«བདེན་འཚོལ»དུས་དེབ་སྟེང་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ་བ།
རྩོམ་པ་པོ།:
ཡོང་ཁུངས།:རྨ་ལྷོ་བརྙན་འཕྲིན་ཁང་།
དུས་ཚོད།:2023-02-07
ཀློག་གྲངས།:
ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བར་ཏང་གི་རང་ངོས་གསར་བརྗེ་ལ་བརྟེན་ནས་ལོ་རྒྱུས་ཀྱི་དུས་འཁོར་ལས་སྒྲོལ་བའི་རྒྱལ་ཁའི་བགྲོད་ལམ་འཚོལ་ཞིབ་བྱེད་དགོས།
ཟླ2པའི་ཚེས1ཉིན་དཔར་འགྲེམ་བྱས་པའི«བདེན་འཚོལ»དུས་དེབ་འདོན་ཐེངས་གསུམ་པའི་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི«ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བར་ཏང་གི་རང་ངོས་གསར་བརྗེ་ལ་བརྟེན་ནས་ལོ་རྒྱུས་ཀྱི་དུས་འཁོར་ལས་སྒྲོལ་བའི་རྒྱལ་ཁའི་བགྲོད་ལམ་འཚོལ་ཞིབ་བྱེད་དགོས»ཞེས་པའི་རྩོམ་ཡིག་གལ་ཆེན་སྤེལ།
རྩོམ་ཡིག་ནང་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། ཏང་ཀྲུང་དབྱང་གིས་ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བ་དེ“ཁྱོན་ཡོངས་བཞི”ཡི་འཐབ་ཇུས་བཀོད་སྒྲིག་ནང་བཞག་ནས། སྔར་ཡོད་མ་མྱོང་བའི་སྤོབས་པ་དང་ངེས་ཤུགས་ཀྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་བྱས་པས། གཏན་འགོག་བྱེད་མ་ཐུབ་པའི་བྱ་སྤྱོད་ངན་པ་ཁ་ཤས་གཏན་འགོག་བྱས་པ་དང་། དུས་ཡུན་རིང་པོར་ཐག་གཅོད་བྱེད་མ་ཐུབ་པའི་གཅོང་ནད་མང་པོ་ཐག་གཅོད་བྱས་ལ། ཏང་དང་རྒྱལ་ཁབ། དམག་དཔུང་བཅས་ཀྱི་ནང་ཁུལ་དུ་གནས་པའི་སྐྱོན་ཆ་ཚབས་ཆེན་མང་པོ་ཞིག་གཙང་སེལ་བྱས་ཏེ། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཐད་ཀྱི་སྤྱོད་ངན་མང་པོ་ཞིག་རྩ་བ་ནས་བསྒྱུར་ཡོད། ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བར་ལོ་རྒྱུས་རང་བཞིན་དང་གསར་སྐྲུན་རང་བཞིན་གྱི་གྲུབ་འབྲས་བླངས་ཏེ། ཕྱོགས་སྒོ་མོར་གཏིང་ཟབ་པའི་ཤུགས་རྐྱེན་ཐེབས་ཡོད་པས། ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་དང་མུ་མཐུད་དུ་མདུན་སྐྱོད་བྱེད་དགོས།
རྩོམ་ཡིག་ནང་བསྟན་དོན། ངས་རྒྱུན་དུ་ལོ་རྒྱུས་ཀྱི་དུས་འཁོར་ལས་སྒྲོལ་བའི་གནད་དོན་འདོན་བཞིན་ཡོད། འདི་ནི་ཏང་གི་བསྐལ་བརྒྱའི་བྱ་གཞག་རླབས་པོ་ཆེ་དང་འབྲེལ་བའི་གནད་དོན་གལ་ཆེན་ཞིག་ཡིན་ལ། ཏང་གི་ཤི་གསོན་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དར་རྒུད་དང་ཡང་འབྲེལ་ཡོད། ལོ་རྒྱུས་ཀྱི་དུས་འཁོར་ལས་ཇི་ལྟར་སྒྲོལ་དགོས་སམ་ཞེ་ན། ཏང་གིས་ཐོག་མཐའ་བར་གསུམ་དུ་དེའི་ཐད་ལ་བསམ་གཞིག་གཏོང་བ་དང་ནམ་ཡང་འཚོལ་ཞིབ་བྱེད་ཀྱིན་ཡོད། བློ་མཐུན་མའོ་ཙེ་ཏུང་གིས་ཡན་ཨན་གྱི་ས་དོང་ནས་དེའི་ཐད་ལན་དང་པོ་བཏབ་པ་སྟེ། དེ་ནི“མི་དམངས་ཀྱིས་སྲིད་གཞུང་ལ་ལྟ་སྐུལ་བྱེད་རྒྱུ”དེ་ཡིན་པ་དང་། ལོ་བརྒྱའི་འབད་འཐབ་དང་ནང་སྒོས་སུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་ལག་ལེན་གསར་པ་བརྒྱུད་རྗེས། ཏང་གིས་ཡང་བསྐྱར་ལན་གཉིས་པ་བཏབ་པ་རེད། དེ་ནི་རང་ངོས་གསར་བརྗེ་བྱེད་རྒྱུ་དེ་རེད། རང་ངོས་གསར་བརྗེ་ཞེས་པ་ནི་ལུས་ཟུངས་གསོས་ནས་རུས་རྐང་ཆུད་དུ་འཇུག་རྒྱུ་དང་དུག་འདོན་ནད་འཇོམས་བྱས་ཏེ་དཔའ་བོས་རང་ལག་གཅོད་པ་ལྟ་བུའི་སྤོབས་པ་ཡོད་དུ་འཇུག་པ། ནད་རྙིང་རྩད་ནས་བཏོན་ཏེ་ཏང་གི་ལུས་པོར་གནོད་འཚེ་གཏོང་བའི་ནད་དུག་རྩ་བ་ནས་འདོན་པ་དང་། རང་སྟེང་གི་ནད་འགོག་ནུས་ཤུགས་བསྟུད་མར་ཇེ་དྲག་ཏུ་བཏང་ནས། མི་གཤེགས་སྲིད་ཞི་འབྱུང་བ་སྔོན་འགོག་བྱེད་རྒྱུ་དེ་རེད། རང་ངོས་གསར་བརྗེ་བྱེད་ཕོད་པ་དང་མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་ཕོད་པ་ནི་དོན་དངོས་སུ་གཅིག་མཐུན་ཡིན་ལ། གཉིས་ཀ་ཏང་གི་ཐོག་མའི་བསམ་འདུན་ལས་བྱུང་བ་རེད། ལོ་ངོ་བརྒྱ་ཡི་རིང་ལ། ཏང་གིས་ཕྱི་ནས་མི་དམངས་དམངས་གཙོ་དར་རྒྱས་དང་མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་པར་བརྟེན་པ་དང་། ནང་ནས་ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བ་དང་རང་ངོས་གསར་བརྗེ་བྱེད་པ། བདེན་དོན་རྒྱུན་འཁྱོངས་བྱེད་ཕོད་པར་བྱས་ཏེ་ནོར་འཁྲུལ་ཡོ་བསྲང་བྱེད་པ། གྲི་ཁ་ནང་ལ་གཏད་པ་དང་རུས་འབྲད་དུག་སེལ་བྱེད་པ་བཅས་ལ་བརྟེན་ཏེ། ཏང་ཇི་སྲིད་བར་དུ་མི་ཉམས་པ་དང་མུ་མཐུད་དུ་ཡར་རྒྱས་གོང་འཕེལ་ཡོང་བར་ཁག་ཐེག་བྱས་ཡོད།
རྩོམ་ཡིག་ནང་བསྟན་དོན། ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བ་ནི་དུས་རབས་གསར་པའི་ཏང་གི་རང་ངོས་གསར་བརྗེའི་ལག་ལེན་རླབས་པོ་ཆེ་ཞིག་ཡིན་ལ། དེས་ལོ་བརྒྱའི་ཏང་ཆེན་གྱི་རང་ངོས་གསར་བརྗེ་ཡི་ཡུལ་ཁམས་གསར་པ་ཞིག་བཏོད་ཡོད།
དང་པོ། ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱིས་བཀོད་འདོམས་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། རང་ངོས་གསར་བརྗེ་ཡི་གཞི་རྩའི་ཆབ་སྲིད་ཁ་ཕྱོགས་བརྟན་སྲུང་བྱེད་དགོས།
གཉིས་པ། བསམ་བློ་འཛུགས་སྐྲུན་བྱེད་པ་དེ་ཏང་གི་རྨང་གཞིའི་རང་བཞིན་གྱི་འཛུགས་སྐྲུན་དུ་བརྩི་བ་རྒྱུན་འཁྱོངས་བྱས་ཏེ། རང་ངོས་གསར་བརྗེ་གཏིང་ཟབ་དང་བསམ་བློའི་མཚོན་ཆ་ཇེ་རྣོ་རུ་གཏོང་དགོས།
གསུམ་པ། ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་མཐའ་གཅིག་ཏུ་དོན་འཁྱོལ་དང་སྒྲིག་ཁྲིམས་ནན་མོས་སྤྱོད་ཚུལ་དག་ཐེར་བྱས་ཏེ། རང་ངོས་གསར་བརྗེའི་ནུས་ལྡན་ཐབས་ལམ་ཕུན་སུམ་ཚོགས་པོར་གཏོང་དགོས།
བཞི་པ། གློག་ཞགས་ལྟ་བུའི་བློ་སྤོབས་ཀྱིས་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་ངན་ལ་རྡུང་རྡེག་བཏང་ནས། རང་ངོས་གསར་བརྗེའི་འགག་སྒྲོལ་དམག་འཐབ་དང་ཡུན་རིང་དམག་འཐབ་ལེགས་པོར་རྒྱག་དགོས།
ལྔ་པ། ཏང་རྩ་འཛུགས་ཀྱི་ཆབ་སྲིད་བྱེད་ནུས་དང་རྩ་འཛུགས་ནུས་པ་དང་གཅིག་སྒྲིལ་ནུས་པ་ཇེ་དྲག་ཏུ་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། འཐབ་རྩོད་བྱེད་ཕོད་པ་དང་བྱེད་མཁས་པ། རང་ངོས་གསར་བརྗེ་བྱེད་ཕོད་པའི་ལས་བྱེད་པའི་དཔུང་སྡེ་ཞིག་བསྐྲུན་དགོས།
དྲུག་པ། རང་ངོས་གཙང་བསྒྱུར་དང་རང་ཉིད་ལེགས་བསྒྱུར། རང་ཉིད་གསར་བསྒྱུར། རང་ཉིད་མཐོར་འདེགས་བཅས་ཀྱི་ལམ་ལུགས་ཚད་ལྡན་མ་ལག་འཛུགས་པ་རྒྱུན་འཁྱོངས་བྱས་ཏེ། རླབས་ཆེ་བའི་རང་ངོས་གསར་བརྗེ་ལ་སྐུལ་འདེད་གཏོང་ཆེད་ལམ་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས།
རྩོམ་ཡིག་ནང་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། ང་ཚོས་མར་ཁེ་སི་རིང་ལུགས་ཀྱི་ཏང་འཛུགས་གཞུང་ལུགས་རྒྱུན་འཛིན་དང་འཕེལ་རྒྱས་སུ་བཏང་བ་དང་། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ཉམས་མྱོང་ཕྱོགས་བསྡོམས་དང་བེད་སྤྱད་པ། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ཐད་ནས་ལག་ལེན་གསར་སྐྲུན་དང་གཞུང་ལུགས་གསར་སྐྲུན། ལམ་ལུགས་གསར་སྐྲུན་བཅས་བྱེད་པར་སྐུལ་འདེད་གཏིང་ཟབ་བཏང་བས། ཡུན་རིང་སྲིད་སྐྱོང་གི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་ཅི་ལྟ་བུ་ཞིག་འཛུགས་སྐྲུན་བྱེད་པ་དང་། ཡུན་རིང་སྲིད་སྐྱོང་གི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་ཞིག་ཇི་ལྟར་འཛུགས་སྐྲུན་བྱེད་པའི་ཆོས་ཉིད་རང་བཞིན་གྱི་ངོས་ཟིན་ཐད་ནས་མཐོ་ཚད་གསར་པ་ཞིག་ཏུ་སླེབས་ཡོད།
(གཅིག) ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་མགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས།
(གཉིས) ཏང་གིས་ཏང་ལ་དོ་དམ་དང་ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བ་རྒྱུན་འཁྱོངས་བྱས་ཏེ། རླབས་ཆེ་བའི་རང་ངོས་གསར་བརྗེ་ལ་བརྟེན་ནས་རླབས་ཆེ་བའི་སྤྱི་ཚོགས་གསར་བརྗེ་ལ་སྐུལ་ཁྲིད་བྱེད་དགོས།
(གསུམ) ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱི་བཀོད་འདོམས་རྒྱུན་འཁྱོངས་བྱས་ཏེ། ཏང་ཡོངས་ཀྱིས་ཆབ་སྲིད་ལངས་ཕྱོགས་དང་ཆབ་སྲིད་ཁ་ཕྱོགས། ཆབ་སྲིད་རྩ་དོན། ཆབ་སྲིད་བགྲོད་ལམ་བཅས་ཀྱི་ཐད་ནས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་ཁག་ཐེག་བྱེད་དགོས།
(བཞི) གཟབ་ནན་གྱི་སྤྱིའི་བྱེད་ཕྱོགས་ལ་གཡོ་འགུལ་མི་འབྱུང་བ་རྒྱུན་འཁྱོངས་བྱས་ཏེ། སྒྲིག་ཁྲིམས་འཛུགས་སྐྲུན་གྱི་ཆབ་སྲིད་རང་བཞིན་དང་དུས་རབས་རང་བཞིན། ཁ་གཏད་རང་བཞིན་བཅས་ཇེ་དྲག་ཏུ་གཏོང་དགོས།
(ལྔ) འཛེར་མ་བརྡབ་པ་ལྟ་བུའི་སྙིང་སྟོབས་ཀྱིས་སྤྱོད་ཚུལ་འཛུགས་སྐྲུན་རྒྱུན་འཁྱོངས་བྱས་ཏེ། ཏང་སྲོལ་བཟང་པོས་སྤྱི་ཚོགས་དང་མི་དམངས་ཀྱི་གོམས་སྲོལ་ལེགས་བསྒྱུར་དང་དགེ་ཕྱོགས་སུ་བསྒྱུར་དགོས།
(དྲུག) གུ་ཡངས་གཏན་ནས་མི་གཏོང་བའི་རྣམ་འགྱུར་གྱིས་རུལ་སུངས་ལ་ཆད་པ་བཅད་དེ། བློ་ཐག་རྦད་ཆོད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རུལ་རྒོལ་བགྲོད་ལམ་ཞིག་ཏུ་བསྐྱོད་དགོས།
(བདུན) མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་རུལ་སུངས་དང་སྤྱོད་ངན་ཡོད་ཚད་ཡོ་བསྲང་རྒྱུན་འཁྱོངས་བྱས་ཏེ། མི་དམངས་མང་ཚོགས་ལ་དྲང་གཞག་དང་དྲང་བདེན་ཉེ་འགྲམ་དུ་ཡོད་པའི་ཚོར་སྣང་སྟེར་དགོས།
(བརྒྱད) “གནད་འགག་གྲངས་ཉུང”དམ་འཛིན་བྱེད་པ་དང་གོང་གིས་འོག་ལ་མིག་དཔེ་སྟོན་པ་རྒྱུན་འཁྱོངས་བྱས་ཏེ། ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་ཆབ་སྲིད་འགན་འཁྲི་དངོས་འཛིན་ནན་འགེལ་བྱེད་དགོས།
(དགུ) ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་ལམ་ལུགས་འཐུས་ཚང་དུ་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། ཡོངས་སུ་ཁེབས་ཤིང་ཡུན་རིང་ཕན་ནུས་ལྡན་པའི་ལྟ་སྐུལ་སྒྲིལ་ཤུགས་ཆགས་སུ་འཇུག་དགོས་པ་བཅས་སོ། །

འབྲེལ་ཡོད་འོས་སྦྱོར།