མཚོ་ལྷོ་ཁུལ་གྱིས་ཁུལ་སྟོན་ལ་རྟེན་འབྲེལ་ཞུ་བའི་བྱ་འགུལ་གྱི་ཕྱོགས་སྡོམ་ཚོགས་འདུ་བསྡུས།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར།
དུས་ཚོད།:2023-09-05
ཀློག་གྲངས།:
ཟླ8པའི་ཚེས30ཉིན་གྱི་སྔ་དྲོར། མཚོ་ལྷོ་ཁུལ་གྱིས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་གྱི་ཕྱོགས་སྡོམ་ཚོགས་འདུ་འཚོགས་པ་དང་ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་ཚོགས་འདུར་ཞུགས་ནས་གཏམ་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཁུལ་དཔོན་ཀརྨ་ཕུན་ཚོགས་ཀྱིས་ཚོགས་འདུར་མགོ་འཛིན་གནང་བ་རེད། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་མཱ་ཅན་ཧུང་དང་ཁུལ་ཨུའི་རྒྱུན་ཨུ་སོ་སོ། ཆབ་ཆར་སྡོད་པའི་ཁུལ་རིམ་པ་གཞོན་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པ། རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་གྱི་མགོ་ཁྲིད་ཚོགས་ཆུང་གི་ཁོངས་མིའི་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་དང་རྫོང་སོ་སོའི་ཏང་ཨུའམ་ཡང་ན་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ། རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་གྱི་གྲ་སྒྲིག་བྱ་བའི་ཁྲོད་རྣམ་འགྱུར་འབུར་ཐོན་ཡིན་པའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་བཅས་ཚོགས་འདུར་ཞུགས།
ཚོགས་འདུའི་ཐོག་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་གྱི་གྲུབ་འབྲས་དང་ཉམས་མྱོང་ཕྱོགས་སྡོམ་བྱས་པ་དང«ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་གི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་གྱི་གྲ་སྒྲིག་བྱ་བའི་ཁྲོད་རྣམ་འགྱུར་འབུར་ཐོན་ཡིན་པའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་གྱི་འབྲེལ་ཡོད་བརྡ་ཁྱབ»སྒྲོག་འགྲེལ་བྱས་པ་དང་། སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་གྱི་འཐུས་མིས་གཏམ་བཤད་གནང་བ་རེད།
ལིས་ཀང་གིས་ཁུལ་སྟོན་བྱ་འགུལ་ཕུན་སུམ་ཚོགས་པོའི་ངང་ལེགས་འགྲུབ་བྱུང་བའི་རྩ་བ་ནི་ཏང་གི་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་ལ་ཐུག་ཡོད། ང་ཚོས་ཁུལ་སྟོན་རྟེན་འབྲེལ་ཞུ་བའི་བྱ་འགུལ་ལ་ཐོབ་པའི་གྲུབ་འབྲས་དང་གསོག་འཇོག་བྱས་པའི་ཉམས་མྱོང་ཕྱོགས་སྡོམ་བྱས་ན། ཁུལ་སྟོན་བྱ་འགུལ་ཁྲོད་སྐུལ་སློང་བྱས་པའི་དཀའ་སྒྲུབ་དངོས་སྒྲུབ་ཀྱི་བྱས་རྗེས་འཇོག་པའི་སྙིང་སྟོབས་དང་། ཡག་ཐོག་ཡག་བརྩེགས་ཀྱི་ལས་བཀུར་གྱི་སྙིང་སྟོབས། ཡང་རྩེར་འཛེག་ཕོད་པའི་གསར་གཏོད་སྙིང་སྟོབས། མཐུན་སྒྲིལ་རོགས་ལས་ཀྱི་ཚོགས་པའི་སྙིང་སྟོབས་བཅས་རྒྱུན་འཛིན་དང་དར་སྤེལ་ཡག་པོ་བཏང་སྟེ། ཁུལ་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཡར་རྒྱས་གོང་འཕེལ་དང་མཐུན་སྒྲིལ་ཡར་ཐོན་གྱི་སྒུལ་ཤུགས་དང་། དྲིན་ཚོར་ཡར་བརྩོན་དང་བདེ་སྐྱིད་བསྐྲུན་པའི་སྒུལ་ཤུགས། མི་རིགས་འཆམ་མཐུན་དང་སྤྱི་ཚོགས་འཆམ་མཐུན་གྱི་སྒུལ་ཤུགས། ལག་ལེན་ལ་མཛུབ་ཁྲིད་དང་བྱ་བར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་སུ་བསྒྱུར་ཏེ། གུང་ཧོ་གཤོང་སའི་ལྗང་མདོག་འཕེལ་རྒྱས་ཀྱི་འཕར་གཞི་གསར་བ་ནུས་ཤུགས་ཡོད་རྒུས་བསྐྲུན་ཏེ་མི་དམངས་ལ་སྔར་ལས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གསར་བ་བསྐྲུན་དགོས་པར་བསྟན།
ལིས་ཀང་གིས་གཅིག་ནས་ཏང་ལ་ལྷག་བསམ་རྣམ་དག་ཡིན་པའི་ཆབ་སྲིད་ཀྱི་གཤིས་རྒྱུད་སྲུང་བ་དང་ཆབ་སྲིད་འཛུགས་སྐྱོང་ཨང་དང་པོར་བཞག་ནས། ཆབ་སྲིད་ཀྱི་ཚོར་ཤེས་རང་བཞིན་དང་ཆབ་སྲིད་ཀྱི་དབྱེ་འབྱེད་ནུས་པ་ཆེར་གཏོང་བ། ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ནན་གྱིས་སྲུང་སྟེ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་གོ་རྟོགས་སད་ནུས། ཆབ་སྲིད་ལག་བསྟར་བྱེད་ནུས་བཅས་ཆེ་རུ་གཏོང་བར་ཤུགས་སྣོན་དགོས། གཉིས་ནས་དམངས་ཕྱུག་ཁུལ་དར་གྱི་འཕེལ་རྒྱས་ལམ་བུར་གང་མགྱོགས་ཀྱིས་བསྐྱོད་དགོས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་འཕེལ་རྒྱས་ཆེད་དུ་བཀོད་པའི་ཐོན་ལས“ས་ཁུལ་བཞིའི”འཕེལ་རྒྱས་ཐབས་ལམ་ལ་རྩེ་གཅིག་ཏུ་དམིགས་པ་དང་། “རེས་འཁོར་གཉིས”ཀྱི་གནས་བབ་འོག་རྒྱལ་ཁབ་ལ་མཁོ་བ་དང་མཚོ་སྔོན་གྱི་ཁ་ཕྱོགས། མཚོ་ལྷོའི་ནུས་པ་བཅས་ལ་དམིགས་ཏེ། གནས་མང་འདེགས་སྐྱོར་དང་ལས་རིགས་མང་པོ་མཉམ་སྤེལ། སྣ་མང་འཕེལ་རྒྱས་བཅས་ཀྱི་ཐོན་ལས་གནས་སྟངས་ཧུར་ཐག་གིས་བསྐྲུན་དགོས། གསུམ་ནས་རིགས་སོ་སོའི་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མུ་མཐུད་དུ་མཐོ་རུ་གཏོང་བ་དང་མང་ཚོགས་ཚོས་སེམས་ཁྲལ་བྱེད་པ་དང་རེ་སྒུག་བྱེད་པའི་གནད་དོན་ལ་དམིགས་ནས་ལས་ཞུགས་དང་སློབ་གསོ། སྨན་བཅོས་སོགས་སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་སུ་གཏོང་བའི་ཞན་ཆ་གསབ་གང་ཐུབ་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ལ་སྔར་ལས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་རོལ་དུ་འཇུག་དགོས། བཞི་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཀྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཙུགས་པ་ལས་འཕེལ་རྒྱས་སུ་སོང་བའི་དོན་སྙིང་མཐའ་འཁྱོངས་བྱས་ཏེ། དུས་རབས་གསར་པའི་མི་རིགས་བྱ་བ་ཡག་པོ་སྒྲུབ་པའི་བསམ་ཕྱོགས་གསར་པ་དང་བྱ་ཐབས་གསར་པ་འཚོལ་ཞིབ་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་དང་དཔེ་སྟོན་རྫོང་བཏོད་པའི་གྲུབ་འབྲས་མངོན་ཡོད། མུ་མཐུད་དུ་སྲ་བརྟན་དང་མཐོ་རུ་བཏང་སྟེ་རིགས་སོ་སོའི་བར་མཉམ་འདྲེས་བྱེད་ཤུགས་ཆེ་རུ་གཏོང་དགོས། ལྔ་ནས་དངོས་སྒྲུབ་འགན་འཁུར་གྱི་བྱ་བའི་སྤྱོད་ཚུལ་ལ་མུ་མཐུད་དུ་ཤུགས་སྣོན་དང་སྤྱོད་ཚུལ་འཛུགས་སྐྱོང་ནམ་ཡང་ལམ་དུ་ཡོད་པ་དུས་དང་རྣམ་པ་ཀུན་དུ་བློ་ལ་བརྟན་པོར་ངེས་སུ་བཅུག་ནས། ཞིང་ཆེན་དང་ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ“སྤྱོད་གཙང་མཚོ་ལྷོ”འཛུགས་སྐྱོང་གི་སྤུས་ཚད་དང་ཕན་འབྲས་མུ་མཐུད་དུ་གཏིང་ཟབ་ཏུ་གཏོང་དགོས་ཤིང་། གཏན་ལ་ཕབ་པའི་དག་ཐེར་ཡོ་བསྲང་གི་དམིགས་འབེན་དང་བྱེད་ཐབས། དུས་བཀག་ལྟར། གནད་དོན་རེ་རེ་བཞིན་ཐག་གཅོད་དང་གོ་རིམ་རེ་རེ་བཞིན་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚུར་ལན་གནད་དོན་དག་བཅོས་མཐར་ཕྱིན་དང་། དག་བཅོས་གནད་ལ་འཁེལ་བ། ཡང་བསྐྱར་མི་འབྱུང་བ་བཅས་འགན་ལེན་ཏན་ཏིག་བྱ་དགོས་ཞེས་ནན་གྱིས་བསྟན།
ཀརྨ་ཕུན་ཚོགས་ཀྱིས་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཐེངས་འདིའི་ཚོགས་འདུ་མགོ་འཛུགས་ས་གསར་པར་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ལ་གནང་བའི་བཀའ་མངགས་ཟབ་མོ་དུས་དང་རྣམ་པ་ཀུན་ཏུ་བློ་ལ་བརྟན་པོར་ངེས་སུ་བཅུག་ནས་སྔར་ལས་འབད་འབུངས་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་དང་དམ་པ་དོན་གཉེར་གྱི་བྱ་བའི་སྤྱོད་ཚུལ་ཐོག་ནས་མཚོ་ལྷོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། ཁུལ་ཡོངས་ཀྱི་བྱ་གཞག་ཁག་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།
འབྲེལ་ཡོད་འོས་སྦྱོར།