logo

ལིས་ཀང་གིས་གུང་ཧོ་རུ་གོ་སྐབས་དམ་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་བྱ་འགུལ་སྤེལ་བ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར། དུས་ཚོད།:2023-02-21 ཀློག་གྲངས།:
       ཉེ་སྔོན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའམ་མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་གུང་ཧོ་རྫོང་དང་མཚོ་ལྷོ་ཁུལ་ལྗང་མདོག་ཐོན་ལས་འཕེལ་རྒྱས་གླིང་ཁུལ་དུ་སོང་ནས། གོ་སྐབས་དམ་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་བྱ་འགུལ་སྤེལ་བ་དང་། གཙོ་གནད་ལས་གཞི་འཛུགས་སྐྲུན་དང་ཁེ་ལས་ལས་སྐྲུན་བསྐྱར་སྐྲུན་སོགས་ལ་རྟོག་ཞིབ་བྱས་ཤིང་། ཡུལ་དངོས་ནས་གནད་དོན་ཐག་གཅོད་བྱས། 
       ལིས་ཀང་འཁོར་དང་བཅས་པ་སྔ་གཞུག་ཏུ་ཁུལ་ཅིན་ཧྥིན་ཚན་རྩལ་རླུང་ནུས་གློག་འདོན་སྒྲིག་ཆས་ལས་སྣོན་ལས་གཞི་འདེམས་ས་དང་། མཚོ་སྔོན་ལུང་ཅི་ལི་ཡེ་འོད་ནུས་གློག་འདོན་ཚན་རྩལ་ཚད་ཡོད་ཀུང་སི། མཚོ་སྔོན་ཞོས་ཧྥིན་ནོར་ནག་འོ་ལས་ཚད་ཡོད་འགན་འཁྲི་ཀུང་སི་སོགས་སུ་སོང་ནས། རླུང་ནུས་གློག་འདོན་སྒྲིག་ཆས་ལས་སྣོན་ལས་གཞིའི་འཕེལ་རྒྱས་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་། ཁུལ་དང་རྫོང་གི་འབྲེལ་ཡོད་སྡེ་ཁག་གིས་གནད་ཁེལ་སྒོས་ཁེ་ལས་ལ་ཞབས་ཞུ་བྱས་ཏེ། ལས་གཞི་ཟླ3པར་ལས་མགོ་འཛུགས་སྐྲུན་བྱེད་པར་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན། དུས་མཚུངས་སུ། འོད་ནུས་གློག་འདོན་དང་། འོ་རྫས་ལས་སྣོན་ཐོན་སྐྱེད་དང་ཚོང་རྫས་འགྲེམ་སྟོན་ལ་བལྟས་པ་དང་། ཁེ་ལས་རྒྱ་བསྐྱེད་ཚོང་གཉེར་ལ་སྐུལ་མ་དང་། སྤུས་ཚད་མཐོར་འདེགས་སུ་གཏོང་བ། ཐོན་རྫས་ཇེ་ལེགས་སུ་གཏོང་དགོས་པའི་བླང་བྱ་བཏོན།
       ལིས་ཀང་གིས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་མཚོ་ལྷོ་ཁུལ་དུ་རྟོག་ཞིབ་བྱེད་སྐབས་ཀྱི་གསུང་བཤད་དགོངས་དོན་དང་། ཞིང་ཆེན་དང་ཁུལ་གྱི“ཁེ་ལས་ལ་རོགས་འདེགས་བྱེད་པའི་བྱ་འགུལ”ཁེ་ལས་བའི་བཞུགས་མོལ་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ནས། ཐུན་མིན་གྱི་འཕེལ་རྒྱས་དགེ་མཚན་འདོན་སྤེལ་བྱས་ཏེ། དག་གཙང་ནུས་ཁུངས་མཉམ་འདྲེས་ཀྱིས་ཐོན་ལས་གཞན་དག་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱས་ནས། དག་གཙང་ནུས་ཁུངས་ཐོན་ལས་འཛུགས་སྐྲུན་སྦྲེལ་མཐུད་དང་། རྒྱུན་བསྲིངས་བྱེད་པ་ཇེ་མགྱོགས་དང་ཐོན་ལས་ཚོགས་པ་ལེགས་པོར་སྒྲུབ་ནས། གཏན་འཇགས་འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་དུ་བཏང་སྟེ། མགོ་ཁྲིད་ལས་བྱེད་པའི་ཁེ་ལས་ལ་ཞབས་ཞུ་སྒྲུབ་པའི་སྒྲིག་སྲོལ་འཐུས་ཚང་དང་། གནད་དོན་བསྡུ་ལེན་འཐུས་ཚང་། ནུས་མཐོའི་ཐག་གཅོད། རྒྱུགས་ལེན་དཔྱད་ཞིབ་སོགས་ཀྱི་སྒྲིག་སྲོལ་ལ་ལྟ་སྐུལ་ལས་སྒྲུབ་བྱས་ནས། ཁེ་ལས་ཀྱི་དཀའ་ཁག་སེལ་རོགས་དང་། ཁེ་ལས་ཀྱི་འཕེལ་རྒྱས་ལ་རོགས་འདེགས་བྱེད་པ། དེ་མིན་རེ་སྒུག་བྱེད་འོས་པའི་མདུན་ལྗོངས་ལ་དམིགས་ཏེ། ཐོན་ལས་གླིང་ཁུལ་དར་རྒྱས་སུ་བཏང་ནས། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་། ད་ཡོད་ཀྱི་ཁེ་ལས་འཕེལ་རྒྱས་ལ་ཞབས་ཞུ་སྒྲུབ་ནས། སྔར་ལས་མང་པོའི་ཁེ་ལས་ཀྱིས་མཚོ་ལྷོར་དོ་སྣང་དང་མཚོ་སྔོན་ལ་དོ་སྣང་བྱེད་པར་ནང་འགུག་བྱེད་དགོས་ཞེས་བསྟན།
འབྲེལ་ཡོད་འོས་སྦྱོར།