ཁྲིན་ཀང་གིས་མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་གི་སྨྱར་སྦྱོར་གཙོ་བོ་དང་ཞིང་ཆེན་རིམ་པའི་སྨྱན་སྦྱོར་གཙོ་བོ་ཁག་ལ་རྟོག་ཞིབ་བྱས།
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ།
དུས་ཚོད།:2023-06-19
ཀློག་གྲངས།:
ཉེ་སྔོན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲེན་ཀང་མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་གི་སྨྱན་སྦྱོར་གཙོ་བོ་དང་ཞིང་ཆེན་རིམ་པའི་སྨྱན་སྦྱོར་གཙོ་བོ་ཁག་ལ་ཕེབས་ནས་རྟོག་ཞིབ་མཛད་པར་མ་ཟད། གསར་འགྱུར་གླེང་ཕྱོགས་ལས་དོན་བཞུགས་མོལ་ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་ནན་ཏན་བྱེད་པ་དང་། བརྗོད་དོན་སློབ་གསོ་ཁྲོད་རྐང་པའི་སྟོབས་དང་མིག་གི་སྟོབས། ཀླད་པའི་སྟོབས། སྨྱུག་གུའི་སྟོབས་བཅས་སྦྱོང་བརྡར་བྱེད་པ། མཚོ་སྔོན་རྟོགས་པ་དང་མཚོ་སྔོན་ལ་དགའ་བ། མཚོ་སྔོན་དྲིལ་སྒྲོག་ལེགས་པོ་བཅས་བྱས་ནས། མཚོ་སྔོན་བཅོས་སྒྱུར་འཕེལ་རྒྱས་བརྟན་བརླིང་ལ་གླེང་ཕྱོགས་ཁོར་ཡུག་ལེགས་པོ་བསྐྲུན་དགོས་པར་ནན་གྱིས་བསྟན།
བཞུགས་མོལ་ཚོགས་འདུ་མ་འཚོགས་སྔོན་དུ། ཁྲེན་ཀང་མི་དམངས་ཉིན་རེའི་ཚགས་པར་ཁང་མཚོ་སྔོན་ཡན་ལག་ཁང་དང་ཞིན་ཧྭ་གསར་འགྱུར་ཁང་མཚོ་སྔོན་ཡན་ལག་ཁང་། ཀྲུང་དབྱང་རྒྱང་སྒྲོག་བརྙན་སྤྱི་ཁྱབ་ལས་ཁུངས་མཚོ་སྔོན་སྤྱིའི་ས་ཚིགས་བཅས་སུ་ཕེབས་ནས། ཀྲུང་དབྱང་སྨྱན་སྦྱོར་གྱིས་དམག་ཤུགས་གཙོ་བོ་དང་བརྒྱུད་ལམ་གཙོ་བོ་གཡུལ་ས་གཙོ་བོའི་ནུས་པ་བཏོན་པ་དང་། བརྩེ་བ་མཚོ་སྔོན་ལ་འབྲེལ་བ་དང་གཞི་རྐང་མཚོ་སྔོན་ལ་ཚུགས་པ། མཚོ་སྔོན་དྲིལ་སྒྲོག་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་གནང་སྟེ། སྔར་སྲོལ་འགྱུར་མེད་སྒོས་སྨྱན་སྦྱོར་གྱིས་མཚོ་སྔོན་དུ་ལས་དོན་སྤེལ་བར་རྒྱབ་སྐྱོར་གནང་རྒྱུ་ཡིན་པའི་དགོངས་ཚུལ་བསྟན། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་དང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་ལ་ཕེབས་ནས། སྨྱན་སྦྱོར་འདྲེས་སྦྱོར་བཅོས་སྒྱུར་གྱི་འཕེལ་འགྲོས་ལ་གཟིགས་ཞིབ་གནང་བ་དང། བརྗོད་དོན་སློབ་གསོ་སྤེལ་བའི་གནས་ཚུལ་ལ་སྐུལ་ཁྲིད་མཛད། ཁོང་གིས་བརྗོད་དོན་སློབ་གསོ་ཁྲོད་སྨྱན་སྦྱོར་ནི་ཟབ་ཞུགས་པ་ཡིན་ལ་དྲིལ་སྒྲོག་པ་ཡང་ཡིན་པས། ཏང་དང་མི་དམངས་ཀྱི་བྱ་གཞག་ལ་འགན་འཁུར་ཚད་མཐོན་པོའི་རྣམ་འགྱུར་ལ་བརྟེན་ནས། “དགོངས་པ་སློབ་པ་དང་ཏང་གཤིས་སྐྱེད་པ། ལག་ལེན་གཙོ་བ། བྱས་རྗེས་འཇོག་པ”བཅས་ཀྱི་སྤྱིའི་བླང་བྱ་ལྟར། ཚད་གཞི་མཐོན་པོ་དང་སྤུས་ཚད་མཐོན་པོས་བརྗོད་དོན་སློབ་གསོ་ལེགས་པར་སྤེལ་དགོས་ལ། དུས་མཚུངས་སུ། སྨྱན་སྦྱོར་གྱི་ཁྱབ་སྒྲོག་དགེ་མཚན་ལེགས་པར་འདོན་པ་དང་། དྲིལ་སྒྲོག་སྒྲོག་སྤེལ་གྱི་འཇུག་སྒོ་དང་ཤུགས་འདོན་ས་ཡང་དག་པར་བཙལ་ནས། བརྗོད་དོན་སློབ་གསོ་གཏིང་ཟབ་ས་དང་དངོས་ལ་འབེབས་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན།
བཞུགས་མོལ་ཚོགས་འདུའི་ཐོག མི་དམངས་ཉིན་རེའི་ཚགས་པར་ཁང་གི་མཚོ་སྔོན་ཡན་ལག་ཁང་དང་ཞིན་ཧྭ་གསར་འགྱུར་ཁང་གི་མཚོ་སྔོན་ཡན་ལག་ཁང་། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་མཚོ་སྔོན་སྤྱིའི་ས་ཚིགས། ཀོང་མིན་ཉིན་རེའི་ཚགས་པར་གྱི་མཚོ་སྔོན་གསར་འགོད་པའི་ས་ཚིགས། དཔལ་འབྱོར་ཉིན་རེའི་ཚགས་པར་གྱི་མཚོ་སྔོན་གསར་འགོད་པའི་ས་ཚིགས། ཀྲུང་གོའི་གསར་འགྱུང་ཁང་གི་མཚོ་སྔོན་ཡན་ལག་ཁང་། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་སོགས་སྨྱན་སྦྱོར་གྱི་འགན་འཁུར་བློ་མཐུན་གཙོ་བོས་གཏམ་བཤད་རྗེས། ཁྲེན་ཀང་གིས་ཚང་མས་ཁྱབ་ཆེ་བ་དང་གླེང་ཤུགས་ཆེ་བ། གཏིང་ཟབ་པའི་གསར་འགྱུར་སྒྲོལ་སྤེལ་བྱས་པར་གདེང་འཇོག་གང་ལེགས་མཛད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་མཛད་ནས་ཚང་མས་ཀྲུང་དབྱང་གི་དགོངས་དོན་དང་མཚོ་སྔོན་གྱི་དངོས་ཡོད། མང་ཚོགས་ཀྱི་དོ་སྣང་བཅས་ཀྱི་དྲིལ་སྒྲོག་ཁྲོད་དཀའ་ཚེགས་སྐུ་ངལ་ལ་མའཛེམ་པར་བློས་གཏོང་མང་པོ་བྱས་པར་ཐུགས་རྗེ་ཆེ་ཞུས་ཤིང་། ཡུལ་དངོས་དང་པོའི་གསར་འགྱུར་ལས་དོན་པར་འཚམས་འདྲི་གནང་། ཁྲེན་ཀང་གིས། མཚོ་སྔོན་རྟོགས་པ་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་ལས་དོན་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ལ་སློབ་སྦྱོང་ཟབ་མོ་དང་ལག་བསྟར་མཐའ་འཁྱོལ་བྱེད་པ་དང་། འཛམ་གླིང་གི་མཐོང་རྒྱའི་ཁྲོད་མཚོ་སྔོན་གྱི་རིན་ཐང་ངོས་ཟིན་པ་དང་རྒྱལ་ཁབ་ཀྱི་གནས་སྟངས་ཁྲོད་མཚོ་སྔོན་གྱི་འགན་འཁྲི་ངོས་ཟིན་པ། དམངས་འཚོའི་གནས་སྟངས་ཁྲོད་མཚོ་སྔོན་གྱི་བྱ་གཞག་ངོས་ཟིན་པར་བྱེད་པ། ཆེས་བེད་ཆོད་པའི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་ལ་བརྟེན་ནས་དུས་རབས་ལ་ལྟ་ཞིབ་དང་མཚོ་སྔོན་ཀློག་འགྲེལ་བྱེད་པ། མཚོ་སྔོན་གྱི་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ལག་བསྟར་དངོས་འབེབས་ཟབ་མོ་བྱེད་པའི་ཁྲོད་ཀྱི་དངོས་ཡོད་བྱེད་ཐབས་དང་ཡིད་དགའ་བའི་འགྱུར་ལྡོག་བདེན་དངོས་གསོན་ཉམས་ཕྱུག་པའི་སྒོ་ནས་མཚོན་པར་བྱེད་དགོས། མཚོ་སྔོན་ལ་དགའ་བར་བྱེད་པ་ལ། མཚོ་སྔོན་གྱི་ཞིང་ཆེན་གནས་ཚུལ་དང་ཁྱད་ཆོས་གཏིང་ཟབ་པའི་སྒོ་ནས་ཁོང་དུ་ཆུད་པ་དང་། མཚོ་སྔོན་གྱིས་བླངས་པའི་གྲུབ་འབྲས་དང་གནས་པའི་ཁྱད་པར་གཏིང་ཟབ་པའི་སྒོ་ནས་ཁོང་དུ་ཆུད་པ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཁ་ཕྱོགས་བརྒྱུད་ལམ་གཏིང་ཟབ་པའི་སྒོ་ནས་ཁོང་དུ་ཆུད་པ། མཚོ་སྔོན་གྱི་ས་གཞི་ཆེན་པོར་རྐང་འཛུགས་པ་དང་བློས་གཏོང་སྙིང་སྟོབས་དར་སྤེལ་གཏོང་བ། མཐོ་སྒང་གི་བརྩེ་སེམས་སྐྱོང་བ། མི་དམངས་ཀྱི་སེམས་འདུན་མཚོན་པ་དང་དུས་རབས་ཀྱི་སྙིང་སྟོབས་ཟིན་ཐོར་འགོད་པ། མཚོ་སྔོན་གྱི་སྐད་སྒྲ་སྒྲོག་སྤེལ་བཅས་བྱེད་དགོས། མཚོ་སྔོན་དྲིལ་སྒྲོག་ལེགས་པོ་བྱེད་པ་ལ། ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་ཡར་སྐུལ་གྱི་སྟོབས་གཅིག་ཏུ་སྡུད་པར་རྒྱུན་འཁྱོངས་བྱེད་པ། དྲང་སྲུང་གསར་གཏོད་རྒྱུན་འཁྱོངས་བྱེད་པ། གསར་འགྱུར་འཇོན་མི་རུ་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་པ། སྨྱན་སྦྱོར་འདྲེས་སྦྱོར་བཅོས་སྒྱུར་འཕེལ་རྒྱས་ལ་མྱུར་ཏུ་སྐུལ་འདེད་གཏོང་བ། ཁེ་བཟང་རེག་མཁན་གྱི་དགོས་མཁོ་ལ་འབད་པས་འཚམ་པར་བྱེད་པ། མི་མང་གི་དགའ་བསུ་ཐོབ་པའི་རྣམ་པ་བརྒྱུད་ཅིང་། སེམས་རྣལ་མོ་དང་བརྩེ་བ་ཟབ་མོས་མཚོ་སྔོན་གྱི་སྐྱེ་ཁམས་གཏམ་རྒྱུད་དང་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཏམ་རྒྱུད་བཅས་ལེགས་པར་སྒྲོག་དགོས་ཞེས་ནན་གྱིས་གསུངས།
ཀྲུའུ་ཞང་ཧྥེང་རྟོག་ཞིབ་ལ་ཞུགས་པ་དང་། ཧོ་ལི་ཁྲུང་མཉམ་དུ་རྟོག་ཞིབ་ལ་ཞུགས་པར་མ་ཟད་བཞུགས་མོལ་ཚོགས་འདུར་མགོ་འཛིན་བྱས། །

འབྲེལ་ཡོད་འོས་སྦྱོར།