logo

ལིས་ཀང་གིས་མཚོ་སྔོན་པོའི་ལྷོ་རྒྱུད་ཀྱི་བྱ་བར་རྟོག་ཞིབ་བྱས་པ།

རྩོམ་པ་པོ།:དྲ་བའི་རྩོམ་སྒྲིག་པ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-06-27 ཀློག་གྲངས།:
       ཟླ6པའི་ཚེས24ཉིན། མཚོ་ལྷོ་ཁུལ་ཨུའུ་ཧྲུའུ་ཅི་ལིས་ཀང་སྔ་གཞུག་ཏུ་རིག་སྨོན་གྲོང་རྡལ་དང་ཅང་སི་གྲོང་རྡལ། རྟ་ནག་མ་གྲོང་རྡལ། སྤྲེལ་ནག་གྲོང་རྡལ། མཚོ་ཤར་ལུག་རྒྱུད་གསོ་སྤེལ་ར་བ། གླང་ཆེན་མཆེ་བའི་ཡུལ་སྐོར་ས་ཚིགས་བཅས་སུ་སོང་སྟེ། མཚོ་སྔོན་པོའི་བྱེ་འགོག་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ཡུལ་སྐོར་བདེ་འཇགས། ཡུལ་སྐོར་རྨང་གཞིའི་བདེ་འཇགས་སྒྲིག་ཆས་འཛུགས་སྐྲུན། ཡུལ་སྐོར་ཞབས་ཞུའི་འགན་སྲུང་བྱ་བ་བཅས་ལ་ཡུལ་དངོས་ནས་རྟོག་ཞིབ་བྱས་པར་མ་ཟད། མཚོ་སྔོན་པོ་དོ་དམ་ཅུའུ་ཡི་འགན་འཁུར་བློ་མཐུན་གཙོ་བོ་དང་འབྲེལ་འདྲིས་གླེང་མོལ་ཟབ་མོ་བྱས།
       ཁོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་མཛུབ་སྟོན་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། ཞིང་ཆེན་ཏང་ཨུའུ་ཡི་འགོ་ཁྲིད་གཙོ་བོས་ཟླ4པའི་ཚེས27ཉིན་མཚོ་སྔོན་པོར་རྟོག་ཞིབ་བྱེད་སྐབས་ཀྱི་མཛུབ་སྟོན་བླང་བྱ་གཟབ་ནན་གྱིས་ལག་བསྟར་བྱེད་པ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་དམིགས་ས་ལས་མཚོ་སྔོན་པོའི་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་གྱི་བྱ་བའི་དམིགས་འབེན་དང་མཚོ་སྔོན་པོའི་ཡུལ་སྐོར་བ་ཆེས་མང་པོའི་དུས་ཚིགས་ལ་བསུ་བ་བྱེད་པའི་དངོས་ཡོད་དགོས་མཁོར་གཞིག་སྟེ། སྤྱོད་སྟངས་གཟབ་ནན་དང་ཞབས་ཞུ་ལེགས་པོ། འགན་སྲུང་ཞིབ་མོས་ཡུལ་སྐོར་བར་མཚོ་སྔོན་པོའི་སྐྱེ་ཁམས་མཛེས་པར་མྱོང་རོལ་དང་སྲུང་སྐྱོབ་བྱེད་དུ་འཇུག་དགོས་པ་བསྟན།
       རྟོག་ཞིབ་སྐབས་སུ། ལིས་ཀང་གིས་མཚོ་ཤར་ལུག་རྒྱུད་གསོ་སྤེལ་ར་བའི་རྩྭ་ས་སྲུང་སྐྱོབ་ཀྱི་གནད་དོན་དག་ཐར་ལེགས་བཅོས་དང་ཞིང་སྡེ་ཡུལ་སྐོར་གྱི་ཚོང་གཉེར་ས་ཚིགས། ཟ་མ་དང་ཡུལ་སྐོར་གྲུ་གཟིངས་ཀྱི་བདེ་འཇགས་དོ་དམ། ཡུལ་སྐོར་གསང་སྤྱོད་ཁང་ལེགས་བཅོས། པཎ་ཆེན་ལབ་ཙེ་འཛུགས་སྐྲུན་གྱི་གནས་ཚུལ་སོགས་ལ་ཡུལ་དངོས་ནས་རྟོག་ཞིབ་བྱས་པ་མ་ཟད་རྗེས་མའི་བྱ་བར་བླངས་བྱ་བཏོན།
འབྲེལ་ཡོད་འོས་སྦྱོར།