logo

ལིས་ཀང་གིས་ཁྲི་ཀ་རྫོང་དང་། ཀོས་ནན་རྫོང་། ཐུན་ཏེ་རྫོང་བཅས་སུ་བརྟག་ཞིབ་ལྟ་སྐུལ་དང་ཁྲིད་སྟོན་གནང་།

རྩོམ་པ་པོ།:དྲ་བའི་རྩོམ་སྒྲིག་པ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-06-14 ཀློག་གྲངས།:
ལིས་ཀང་གིས་ཁྲི་ཀ་རྫོང་དང་། ཀོས་ནན་རྫོང་། ཐུན་ཏེ་རྫོང་བཅས་སུ་བརྟག་ཞིབ་ལྟ་སྐུལ་དང་ཁྲིད་སྟོན་བྱས་ནས་དབུལ་ཐར་འཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད། གྲོང་གསེབ་དར་སྤེལ་ཡོང་བར་ཕན་ནུས་ལྡན་པའི་སྒོ་ནས་དཔྱད་ཞིབ་དང་དཔྱད་དཔོག་བྱས།
 
       ཟླ6པའི་ཚེས8ཉིན་ནས་ཚེས10ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་གིས་ཁྲི་ཀ་རྫོང་དང་། ཀོས་ནན་རྫོང་། ཐུན་ཏེ་རྫོང་བཅས་སུ་བརྟག་ཞིབ་ལྟ་སྐུལ་དང་ཁྲིད་སྟོན་བྱས་ནས་དབུལ་ཐར་འཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད། གཞི་རིམ་ཏང་འཛུགས་སྐྱོང་གི“དྲུག་གཅིག”དང་དུས་བདེའི་འཛུགས་སྐྲུན་བཀོད་སྒྲིག་གི“བཅུ་གཅིག”དོན་འཁྱོལ་བྱས་ཚུལ་ལ་གཟིགས་ཞིབ་མཛུབ་ཁྲིད་གནང་།
       རྫོང་གསུམ་གྱི་ཏང་ཨུ་དང་སྲིད་གཞུང་། འབྲེལ་ཡོད་སྡེ་ཁག་བཅས་ཀྱི་འགན་ཁུར་མི་སྣ་དང་བསམ་བློ་བརྗེ་རེས་གཏིང་ཟབ་བྱས་ནས་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་གནས་ཚུལ་ཞིབ་ཕྲར་རྒྱུས་ལོན་བྱ་སྐབས་བསྟན་དོན། བརྟག་དཔྱད་ཞིབ་འཇུག་དང་ཀུན་སྤྱོད་ལེགས་སྐྱོང་། འཇོན་ཐང་ཆེར་བསྐྱེད། དངོས་དོན་སྒྲུབ་པ། འགན་འཁུར་ཕོད་པ་བཅས་ཀྱི་ཆེད་དོན་བྱ་སྤྱོད་དང་ཟུང་འབྲེལ་བྱས་ཏེ། དཔའ་བོས་ལག་པ་གཅོད་ཕོད་པ་ལྟ་བུའི་ཆོད་སེམས་བརྟན་པོ་དང་། ཉེན་ཁའི་འདུ་ཤེས་བརྟན་པོར་འཆང་བ། མིག་སྔའི་དོན་དངོས་ལ་གཞིགས་ནས་ཞན་ཆར་དམིགས་ཏེ་ཞིབ་ཕྲ་དང་། དོན་དངོས་དང་མཐུན་པའི་བྱེད་ཐབས་སྤྱད་དེ་སེམས་ནུས་ཡོད་རྒུ་བཏོན་ནས་དཔྱད་ཞིབ་དང་ལྡོག་འདྲེན་གྱི་གནད་དོན་དང་། གཞི་རིམ་ཏང་འཛུགས་སྐྱོང་བཅས་ལ་སྐུལ་འདེད་གཏོང་བ། དུས་བདེའི་འཛུགས་སྐྲུན་བཀོད་སྒྲིག་སོགས་ལ་དཔྱད་ཞིབ་དང་མཛུབ་ཁྲིད་ཡང་དག་གནང་དགོས་པ་བསྟན།
འབྲེལ་ཡོད་འོས་སྦྱོར།