མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་གསུམ་པ་གཟབ་རྒྱས་ངང་མཇུག་སྒྲིལ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་ཚགས་པར།
དུས་ཚོད།:2022-12-28
ཀློག་གྲངས།:
ཟླ12པའི་ཚེས26ཉིན་ནས་ཚེས28ཉིན་བར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་གསུམ་པ་དེ་ཁུལ་གྲོས་ཚོགས་ལྟེ་གནས་སུ་འཚོགས་ཤིང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའམ་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ལིས་ཀང་དང་མཱ་ཅན་ཧུང་། གསེར་མཚོ། དཔལ་ལྡན། ཀེང་ཧྲེང་ཁྲང་། ཏིང་རུའེ་དབྱི། མཱ་ཧྲའོ་ཧྥུའུ། ལི་སུང་སེན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད་པ་དང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའམ་ལག་བསྟར་ཀྲུའུ་ཞི་མཱ་ཅན་ཧུང་གིས་འགོ་རྩོམ་ཚོགས་ཆེན་དང་འདེམས་བསྐོའི་ཚོགས་ཆེན་ལ་མགོ་འཛིན་བྱས། ཚོགས་འདུར་ཞུགས་དགོས་པའི་འཐུས་མི249དང་། ཚོགས་ཆེན་ལ་ཞུགས་མཁན་གྱི་འཐུས་མི147ཡོད་པས་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་བའི་མི་གྲངས་དང་མཐུན།
ཚོགས་འདུའི་སྟེང་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་གོ་རིམ་ལ་གྲོས་འཆམ་བྱུང་ཞིང་། དེ་མིན་གྲོས་བསྡུར་གང་ལེགས་བྱས་པ་བརྒྱུད«འདེམས་བསྐོའི་བཅའ་ཁྲིམས»ཀྱི་གཏན་འབེབས་ལ་ནན་མོར་གཞིགས་ནས། རང་མིང་མི་འགོད་པའི་འདེམས་ཤོག་འཕེན་ཐབས་ལ་བརྟེན་ཏེ་ལིས་ཀང་སོགས་བློ་མཐུན26མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅུ་བཞི་པའི་མི་དམངས་འཐུས་མི་ཚོགས་ཆེན་ལ་ཞུགས་མཁན་གྱི་མཚོ་ལྷོའི་འཐུས་མིར་བདམས་པ་དང་། གཡུ་བྷེ་སོགས་བློ་མཐུན3གསབ་འདེམས་བྱས་ནས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་བདམས་པ་དང་འབྲེལ་ཁྲིམས་ལྟར་རྩ་ཁྲིམས་ཀྱི་ལས་ལེན་དམ་བཅའ་བསྒྲགས་པ་རེད།
གྲོས་ཚོགས་ལས་བསྟན་དོན། ཁུལ་ཨུའི་མགོ་ཁྲིད་དང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་སྣེ་ཁྲིད་ཀྱི་འོག་ཏུ། ཚོགས་ཞུགས་འཐུས་མི་ཡོངས་ཀྱིས་ལས་འགན་བློ་ལ་བརྟན་པོར་ངེས་པ་དང་། མི་དམངས་ཀྱི་མངགས་བཅོལ་ཕྲག་ཏུ་འཁུར་བ། ཆབ་སྲིད་ཀྱི་སྤྲོ་སེམས་དང་རང་རྟོགས་ཚད་མཐོན་པོ་བྱས་པར་བརྟེན། ཡང་དག་པའི་སྒོ་ནས་འགན་འཁྲི་ལག་ལེན་དང་ཁྲིམས་ལྟར་དབང་ཆ་སྤྱོད་པ། མཚོ་སྔོན་ཞིང་ཆེན་སྐབས་བཅུ་བཞི་པའི་མི་དམངས་འཐུས་མི་ཚོགས་ཆེན་ལ་ཞུགས་པའི་མཚོ་ལྷོའི་འཐུས་མི་འདེམས་པ་དང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གསབ་འདེམས་བྱས་པ་བརྒྱུད། གྲོས་ཚོགས་ཀྱི་གྲུབ་འབྲས་ཀྱིས་ཏང་གི་འདོད་ཚུལ་དང་མི་དམངས་ཀྱི་འདོད་བློ་གཅིག་གྱུར་བྱུང་བ་བཅས་མཚོན་ཡོད་ལ། དེ་མིན་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་བསམ་འདུན་གཅིག་སྡུད་ཐོག་མཚོན་པར་བྱས་ནས། སེམས་པ་མི་དམངས་ལ་བཅངས་པ་དང་རང་ཉིད་ཀྱི་འགན་འཁྲི་ལ་ལྷག་བསམ་རྣམ་དག་བྱེད་པ། དཀའ་ངལ་ལ་མི་སྐྲག་པ། འཐབ་རྩོད་བྱེད་ཕོད་པ་བཅས་ཀྱི་བསམ་པའི་ཉམས་འགྱུར་མངོན་པ་བཅས་བྱས་ཡོད་པས་དམངས་གཙོ་མཐུན་སྒྲིལ་དང་སྤྱོད་གཙང་གཞུང་དྲང་བཅས་ཡིན་པའི་ཚོགས་ཆེན་ཞིག་རེད།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། འདས་པའི་ལོ་ལྔའི་ནང་། ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པར་ཞུགས་མཁན་གྱི་མཚོ་ལྷོའི་འཐུས་མིས་མི་དམངས་འཐུས་ཚོགས་ཀྱི་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས། ལས་གནས་ལ་གཞི་ཚུགས་པ། ཏང་ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཨུའི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་ལ་སྣེ་ཁྲིད་དང་དོན་འཁྱོལ་བྱས། ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྒྲིག་འཛུགས་བྱས་པའི་བྱེད་སྒོ་ཁག་ལ་ཧུར་ཐག་སྒོས་ཞུགས་པ་མ་ཟད། འཐབ་ཕྱོགས་དང་པོར་བསྐྱོད་ནས་བརྟག་དཔྱད་ཞིབ་འཇུག་བྱས་ཏེ་སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་བསམ་འདུན་ལ་ཤེས་རྟོགས་བྱས། སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོའི་གནད་དོན་དང་འབྲེལ་བ་ཡོད་པའི་བསམ་འཆར་དང་གྲོས་འགོ་མང་པོ་བཏོན། དུས་རབས་གསར་བའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོའི་བསམ་པའི་ཉམས་འགྱུར་དང་སྤྱི་ཚོགས་ཀྱི་སྣང་བརྙན་བཟང་པོ་གང་ལེགས་སྒོས་མཚོན་པར་བྱས་ཏེ། “མི་དམངས་ཀྱིས་ང་རང་འཐུས་མི་བསྐོས་ཤིང་། ང་རང་མི་དམངས་ཀྱི་འཐུས་མི་ཚད་ལྡན་ཞིག་བྱ་རྒྱུའི”ནང་དོན་ཟབ་མོ་ཁྱོན་ཡོངས་ནས་གསལ་བཤད་བྱས་ཡོད། བྱ་བའི་རྒྱུ་རྐྱེན་གྱི་དབང་གིས་ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མིའི་ཁྲོད་དུ་ཞུགས་པའི་མཚོ་ལྷོ་ཁུལ་གྱི་འཐུས་མི་ཁག་ཅིག་སྐབས་གསར་བའི་ཞིང་ཆེན་མི་དམངས་འཐུས་མིའི་འདེམས་སྒུག་མི་སྣའི་ཁྲོད་མུ་མཐུད་དུ་མིང་འདོན་བྱ་མ་ཐུབ་ཀྱང་། བློ་མཐུན་དེ་དག་གིས་མུ་མཐུད་དུ་མི་དམངས་འཐུས་ཚོགས་དང་འབྲེལ་བ་དམ་ཟབ་རྒྱུན་འཁྱོངས་བྱས་ཏེ་སྔར་བཞིན་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་དོ་ཁུར་དང་རྒྱབ་སྐྱོར་བྱ་རྒྱུའི་རེ་བ་ཡོད།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། གསར་དུ་བདམས་ཐོན་བྱུང་བའི་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་བའི་འཐུས་མིས་ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་རིམ་བྱུང་གི་འཐུས་མིའི་སྤྱོད་ཚུལ་བཟང་པོ་དང་སྲོལ་རྒྱུན་བཟང་པོ། ཉམས་མྱོང་བཟང་པོ་བཅས་མུ་མཐུད་དུ་རྒྱུན་འཛིན་དང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་སྒོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་ལ་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་རྒྱུས་ལོན་གཏིང་ཟབ་བྱེད་པ། “འདུ་ཤེས་བཞི”སྔར་བས་ཇེ་ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”བྱ་ཐུབ་པ། མི་དམངས་ཀྱིས་སྤྲད་པའི་དབང་ཆར་གཅེས་འཛིན་དང་འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཁུལ་ཡོངས་ཀྱི་མི་དམངས་ཀྱི་རེ་སྒུག་དང་མངགས་བཅོལ་གལ་ཆེན་སྟོང་ཟད་དུ་མི་གཏོང་བ་བཅས་བྱ་དགོས།
ཚོགས་འདུའི་བླང་བྱ་ལྟར། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་བཅས་བྱ་རྒྱུ་ནི་ཁུལ་ཡོངས་ཀྱི་གོང་འོག་ཚང་མའི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་གི་ཆབ་སྲིད་ཀྱི་ལས་འགན་དང་དོན་ཆེན་གཙོ་བོ་ཡིན་པས། ཁུལ་ཡོངས་ཀྱི་རིམ་པ་ཁག་གི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་ཏང་གི་ཚོགས་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་ཡག་པོ་བཅས་བྱ་དགོས། སྤྱི་ཁོག་ཡིད་ལ་བརྟན་པོར་བཟུང་སྟེ“རྒྱལ་ཁབ་ཀྱི་དོན་ཆེན”གྱི་མཐོ་ཚད་དང་། “ཁྱོན་ཡངས་པའི་གུང་ཧོའི་གཤོངས་ས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི”དམིགས་འབེན། རང་སྐྱོང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་སྒོས་སྐྱེ་ཁམས་དཔལ་ཡོན་གྱི“མཐོ་ས”དང་ཐོན་ལས་འཛུགས་སྐྱོང་གི“ས་ཆ་བཞི”གཏད་དེ། རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གསར་གཏོད་དཔེ་སྟོན་ཁུལ་འཛུགས་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་སོགས་ལ་དམ་པོར་དམིགས་ཏེ། དོན་དངོས་དང་གཞི་རིམ། མང་ཚོགས་བཅས་ཀྱི་ཁྲོད་དུ་ཟབ་ཞུགས་བཅས་བྱས་ནས་ཐབས་ཇུས་དང་དགོས་མཁོ། སྲིད་དོན་བཅས་དམངས་ལ་འདྲི་བ་བཅས་བྱ་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་དང་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ཀྱི་དགེ་མཚན་དེ་བཅོས་སྐྱོང་ཕན་ནུས་སུ་བསྒྱུར་བ་དང་དུས་རབས་གསར་བར་མཚོ་ལྷོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི“མྱུར་བསྐྱོད་གདོང་ལེན་པ”། བདེ་སྐྱིད་འཚོལ་བའི་མཚོ་ལྷོ་མི་དམངས་ཀྱི“མགྲིན་ཚབ་པ”བཅས་ཡག་པོ་བྱས་ཏེ། རང་སྐྱོང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྒྱང་བསྐྱོད་ལམ་བུ་གསར་བའི་ཁྲོད་འགན་འཁྲི་ཕྲག་ཏུ་འཁུར་ཏེ་སྟོབས་ཤུགས་གསར་བ་འབུལ་དགོས།
འབྲེལ་ཡོད་འོས་སྦྱོར།