ལིས་ཀང་གིས་མཚོ་སྔོན་པོའི་ཡུལ་སྐོར་གྱི་གནས་ཚུལ་ལ་རྟོག་ཞིབ་བྱས།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར།
དུས་ཚོད།:2023-08-28
ཀློག་གྲངས།:
མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་གིས་མཚོ་སྔོན་པོའི་ལྷོ་ངོགས་ཀྱི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས།

ཉེ་སྔོན། ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་གུང་ཧོ་རྫོང་རིག་སྨོན་གྲོང་རྡལ་དུ་སོང་སྟེ་མཚོ་སྔོན་པོའི་ཡུལ་སྐོར་དུས་ཚིགས་ཀྱི་བྱ་བར་རྟོག་ཞིབ་བྱས་ཏེ། ཧྲུའུ་ཅི་ཁྲེན་ཀང་གིས་རྒྱལ་སྤྱིའི་སྐྱེ་ཁམས་དམིགས་སའི་མཚོ་སྔོན་པོའི་དཔེ་སྟོན་ཁུལ་བཏོད་པའི་ལས་དོན་ལ་ཆེད་དོན་བརྟག་ཞིབ་གནང་སྐབས་ཀྱི་མཛུབ་སྟོན་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་བརྒྱུད། ཡུལ་དངོས་སུ་མཚོ་སྔོན་པོའི་ལྷོ་ངོགས་ཀྱི་མཛེས་ལྗོངས་ཁུལ་དང་གཉེར་སྐྱོང་ཁུལ་ལེགས་པར་བཏོད་རྒྱུ་སོགས་ཀྱི་བྱ་བར་ཞིབ་བཤེར་དང་མཛུབ་ཁྲིད་བྱས་པ་རེད།

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས“གསར་སྤེལ་ཆེན་པོ་མི་བྱེད་པ་དང་སྲུང་སྐྱོང་ཆེན་པོ་བྱེད་པའི”བླང་བྱ་གཞིར་བཟུང་སྟེ། ད་ལོར་མཚོ་སྔོན་པོར་ཡུལ་སྐོར་ཡོང་མཁན་མང་བའི་དུས་ཚིགས་ཀྱི་ལས་དོན་ལ་ཁྱོན་ཡོངས་ནས་ཕྱོགས་སྡོམ་བྱས་ཏེ། མཚོ་སྔོན་པོའི་ཡུལ་སྐོར་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རིམ་སྤོར་བྱས་ནས་སྐྱེ་ཁམས་སྲུང་སྐྱོང་དང་ཡུལ་སྐོར་འཕེལ་རྒྱས། དམངས་འཚོ་འགན་ལེན་བཅས་ལ་སྤྱི་འདོམས་བྱས་ཏེ་མཚོ་ལྷོའི་ས་ཁོངས་ཀྱི་ཉམས་འགྱུར་དང་མི་རིགས་ཀྱི་ཁྱད་ཆོས། རིག་གནས་ཀྱི་ནང་དོན་བཅས་ཀྱི་མཛེས་ལྗོངས་ཁུལ་མངོན་པར་བྱས་ནས་མཚོ་སྔོན་པོའི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པར་བསྟན།
འབྲེལ་ཡོད་འོས་སྦྱོར།