ལས་འཁྱུར་ངལ་གསོ་པའི་རྒན་གསོའི་དངུལ3.8%ཇེ་མཐོར་གཏོང་རྒྱུ་རེད།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
དུས་ཚོད།:2023-05-25
ཀློག་གྲངས།:
ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ཚེས22ཉིན་མི་ཤུགས་ཐོན་ཁུངས་་སྤྱི་ཚོགས་འགན་སྲུང་པུའུ་དང་ནོར་སྲིད་པུའུ་ཡིས«2023ལོར་ལས་འཁྱུར་ངལ་གསོ་པའི་གཞི་རྩའི་རྒན་གསོའི་དངུལ་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་བརྡ་ཐོ»ཁྱབ་བསྒྲགས་བྱས་ཤིང་། 2023ལོའི་ཟླ1པའི་ཚེས1ཉིན་ནས་བཟུང་། 2022ལོའི་ལོ་མཇུག་གོང་ལ་གཏན་འབེབས་ལྟར་ལས་འཁྱུར་ངལ་གསོ་པའི་འགྲོ་ལུགས་བསྒྲུབས་བ་མ་ཟད། ཟླ་རེར་གཞི་རྩའི་རྒན་གསོའི་དངུལ་ལེན་པའི་ཁེ་ལས་དང་གཞུང་གི་ལས་ཁུངས། ལས་དོན་ལས་ཁུངས་ཀྱི་ལས་འཁྱུར་ངལ་གསོ་པའི་གཞི་རྩའི་རྒན་གསོའི་དངུལ་གྱི་ཆུ་ཚད་ཇེ་མཐོར་གཏང་རྒྱུ་དང་། ལེགས་སྒྲིག་སྤྱིའི་ཆུ་ཚད་ནི2022ལོའི་ལས་འཁྱུར་ངལ་གསོ་པའི་ཟླ་རེའི་ཆ་སྙོམས་ཀྱི་གཞི་རྩའི་རྒན་གསོའི་དངུལ་གྱི3.8%ཡིན།
མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིར་མུ་མཐུད་དུ་གྲོན་དངུལ་ཚད་གཞི་ལེགས་སྒྲིག་དང་། གྲོན་དངུལ་གྱི་འབྲེལ་ཡོད་རྒྱུ་རྐྱེན་ལེགས་སྒྲིག ཕྱོགས་རེས་བའི་ཟུང་འབྲེལ་འོས་འཚམ་ལེགས་སྒྲིག་བཅས་ལེགས་སྒྲིག་བྱེད་ཐབས་སྤྱོད་ཡོད་ལ། དེ་ལས་གྲོན་དངུལ་ཚད་གཞི་ལེགས་སྒྲིག་གིས་སྤྱི་ཚོགས་འདྲ་མཉམ་མཚོན་པས། ས་གནས་གཅིག་པའི་ལས་འཁྱུར་ངལ་གསོ་པ་ཅི་རིགས་ཀྱི་ལེགས་སྒྲིག་ཚད་གཞི་གཅིག་མཐུན་ཡིན། འབྲེལ་མཐུད་ལེགས་སྒྲིག་གིས“མང་སྤྲོད་མང་ཐོབ”དང“རིང་འཇལ་མང་ཐོབ”ཀྱི་ཡར་སྐུལ་སྒྲིག་གཞི་མཚོན་པས། ལས་ཞུགས་སྐབས་སུ་གྲོན་དངུལ་མང་པོ་སྤྲད་པ་དང་དུས་ཡུན་རིང་བོར་སྤྲད་པའི་མིར་རྒན་གསོའི་དངུལ་མང་པོ་ཞིག་ལེན་རྒྱུ་ཡོད། ལོ་ན་མཐོ་བའི་ལས་འཁྱུར་ངལ་གསོ་པར་འོས་འཚམ་གྱིས་ཐུགས་ཁུར་ཆེན་པོ་བྱེད་པ་ནི། གཙོ་བོ་ལོ་ན་མཐོ་བ་དང་། མཐའ་འཁོབ་ས་ཁུལ་གྱི་ལས་འཁྱུར་ངལ་གསོ་པ་སོགས་ལ་དམིགས་སུ་བདག་སྐྱོང་བྱེད་པ་ཡིན་ཟེར།
བརྡ་ཐོའི་ནང་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཁག་གིས་རང་ས་གནས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཞིབ་ཕྲའི་ལག་བསྟར་ཇུས་གཞི་བཟོས་ནས་མྱུར་དུ་སྒྲིག་འཛུགས་དང་ལག་བསྟར་བྱས་ཏེ། ཇེ་མང་དུ་བཏང་བའི་གཞི་རྩའི་རྒན་གསོའི་དངུལ་དེ་ལམ་སང་ལས་འཁྱུར་ངལ་གསོ་པར་སྤྲད་དགོས་པའི་བླང་བྱ་བཏོན།

འབྲེལ་ཡོད་འོས་སྦྱོར།