མཚོ་སྔོན་གྱིས་སློབ་གྲྭ་ཆེན་མོའི་སློབ་ཡོན་ཇེ་མཐོར་གཏང་རྒྱུ་རེད།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
དུས་ཚོད།:2023-08-02
ཀློག་གྲངས།:
སྤྱི་ཚོགས་ཀྱི་ཕྱོགས་ཁག་གི་བསམ་འཆར་རྒྱ་ཁྱབ་ཏུ་ཉན་པ་དང་། སྲིད་གཞུང་གིས་གཏན་འབེབས་བྱས་པའི་རིན་གོང་ཡོངས་བསྒྲགས་རང་བཞིན་དང་། ཚན་རིག་རང་བཞིན། གསལ་ཚད་བཅས་མཐོ་རུ་གཏོང་བ། རིན་གོང་གཙོ་གཉེར་སྡེ་ཁག་དང་སྤྱི་ཚོགས་ལས་རིགས་ཁག་བར་གྱི་འབྲེལ་འདྲེས་ལ་ཤུགས་སྣོན་བཅས་བྱ་ཆེད། «རིན་གོང་བཅའ་ཁྲིམས»དང«སྲིད་གཞུང་གིས་གཏན་འབེབས་བྱས་པའི་རིན་གོང་ཐད་ཀྱི་དཔང་ཉན་བྱ་ཐབས»སོགས་འབྲེལ་ཡོད་གཏན་འབེབས་ལྟར། ཟླ7པའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱིས་དཔང་ཉན་ཚོགས་འདུ་འཚོགས་ནས། མཚོ་སྔོན་ཞིང་ཆེན་གཞུང་གཉེར་མཐོ་སློབ་དཀྱུས་མའི་སློབ་ཡོན་བསྡུ་བའི་ཚད་གཞི་ལེགས་སྒྲིག་ཇུས་གཞིའི་དགོས་ངེས་རང་བཞིན་དང་ལག་བསྟར་བྱེད་འཐུས་རང་བཞིན་ཐད་ནས་བསམ་འཆར་བསྡུ་ལེན་བྱས། འཛད་སྤྱོད་པ་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མི། སྲིད་གྲོས་ཨུ་ཡོན། སྲིད་གཞུང་སྡེ་ཁག་གི་མི་སྣ། ཆེད་མཁས་པ་དང་མཁས་དབང་། མཐོ་སློབ་ཀྱི་འཐུས་མི་སོགས་མི19དཔང་ཉན་ཚོགས་འདུར་ཞུགས་པ་རེད།
«མཚོ་སྔོན་ཞིང་ཆེན་གྱི་གཞུང་གཉེར་མཐོ་སློབ་དཀྱུས་མའི་སློབ་ཡོན་ཚད་གཞི་ལེགས་སྒྲིག་ཇུས་གཞི»གཞིར་བཟུང་། ཐེངས་འདིའི་སློབ་ཡོན་ཚད་གཞི་ལེགས་སྒྲིག་ཁྱབ་ཁོངས་ནང་རང་རེའི་ཞིང་ཆེན་གྱི་གཞུང་གཉེར་མཐོ་སློབ་དཀྱུས་མའི་དངོས་གཞིའི་ཚན་ཁག་དང་ཆེད་ལས་ཚན་ཁག་གི་སློབ་ཡོན་ཚད་གཞི་ཁོ་ན་ཚོད་འཛིན་བྱ་རྒྱུ་ལས། ཞིབ་འཇུག་སློབ་མ(འབུམ་རམས་པ་ཚུད་པ)དང་། དམངས་གཉེར་མཐོ་རིམ་སློབ་ཆེན། རང་ཚུགས་སློབ་གླིང་། ཀྲུང་ཕྱིའི་མཉམ་ལས་སློབ་གཉེར་གྱི་སློབ་ཡོན་ཚད་གཞི་སོགས་ཚུད་མེད་ལ། རང་ཞིང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་དང་། མང་ཚོགས་ཀྱི་ཐེག་ནུས། མཐོ་རིམ་སློབ་གསོ་འཕེལ་རྒྱས་ཀྱི་གནས་ཚུལ། དེ་བཞིན་མཐའ་འཁོར་ཞིང་ཆེན་གྱི་སློབ་ཡོན་ཚད་གཞི་སོགས་ཀྱི་རྒྱུ་རྐྱེན་བཅས་ཕྱོགས་ཡོངས་ལ་བསམ་གཞིག་བཏང་ཡོད། ལེགས་སྒྲིག་བྱས་རྗེས་དངོས་གཞིའི་ཚན་ཁག་དུས་མཚམས་ཀྱི་སློབ་ཡོན་ཆ་སྙོམས་སུ་མི་རེར་ལོ་རེར་སྒོར700ཙམ་འཕར་བ་དང་འཕར་ཚད15%ཙམ་ཟིན། མཐོ་རིམ་ལས་རིགས་སློབ་གྲྭའི་སློབ་ཡོན་ཆ་སྙོམས་སུ་མི་རེར་ལོ་རེར་སྒོར670ཙམ་འཕར་བ་དང་ཆ་སྙོམས་ཀྱི་འཕར་ཚད16%ཟིན་པ་རེད། ཐེངས་འདིའི་སློབ་ཡོན་ཚད་གཞི་ལེགས་སྒྲིག་བྱས་རྗེས། 2023ལོའི་སྟོན་དུས་ཀྱི་སློབ་འགོ་ཚུགས་དུས་སུ་ལག་བསྟར་བྱ་རྩིས་ཡོད་ལ། སྐབས་དེར་སློབ་ཡོན་བསྡུ་བའི“སློབ་མ་རྒན་གྲས་ཀྱི་བྱེད་ཐབས་དང་། སློབ་མ་གསར་པའི་བྱ་ཐབས་གསར་པ”ཡི་རྩ་དོན་ལག་བསྟར་བྱ་རྒྱུ། དེ་བཞིན་དུ་སློབ་ཡོན་གྱི་ཚད་གཞི་ལེགས་སྒྲིག་བྱས་རྗེས། ཁྱིམ་ཚང་གི་འཁོས་ཀ་ཞན་ལ་དཀའ་ངལ་ཡོད་པའི་སློབ་མར། ཀྲུང་དབྱང་དང་ཞིང་ཆེན་དེའི“བྱ་དགའ་དང་། དངུལ་བུན། རོགས་རམ། ཁ་གསབ། སློབ་གསོ”བཅས་དང་ལས་སློབ་གཉིས་བརྩོན་སོགས་ཀྱི་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་ནན་པོ་བྱས་ནས། མཐོ་སློབ་ཀྱིས་ལོ་ལྟར་སློབ་གྲྭའི་བྱ་གཞག་གི་ཡོང་འབབ་ནང་ནས་གྲོན་དངུལ་འདང་ངེས་བླངས་ཏེ། ཆེད་མངགས་རོགས་སྐྱོར་ལས་དོན་ཐད་སྤྱད་ནས་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་འཕྲད་པའི་དབང་གིས་སློབ་མཚམས་བཞག་པའི་གནས་ཚུལ་མི་ཐོན་པར་འགན་ལེན་བྱ་རྒྱུ་རེད།
ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱི་འབྲེལ་ཡོད་མི་སྣས་བསྟན་དོན། ཐེངས་འདིའི་སློབ་ཡོན་ཚད་གཞི་ལེགས་སྒྲིག་གི་དཔང་ཉན་ཚོགས་འདུ་ནི་ཕྱོགས་ཁག་གི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱས་པ་ཞིག་ཡིན། ཚོགས་འདུ་གྲོལ་རྗེས་དཔང་ཉན་ཚོགས་འདུར་ཞུགས་མཁན་གྱིས་བཏོན་པའི་ལུགས་མཐུན་གྱི་བསམ་འཆར་དང་གྲོས་གཞི་ལྟར། དཔང་ཉན་ཇུས་གཞིར་བཟོ་བཅོས་བརྒྱབ་ཏེ། འབྲེལ་ཡོད་སྡེ་ཁག་གི་བསམ་འཆར་བསྡུ་ལེན་བྱས་རྗེས་དཔང་ཉན་སྙན་ཞུ་གོ་རིམ་ལྟར་ཞིང་ཆེན་སྲིད་གཞུང་ལ་འབུལ་བ་དང་། དེ་གས་ཞིབ་བཤེར་ཐོག་གཏན་འབེབས་བྱ་རྒྱུ་རེད་ཟེར།

འབྲེལ་ཡོད་འོས་སྦྱོར།