ཚེ་རིང་གིས་སྐབས14བའི་ཁུལ་སྲིད་གྲོས་ཀྱི་ཚོགས་འདུར་མགོ་འཛིན་གནང་།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར།
དུས་ཚོད།:2023-02-09
ཀློག་གྲངས།:
ཁུལ་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་ཞི་ཚེ་རིང་གིས་སྐབས་བཅུ་བཞི་བའི་ཁུལ་སྲིད་གྲོས་ཀྱི་ཏང་ཙུའུ་ཚོགས་འདུ་ཐེངས་བཅུ་བ་དང་ཀྲུའུ་ཞི་ཚོགས་འདུ་ཐེངས་བཅུ་བཞི་བ་ལ་མགོ་འཛིན་གནང་།
ཟླ2པའི་ཚེས7ཉིན། ཁུལ་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་ཞི་ཚེ་རིང་གིས་སྐབས་བཅུ་བཞི་བའི་ཁུལ་སྲིད་གྲོས་ཀྱི་ཏང་ཙུའུ་ཚོགས་འདུ་ཐེངས་བཅུ་བ་དང་ཀྲུའུ་ཞི་ཚོགས་འདུ་ཐེངས་བཅུ་བཞི་བ་ལ་མགོ་འཛིན་གནང་ཞིང་། ཀྲའོ་ཀུའེ་ལན་དང་བསོད་ནམས་སྐྱིད། རེན་ཅན་མིང་། ཀུན་བཟང་པདྨ་རྣམ་རྒྱལ། ཧོ་ཆིང་། སིང་ཁྲེང་ཡེ་བཅས་ཚོགས་འདུར་ཞུགས་པ་དང་། དེ་མིན་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་དང་ཚན་ཁག་རིམ་པ་ཡན་གྱི་ལས་བྱེད་པ་བཅས་ཚོགས་འདུར་ཟུར་ཞུགས་གནང་བ་རེད།
གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཡིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་དམངས་གཙོའི་འཚོ་བའི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་དེ་བཞིན་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྐབས་ཉི་ཤུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ། ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ། ཞིང་ཆེན་གྱི“ཚོགས་ཆེན་གཉིས”ཀྱི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། «ཁུལ་སྲིད་གྲོས་ཏང་ཙུའུ་ཡི2022ལོའི་དམངས་གཙོའི་འཚོ་བའི་ཚོགས་འདུའི་ཇུས་གཞི(གྲོས་ཞིབ་མ་ཟིན)»དང་ཁུལ་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བརྒྱད་པ་དང་། ཁུལ་སྲིད་གྲོས་སྐབས་བཅུ་བཞི་བའི་ཚོགས་འདུ་ཐེངས་གསུམ་པའི་འབྲེལ་ཡོད་དོན་དག་ལ་གྲོས་ཞིབ་གནང་བ་རེད།
ཚོགས་འདུའི་སྟེང་བསྟན་དོན། 2022ལོའི་ལོ་འཁོར་གྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་ཡག་པོ་འཚོགས་རྒྱུ་ནི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་ལ། ཞིང་ཆེན་ཡོངས་དང་ཁུལ་ཡོངས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་བླང་བྱ་ཁག་ལག་བསྟར་བྱེད་པའི་ལག་ལེན་ཞིག་ཀྱང་ཡིན། ཏང་ཡོན་མགོ་ཁྲིད་ལས་བྱེད་པ་སྤྱི་དང་ཁྱད་པར་དུ་ཏང་ཙུའུ་ཡི་ཁོངས་མིས་ཆབ་སྲིད་ཀྱི་གནས་ཐིག་མཐོ་རུ་གཏོང་བ། དམངས་གཙོའི་འཚོ་བའི་ཚོགས་འདུའི་བརྗོད་བྱ་གཙོ་བོར་དམིགས་པ་ནས་དམངས་གཙོའི་འཚོ་བའི་ཚོགས་འདུའི་ཇུས་གཞིའི་བླང་བྱ་ལྟར། གོང་གིས་འོག་ལ་སྣེ་ཁྲིད་དེ་གནད་དོན་གྱི་སྟོན་ཕྱོགས་དང་དམིགས་ཚད་ཀྱི་ཁྲིད་སྟོན། མཇུག་འབྲས་ཀྱི་སྟོན་ཕྱོགས་བཅས་མཐའ་འཁྱོངས་བྱས་ནས་ཏང་ལ་བློ་དཀར་སེམས་དཀར་དང་བྱ་གཞག་ལ་འགན་འཁུར་བའི་སྒོ་ནས་གནས་ཚུལ་ཤེས་རྟོགས་དང་གནད་དོན་འཚོལ་བསྡུ། སྙིང་གཏམ་ཤོད་རེས། མི་སྒེར་གྱི་གཏམ་བཤད་གནད་བསྡུས་སོགས་ཀྱི་ལས་དོན་ཁག་ཏན་ཏིག་སྒོས་སྒྲུབ་སྟེ། སྤུས་ཚད་མཐོ་བའི་སྒོ་ནས་ཏང་ཙུའུ་ཚན་ཁག་གི་དམངས་གཙོའི་འཚོ་བའི་ཚོགས་འདུ་ཡག་པོ་འཚོགས་རྒྱུར་རྨང་གཞི་བརྟན་པོ་ཞིག་འདིང་དགོས་ཞེས་བསྟན།
ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། ཁུལ་སྲིད་གྲོས་ཀྱི་སྐབས་བཅུ་བཞི་བའི་ཚོགས་འདུ་ཐེངས་གསུམ་པ་ནི་རང་སྐྱོང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་ལ། ལས་ཁུངས་ཀྱི་ལས་བྱེད་ལས་བཟོ་ཡོངས་ཀྱིས་ཆབ་སྲིད་ཀྱི་གནས་བབ་མཐོ་རུ་གཏོང་བ་དང་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། འགན་འཁྲིའི་ལས་བགོས་གཞིར་བཟུང་སྟེ་ཕན་འབྲས་ཆེ་ལ་གོ་རིམ་ལྡན་པའི་སྒོ་ནས་ལས་དོན་ཁག་ལ་སྐུལ་འདེད་གཏོང་དགོས་པ་ཞིག་ཡིན་པ་དང་། མཐུན་སྒྲིལ་མཉམ་ལས་ཀྱི་སྙིང་སྟོབས་དར་སྤེལ་དུ་གཏོང་བ་དང་རང་སོ་སོའི་འགན་འཁྲིའི་ལས་བགོས་ལ་དམ་པོར་དམིགས་པ། ཚོགས་འདུའི་གོ་རིམ་གྱི་བླང་བྱ་ཁག་དང་ཞིབ་བསྡུར་ནན་ཏན་བྱེད་པ། དོན་ཚན་རེ་རེ་བཞིན་དོན་འཁྱོལ་བཅས་བྱས་ཏེ་སྤུས་ཚད་དང་གྲངས་འབོར་གཉིས་ལྡན་གྱི་སྒོ་ནས་བྱ་བའི་ལས་འགན་ལེགས་པར་སྒྲུབ་ནས། ཚོགས་ཆེན་བདེ་བླག་ངང་འཚོགས་རྒྱུར་འགན་ལེན་བྱེད་དགོས། ཁུལ་ཨུའི་སྲིད་གྲོས་བྱ་བའི་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ནས་བསམ་བློའི་ངོས་འཛིན་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་དང་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། ཧྲུའུ་ཅི་ལིས་ཀང་གི་གསུང་བཤད་ཀྱི་དགོངས་དོན་དང«ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་གཏིང་ཟབ་བྱས་ནས་དུས་རབས་གསར་བའི་མི་དམངས་སྲིད་གྲོས་ཀྱི་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར།»དེ་བཞིན་འགན་འཁྲི་ཁག་བགོས་ཀྱི་འཆར་གཞིའི་ནང་དོན་ལ་ཁྱོན་ཡོངས་ནས་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱས་ཏེ། ཚོགས་འདུའི་དགོངས་དོན་དྲིལ་སྒྲོག་དང་ཀློག་འགྲེལ་གྱི་བྱ་བར་ཤུགས་སྣོན་བརྒྱབ་ནས་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་འགན་འཁྲི་སྒྲུབ་པར་ཁྲིད་སྟོན་བྱ་དགོས། སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་བསམ་འདུན་ཞུ་བའི་ཆ་འཕྲིན་ལས་དོན་ནི་མི་དམངས་སྲིད་གྲོས་ཀྱི་རྨང་གཞིའི་རང་བཞིན་དང་རྒྱུན་ལྡན་རང་བཞིན་གྱི་ལས་དོན་ཞིག་ཡིན་པར་མ་ཟད། ངོས་འཛིན་གཅིག་མཐུན་དང་སྲིད་དོན་ཇུས་འདོན་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཀྱང་ཡིན་པས། སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་བསམ་འདུན་ཞུ་བའི་ཆ་འཕྲིན་ལས་དོན་དེ་སྲིད་ཞུགས་སྲིད་གླེང་བྱེད་པའི་འགག་རྩའི་ལྷུ་ཚིགས་སུ་བརྩིས་ནས། ཨུ་ཡོན་རྣམས་ཀྱིས་སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་བསམ་འདུན་མཚོན་པར་རང་འགུལ་རང་བཞིན་དང་ཧུར་བརྩོན་རང་བཞིན་ལ་སྐུལ་སློང་བྱ་དགོས་ཞེས་བསྟན།
འབྲེལ་ཡོད་འོས་སྦྱོར།