པའི་ལས་དོན་ལ་གཞོགས་འདེགས་བྱེད་པ། དགེ་མཚན་ལྡན་པའི་བྱ་སྤྱོད་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་ལེགས་པར་བཏོད་པ་བརྒྱུད་རི་ཆུ་ནགས་གསུམ་གྱི་མཛེས་སྡུག་དེ་མཚོ་སྔོན་གྱི་ཁྱད་ཆོས་དང་དྭངས་གཙང་གི་མཚོ་ལྷོའི་གཟི་བརྗིད་ཅིག་ཏུ་འགྱུར་བར་བྱ་དགོས།
གསུམ་ནས་མི་དམངས་ཡོངས་རྫོགས་ཐུན་མོང་ཐོག་ཕྱུག་པོར་འགྱུར་བར་སྐུལ་སྤེལ་གཏོང་བའི“ལོ་རྒྱུས་ཀྱི་ལས་འགན”ཁོང་དུ་ཆུད་པར་བྱ་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པར་དམིགས་ནས། གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་དང་ལས་ཞུགས་སྔོན་ལ་འཛིན་པའི་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ། དེ་མིན་མི་རིགས་ཁག་གི་མང་ཚོགས་ཀྱི་ཡོང་འབབ་བགོ་བཤའ་དང་སྡོད་ཁང་རྒན་གསོ། ཟས་རིགས་བདེ་འཇགས་སོགས་དཀའ་ངལ་ཡོད་པ་དང་རེ་སྨོན་བྱེད་པའི་གནད་དོན་གཅིག་གྱུར་གྱིས་ཐག་གཅོད་ཡག་པོ་བཅས་བྱས་ཏེ། སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་བའི་ཐད་ཕན་འབྲས་ཐོན་པར་འབད་བརྩོན་བྱ་དགོས།
བཞི་ནས་ཚན་རྩལ་སློབ་གསོའི་ཤེས་ལྡན་མི་སྣའི“འཐབ་ཇུས་བཀོད་སྒྲིག”དེ་དམ་འཛིན་ལེགས་པོ་བྱ་དགོས། ཐོན་ཁུངས་དང་ནུས་ཁུངས།ས་མཐོ་སོགས་ཁྱད་ལྡན་ལེགས་ཆར་གཞི་ཚུགས་ནས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། ཤེས་ལྡན་མི་སྣས་ཁུལ་སྟོབས་ལྡན་ཅན་དུ་བསྒྱུར་བའི་འཐབ་ཇུས་ལག་བསྟར་དང་། ཤེས་ལྡན་མི་སྣ་འཕེལ་རྒྱས་སུ་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་བསྒྱུར་བཅོས་གཏིང་ཟབ་བྱེད་པ། ཤེས་ལྡན་མི་སྣ་གསོ་སྐྱོང་དང་སྐུལ་མ་གཏོང་བ་བཅས་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། སློབ་ཞུགས་གོང་གི་སློབ་གསོ་དང་འོས་འགན་སློབ་གསོ། མཐོ་རིམ་སློབ་འབྲིང་གི་སློབ་གསོ། ལས་རིགས་སློབ་གསོ་བཅས་ཀྱི་ཞན་ཆ་གསབ་ཚད་ཇེ་མགྱོགས་སུ་གཏོང་བ། སློབ་གསོའི་མ་ལག་དེ་ཐོན་ལས་མ་ལག་དང་སྤྱི་ཚོགས་མ་ལག ཚན་རྩལ་མ་ལག་བཅས་སུ་བཏང་ནས་ཕན་ནུས་ལྡན་པའི་ངང་ནས་འབྲེལ་མཐུད་བྱེད་པར་སྐུལ་འདེད་བཏང་ནས་མི་དམངས་ཀྱི་འདོད་བློ་ཚིམ་པའི་སློབ་གསོ་ལེགས་པར་སྒྲུབ་པ་བཅས་བྱ་དགོས།ལྔ་ནས་དཔལ་འབྱོར་གྱི་བྱ་བའི་ནུས་པ་ཆེ་རུ་གཏོང་རྒྱུའི“བླང་བྱ་གལ་ཆེན”གནད་ལ་འཁེལ་བར་བྱ་དགོས། དཔལ་འབྱོར་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་ངོས་འཛིན་གཏིང་ཟབ་བྱས་ནས་བརྟག་དཔྱད་ཞིབ་འཇུག་གི་ནུས་པ་དེ་ཚན་རིག་དང་མཐུན་པའི་སྒོ་ནས་ཐབས་ཇུས་འགོད་ནུས་དང་མང་ཚོགས་ཀྱི་བྱ་བའི་ནུས་པ། འགན་འཁྲི་འཁུར་ནུས་བཅས་སྔར་བས་ཆེ་རུ་བཏང་སྟེ། ཐོག་མཐའ་བར་གསུམ་དུ་དོན་འཁྱོལ་བྱས་ནས་སྤུས་ཚད་མཐོན་པོའི་སྒོ་ནས་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།
ཀརྨ་ཕུན་ཚོགས་ཀྱིས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་ནི་རྣམ་པ་རགས་རམ་ཙམ་ནས་གཏིང་ཇེ་ཟབ་ལ་འགྲོ་བའི་བརྒྱུད་རིམ་ཞིག་ཡིན་པ་མ་ཟད། རྒྱུན་ཆད་མེད་པར་ངེས་ཤེས་གསར་བསྐྱེད་འབྱུང་བའི་བརྒྱུད་རིམ་ཞིག་ཀྱང་རེད། ཏང་ཀྲུང་དབྱང་གི་གཏན་འབེབས་དང་ཞིང་ཆེན་དང་ཁུལ་ཨུའི་བཀོད་སྒྲིག་ལ་དཔེ་བལྟས་ནས་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ཁྱོན་ཡོངས་ནས་ཁོང་དུ་ཆུད་པ། ཁྱོན་ཡོངས་ནས་དོན་འཁྱོལ་བཅས་ཀྱི་ཐད་ཤུགས་སྣོན་རྒྱག་དགོས་པ་མ་ཟད། མཚོ་ལྷོའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་དང་འགག་རྩ་རྟོགས་པ་བཅས་བྱས་ཏེ། གོ་དོན་མཐིལ་རྟོགས་དང་སློབ་སྤྱོད་ཟུང་འབྲེལ། གཞན་སྒྱུར་དོན་འཁྱོལ་བཅས་ཀྱི་ཐད་ཕན་འབྲས་དངོས་ཐོན་པར་བྱས་ཏེ་བྱ་བའི་འཇོན་ཐང་སྦྱོང་བ་དང་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་དགོས།
འབྲེལ་ཡོད་འོས་སྦྱོར།