མཚོ་ལྷོ་ཁུལ་གྱིས་ཞིང་ཆེན་གྱི་ལས་ཁུངས་གཉིས་ཀྱི་བྱ་བར་འབྲེལ་མཐུད་བྱས།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར།
དུས་ཚོད།:2023-09-07
ཀློག་གྲངས།:
ལིས་ཀང་རྒྱལ་ཁབ་བསྡོམས་རྩིས་ཅུའུ་མཚོ་སྔོན་བརྟག་དཔྱད་སྤྱི་ཁྱབ་རུ་ཁག་དང་ཞིང་ཆེན་གྲོང་གསེབ་དར་སྤེལ་ཅུའུ་ལ་སོང་ནས་གཙོ་གནད་བྱ་བར་འབྲེལ་མཐུད་བྱས།
ཟླ9བའི་ཚེས1ཉིན། ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་རྒྱལ་ཁབ་བསྡོམས་རྩིས་ཅུའུ་མཚོ་སྔོན་བརྟག་དཔྱད་སྤྱི་ཁྱབ་རུ་ཁག་དང་ཞིང་ཆེན་གྲོང་གསེབ་དར་སྤེལ་ཅུའུ་རུ་སོང་ནས་གཙོ་གནད་བྱ་བར་འབྲེལ་མཐུད་བྱས་པ་དང་ཕྱོགས་གཉིས་ཀྱིས་བྱ་བའི་གནས་ཚུལ་ངོ་སྤྲོད་བྱས་ཏེ་གནད་དོན་གྱི་ཞན་ཆ་འཚོལ་བ་དང་གྲོས་མགོའི་བསམ་འཆར་ལ་ཉན་རྗེས། རྗེས་ཕྱོགས་ཀྱི་བྱ་བའི་གཙོ་གནད་ཁ་གསལ་བཟོས་པ་རེད།
རྒྱལ་ཁབ་བསྡོམས་རྩིས་ཅུའུ་མཚོ་སྔོན་བརྟག་དཔྱད་སྤྱི་ཁྱབ་རུ་ཁག་ཏུ་ལིས་ཀང་གིས་བསྟན་དོན། བརྟག་དཔྱད་སྤྱི་ཁྱབ་རུ་ཁག་གིས་སྔར་ནས་བཟུང་རང་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་མཐོང་ཆེན་བྱས་ནས་ལྟེ་བར་འཛིན་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ། དངོས་ཐོག་བདེན་འཚོལ། འབད་འབུངས་ཡར་བརྩོན་གྱིས་བསྡོམས་རྩིས་གཞི་གྲངས་ཀྱི་སྤུས་ཚད་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་གཙོ་བོར་བཟུང་ནས་བྱ་བའི་བསམ་ཕྱོགས་རྒྱ་ཆེར་བསྐྱེད་པ། སྒྱུར་བཅོས་གསར་གཏོད་ལ་སྐུལ་འདེད་བཏང་སྟེ་མཚོ་ལྷོ་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་དང་དབུར་ཐར་འགག་སྒྲོལ་འཐབ་ཇུས་ལ་རྒྱལ་ཁ་ལེན་པ། གྲོང་གསེབ་དར་སྤེལ་དུ་གཏོང་བ་སོགས་ཀྱི་ཕྱོགས་ལ་སྤུས་ཚད་མཐོ་བའི་བསྡོམས་རྩིས་གཞི་གྲངས་མཁོ་འདོན་བྱས་ཡོད་ཅེས་བཤད་པ་རེད།
ཁོང་གིས་མཚོ་སྔོན་བརྟག་དཔྱད་སྤྱི་ཁྱབ་རུ་ཁག་གིས་སྔར་བཞིན་རང་ཁུལ་གྱི་སྒྱུར་བཅོས་འཕེལ་རྒྱས་ལ་དོ་ཁུར་དང་རྒྱབ་སྐྱོར་བྱེད་པ། ལྷག་པར་དུ་དབུལ་ཐར་མང་ཚོགས་ཀྱི་ཡོང་འབབ་དང་ཞིང་ལས་སྐྱེ་དངོས་ཀྱི་ཐོན་ཚད་སོགས་ཀྱི་བསྡོམས་རྩིས་ཐད་ཕན་ནུས་ལྡན་པའི་གཞི་གྲངས་ཀྱིས་འདེགས་སྐྱོར་བྱ་རྒྱུའི་རེ་བ་ཞུས། རྒྱལ་ཁབ་བསྡོམས་རྩིས་ཅུའུ་མཚོ་སྔོན་བརྟག་དཔྱད་སྤྱི་ཁྱབ་རུ་ཁག་གི་རུ་དཔོན་ཝང་ཤུས་མིང་གིས་བསྟན་དོན། རྗེས་མར་བརྟག་དཔྱད་སྤྱི་ཁྱབ་རུ་ཁག་གིས་གཞིའི་གྲངས་སྤུས་ཚད་མཐོ་རུ་གཏོང་རྒྱུ་དེ་དམིགས་འབེན་དུ་བཟུང་ནས། རང་ཁུལ་བར་གྱི་རྒྱུན་ལྡན་འབྲེལ་བ་སྔར་ལས་དམ་ཟབ་བཏང་སྟེ། ཁུལ་དང་རྫོང་གི་བརྟག་དཔྱད་རུ་ཁག་གིས་མུ་མཐུད་དུ་བསྡོམས་རྩིས་བྱ་བ་ལེགས་པོར་བསྒྲུབ་རྒྱུར་མཛུབ་ཁྲིད་བྱེད་པ། མང་ཚོགས་ཀྱི་ཡོང་འབབ་དང་འབྲུ་རིགས་ཐོན་ཚད་སོགས་གཙོ་བོར་ཚད་མཐོའི་བརྟག་དཔྱད་གཏིང་ཟབ་བྱས་ཏེ་བསྡོམས་རྩིས་འཁོར་བསྐྱོད་ཀྱི་ལས་ཕྱོད་དང་ཁྲིམས་ལྟར་གཅིག་གྱུར་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་བཏང་ནས་རང་ཁུལ་གྱི་བྱ་གཞག་ཡོངས་འཕེལ་རྒྱས་སུ་འགྲོ་རྒྱུར་གཞི་གྲངས་མཁོ་འདོན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
ཞིང་ཆེན་གྲོང་གསེབ་དར་སྤེལ་ཅུའུ་རུ་ལིས་ཀང་གིས་རང་ཁུལ་གྱིས་གྲོང་གསེབ་དར་སྤེལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱ་རྒྱུའི་སྐོར་གྱི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ཁག་དོན་འཁྱོལ་ནན་མོ་བྱས་ཏེ། ཞིང་ཆེན་གྲོང་གསེབ་དར་སྤེལ་ཅུའུ་ཡི་མཛུབ་ཁྲིད་དང་རྒྱབ་སྐྱོར་འོག “རྒྱལ་ཁབ་ཀྱི་བརྒྱ་ཆའི་ལམ་ལུགས་ཀྱི་དཔྱད་བསྡུར་མ་ལག”ལ་བསྡུར་ནས་རེ་རེ་བཞིན་སྐུལ་འདེད་གཏོང་རྒྱུར་དམ་འཛིན་དང་རེ་རེ་བཞིན་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་ནས། བྱ་བ་སོ་སོར་ཕན་འབྲས་ཐོན་ཡོད་ལ། ཞིང་ཆེན་དང་གྲོང་གསེབ་ཅུའུ་ཡིས་རང་ཁུལ་གྱི་བྱ་བར་མུ་མཐུད་དུ་དོ་ཁུར་བྱས་ཏེ། དབུལ་ཐར་མང་ཚོགས་ཀྱི་ཡོང་འབབ་མི་འཕར་བའི་གནད་དོན་ཐག་གཅོད་བྱེད་པའི་ཐད་མཛུབ་ཁྲིད་དང་། དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་དང་དབུལ་ཐར་མང་ཚོགས་ཀྱི་འབབ་འཕར། ཞིང་འབྲེལ་ཞིང་ཁྲིད་ལམ་སྲོལ་འཛུགས་སྐྲུན། ལས་གཞི་རྒྱུ་ནོར་དོ་དམ་བཅས་དང་གྲོང་གསེབ་འཛུགས་སྐྲུན། གྲོང་གསེབ་ཀྱི་གསང་སྤྱོད་བསྐྱར་ལས་སོགས་ཀྱི་ཐད་རྒྱབ་སྐྱོར་བྱ་རྒྱུའི་རེ་བ་བཏོན། ཞིང་ཆེན་གྲོང་གསེབ་དར་སྤེལ་ཅུའུ་ཡི་ཅུའུ་ཀྲང་ཞེ་པའོ་ཨེན་གྱིས་རང་ཁུལ་གྱི་བྱ་བར་སྔར་བཞིན་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ཏེ། རང་ཁུལ་གྱི་བྱ་བའི་འབྲེལ་མཐུད་ལ་སྔར་ལས་ཤུགས་སྣོན་དང་གཞོགས་འདེགས་དམ་ཟབ་བྱེད་པ། ནུས་ཤུགས་ཡོད་རྒུས་རོགས་སྐྱོར་བྱས་ཏེ། ཞིང་ཆེན་དང་བསྡུར་ནས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ། གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་གནད་དོན་དག་ཐེར་བྱེད་པ། ལྟ་སྐུལ་ཚོགས་ཆུང་ས་གནས་སོ་སོར་སོང་ནས་ལྟ་ཞིབ་བྱས་ཏེ། རྒྱུས་ལོན་བྱས་པའི་གནད་དོན་ལ་ཐུན་མོང་གིས་ཞིབ་བཤེར་བྱས་ཏེ། རང་ཁུལ་གྱི་དབུལ་ཐར་འགག་སྒྲོལ་གྱི་བྱ་བ་ཡག་པོ་ཡོང་བ་དང་གྲོང་གསེབ་དར་སྤེལ་ལ་རྨང་གཞི་བརྟན་པོ་ཡོང་ཐུབ་པར་ཤུགས་འདོན་རྒྱུ་ཡིན་ཞེས་བསྟན།
མཚོ་ལྷོ་ཁུལ་གྱི་མགོ་ཁྲིད་ཝང་ཀྲུང་དབྱི་དང་དགེ་འདུན་རྒྱལ་གཉིས་ཚོགས་འདུར་ཞུགས་ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།