མཚོ་ལྷོ་ཁུལ་གྱི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་འཚོགས།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་ཚགས་པར།
དུས་ཚོད།:2023-08-19
ཀློག་གྲངས།:
ཀྲུང་གོ་གུང་ཁྲན་ཏང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་འཚོགས།
ཟླ8པའི་ཚེས17ཉིན། ཀྲུང་གོ་གུང་ཁྲན་ཏང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་འཚོགས། ཚོགས་འདུའི་འགན་འཁྲི་གཙོ་བོ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་སྟོན་རྒྱུན་འཁྱོངས་དང་། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་དགོངས་དོན་ལག་ལེན་མཐའ་ཕྱིན་བྱེད་པ། ཞིང་ཆེན་གྱི་སྐབས་བཅུ་བཞི་བའི་ཏང་འཐུས་ཚོགས་ཆེན་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ལ་ལག་ལེན་དོན་འཁྱོལ་བྱས་ཏེ། ཁུལ་ཡོངས་ཀྱི་གོང་འོག་བར་གསུམ་ཀུན་ནས་གོ་སྐབས་དམ་འཛིན་དང་མཐུན་སྒྲིལ་འབད་འཐབ། དཀའ་ངལ་ཁྱད་གསོད་ཀྱིས་ཁུལ་ཨུའི“12345”འབད་འཐབ་དམིགས་འབེན་ལྟར། མུ་མཐུད་དུ“མཚོ་ལྷོའི་དྲུག”འཛུགས་སྐྲུན་ལ་སྐུལ་འདེད་དང་། གུང་ཧོ་གཞོང་སའི་ལྗང་མདོག་འཕེལ་རྒྱས་དང་མི་དམངས་ཀྱི་བདེ་སྐྱིད་འཚོ་བ་གསར་སྐྲུན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་འཆར་གཞི་རླབས་ཆེན་མངོན་འགྱུར་ཡོང་བར་མཚོ་ལྷོས་བྱས་རྗེས་འཇོག་དགོས།
ཚོགས་འདུ་ལ་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་མགོ་འཛིན་བྱས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་གིས་གཏམ་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་ཀརྨ་ཕུན་ཚོགས་ཀྱིས་ལོ་སྟོད་ཀྱི་དཔལ་འབྱོར་བྱ་བ་ལ་སྤྱི་བསྡོམས་དང་ལོ་སྨད་ཀྱི་དཔལ་འབྱོར་བྱ་བར་བཀོད་སྒྲིག་མཛད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཀྲུང་ཡིས་དང་ཁུལ་ཨུའི་རྒྱུན་ཨུ་ཆན་ཀོ་ཆིན། ཀྲུང་ཧྥུན། ལེའོ་ཡིན། ལན་ཧྲིན་ཧྥིན། ཉེའོ་ཏིག་ཧེ། ཀྲིན་ཕེན་ཞན་སོགས་ཚོགས་འདུར་ཞུགས།
ཚོགས་འདུ་ལས་བསྟན་དོན། ད་ལོའི་ཚུན་ལ་ཁུལ་ཨུས་ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཡོངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཤིང་། བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་ལྟར་མདུན་དུ་བསྐྱོད་ཅིང་། ཞིང་ཆེན་ཏང་ཨུའི་སྤྱིའི་བཀོད་སྒྲིག་ལྟར་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི་གནས་བཞི་ལ་ཧུར་ཐག་གིས་འཛུགས་སྐྲུན་བྱས་ཏེ། འཁོར་སྐྱོད་སྙོམས་སྒྲིག་ཁྲོད་དུ་བརྟན་བརླིང་དང་སྐྱེ་ཁམས་སྲུང་སྐྱོང་ཁྲོད་དུ་ལྗང་མདོག ཐོན་ལས་སྒྲིག་གཞིའི་ལེགས་བཅོས་ཁྲོད་དུ་སྔོན་བསྐྱོད་དང་། མཁར་ཤང་འཛུགས་སྐྲུན་ཁྲོད་ཀྱི་ཞན་ཆར་ཁ་གསབ། བཅོས་སྒྱུར་སྒོ་འབྱེད་ཁྲོད་ཀྱི་སྒུལ་ཤུགས་གསར་བར་ཟབ་སྤེལ། དམངས་འཚོ་ཕན་བདེ་ཁྲོད་དུ་གཟིགས་སྐྱོང་སོགས་བྱས་ནས། ཁུལ་ཡོངས་ཀྱི་དཔལ་འབྱོར་བསྡོམས་འབོར་དང་སྤུས་ཚད་ཕན་འབྲས་ཇེ་མཐོར་འགྲོ་བཞིན་ཡོད་ལ། ནུས་ཁུངས་གཙང་མ་དང་མི་རིགས་མཐུན་སྒྲིལ་སོགས་ཀྱི་བྱ་བཞག་ཡོད་ཚད་ཞིང་ཆེན་ཡོངས་ཀྱི་སྔོན་དུ་སླེབས་ཡོད་པ་མ་ཟད། སྐྱེ་ཁམས་སྲུང་སྐྱོང་དང་དམངས་འཚོའི་བྱ་བཞག་གོང་དུ་འཕེལ་ནས་བདེ་འཇགས་འཛུགས་སྐྲུན་དང་ཏང་གི་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བས་རིགས་སོ་སོའི་མི་དམངས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་སོགས་མངོན་གསལ་གྱིས་ཇེ་མཐོར་སོང་ཡོད། ནང་སྒོས་སུ་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་བའི་དགའ་སྟོན་རྒྱལ་ཁའི་ངང་སྤེལ་ཞིང་། ཕྱོགས་ཡོངས་ནས་མཚོ་ལྷོ་ཁུལ་གྱི་ལོ་ངོ70ཡི་འབད་འཐབ་ཀྱི་ལོ་རྒྱུས་ལ་ཕྱོགས་བསྡོམས་བྱས་པར་མ་ཟད། མཉམ་དུ་རླབས་ཆེན་ཏང་གི་བཀའ་དྲིན་དང་མེས་རྒྱལ་གྱི་དར་རྒྱས། འདས་ཟིན་པའི་མཚར་སྡུག་དང་མ་འོངས་པའི་འོད་སྟོང་ལ་དྲན་གསོ་བྱས་ཤིང་། ལོ་རྒྱུས་ཀྱི་མགོ་འཛུགས་ས་གསར་པའི་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་ལྷོའི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་ཆེད་མཐུན་སྒྲིལ་ཡར་བརྩོན་གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཡོད།
ཚོགས་འདུ་ལས་ནན་གྱིས་བསྟན་དོན། ང་ཚོས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་དེང་རབས་ཅན་གྱི་མཚོ་ལྷོ་གསར་བའི་འཛུགས་སྐྲུན་གྱི་ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དུ་གཏོང་དགོས་ལ། ཕྱོགས་ཡོངས་ནས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་མཚོ་ལྷོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་དུ་སྐུལ་འདེད་གཏོང་དགོས། ཞིང་ཆེན་ཏང་ཨུའི་སྤྱོད་ཚུལ་འཛུགས་སྐྱོང་གི་སྤྱིའི་བཀོད་སྒྲིག་ལ་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ཏེ། སྤྱོད་ཚུལ་བཟང་པོར་བརྟེན་ནས་དེང་རབས་ཅན་གྱི་མཚོ་ལྷོ་གསར་པ་འཛུགས་སྐྲུན་བྱ་ཆེད་གཞོགས་འདེགས་བྱ་དགོས།
ཚོགས་འདུ་ལས་བསྟན་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བས་ང་ཚོར་མདུན་དུ་སྐྱོད་པའི་དུང་བརྡ་བཏང་ཞིང་། མཛེས་སྡུག་ལྡན་པའི་དཔེ་རིས་དོན་དངོས་སུ་འགྱུར་བ་དང་། འགག་རྩ་དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་ཡོད། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ནན་ཏན་གྱིས་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལྟར་སློབ་སྦྱོང་དམ་འཛིན་དང་དོན་འཁྱོལ་དམ་འཛིན། སྤྱོད་ཚུལ་དམ་འཛིན་ཏན་ཏིག་བྱས་ཏེ།བསམ་ཕྱོགས་དང་ལས་ཀ སྒྲིག་ཁྲིམས་དམ་དུ་འགྲོ་བ་དང་སྤྱོད་ཚུལ་ཇེ་ལེགས་སུ་འགྲོ་བ་བཅས་ལ་སྐུལ་འདེད་གཏོང་དགོས་ཤིང་། ལོ་གཅིག་གི་ལས་འགན་ལ་དམིགས་ནས་བརྗོད་བྱ་གཙོ་བོའི་སློབ་གསོ་ཁག་གཉིས་པ་དང་། ཞིང་ཆེན་གྱིས་རང་ཁུལ་གྱི་དམིགས་འབེན་འགན་འཁྲིའི་དཔྱད་ཞིབ། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཀྱིས་སྤྲད་པའི་གནད་དོན་ལ་དག་ཐེར་དང་ཞིང་ཆེན་ཏང་ཨུའི་སྐྱེ་ཁམས་དཔལ་ཡོན་སྲུང་སྐྱོང་གི་མཐོ་སའི་འཛུགས་སྐྲུན་གྱི་ཆེད་དོན་སྐོར་ཞིབ་ལ་གཞོགས་འདེགས་བྱས་ཏེ། བདེ་འཇགས་ཐོན་སྐྱེད་དང་ཆུ་ལོག་སྔོན་འགོག་སོགས་ཉེ་དུས་ཀྱི་གཙོ་གནད་ལས་དོན་ལ་དམ་འཛིན་བྱས་ནས་འགག་སྒྲོལ་དཀའ་སེལ་གྱི་ངར་ཤུགས་དང་དངོས་འཛིན་དངོས་སྒྲུབ་ཀྱི་སྤྱོད་ཚུལ་ཐོག་ནས་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་དེ་རང་རེའི་མཚོ་ལྷོར་དོན་འཁྱོལ་ཞིབ་ཚགས་བྱ་རྒྱུར་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་ཀྱིས་འབོད་སྐུལ་གནང་དོན། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ལ་གནང་བའི་བླང་བྱ་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨའི་བླང་བྱ་ལ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། སྟོབས་ཤུགས་གཅིག་སྒྲིལ་གྱིས་མཚོ་ལྷོའི་འཛུགས་སྐྲུན་དྲུག་དང་གུང་ཧོ་གཤོང་སའི་ལྗང་མདོག་འཕེལ་རྒྱས། མི་དམངས་ཀྱི་བདེ་སྐྱིད་འཚོ་བར་སྟོབས་ཤུགས་འབུལ་དགོས།
ཁུལ་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་དག་ཚོགས་འདུར་ཞུགས་ཤིང་། ཁུལ་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་མིན་པའི་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་ཀྱི་ཏང་ཙུའུ་ཡི་ཁོངས་མི། མཚོ་ལྷོ་ཡན་ལག་དམག་ཁུལ་ཁང་གི་དམག་སྤྱི་བཅས་དང་། ཁུལ་ཨུའི་འབྲེལ་ཡོད་དྲུང་ཆེ་གཞོན་པ་དང་། ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན། རྫོང་དང་ཤང་། གྲོང་རྡལ་གྱི་མགོ་ཁྲིད་བློ་མཐུན་དང་ཁུལ་གཏོགས་ལས་ཁུངས།མི་དམངས་ཚོགས་པ། ཁུལ་སྡོད་ཞིང་ཆེན་གྱི་འགན་འཁུར་བློ་མཐུན། ཚོགས་ཆེན་ཉི་ཤུར་ཞུགས་པའི་རང་ཁུལ་གྱི་འཐུས་མི། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་བའི་ཏང་འཐུས་ཚོགས་ཆེན་གྱི་འཐུས་མི། ཁུལ་སྐབས་བཅུ་བཞི་བའི་ཏང་འཐུས་ཚོགས་ཆེན་གྱི་འཐུས་མི། ཁུལ་དམངས་ཆེན་འཐུས་མི་དང་སྲིད་གྲོས་ཨུ་ཡོན། ལས་བྱེད་རྒན་པའི་འཐུས་ཚབ་པ། ཁུལ་སྡོད་ཞིང་ཆེན་གྱི་སྨྱན་བྱས་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་སོགས་ཟུར་ཞུགས་བྱས་ཡོད།
འབྲེལ་ཡོད་འོས་སྦྱོར།