logo

དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར། དུས་ཚོད།:2023-09-13 ཀློག་གྲངས།:
       དྲ་རྒྱའི་ལག་རྩལ་འཕེལ་རྒྱས་བྱུང་བ་དང་བསྟུན་ནས། མི་རྣམས་ཀྱི་འཚོ་བའང་ཉིན་རེ་བཞིན་མཉམ་འབྲེལ་དྲ་རྒྱ་དང་ཁ་འབྲལ་ཐབས་མེད་ལ། དྲ་རྒྱའི་བདེ་འཇགས་ནི་དེ་བས་གལ་འགངས་ཆེ་བ་ཞིག་ཏུ་གྱུར་ཡོད། ད་ལོའི་ཟླ9པའི་ཚེས11ཉིན་ནས་ཚེས17ཉིན་བར་ནི2023ལོའི་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་ཡིན་པ་དང་། ད་ལོའི་བརྗོད་བྱ་གཙོ་བོ་ནི“དྲ་རྒྱའི་བདེ་འཇགས་དམངས་ཀྱི་ཆེད། དྲ་རྒྱའི་བདེ་འཇགས་དམངས་ལ་བརྟེན”ཞེས་པ་དེ་རེད།
       སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དྲ་རྒྱའི་བདེ་འཇགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་དྲ་རྒྱའི་བདེ་འཇགས་མེད་ན་རྒྱལ་ཁབ་ཀྱི་བདེ་འཇགས་མེད་པ་དང་། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་དྲ་རྒྱའི་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་ཐུན་མོང་ཐོག་གཏོད་དགོས་པ་ནན་བཤད་ཐེངས་མང་གནང་ཡོད།
དེ་རིང་། ང་ཚོས་མཉམ་དུ«དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས»ལ་སློབ་སྦྱོང་བྱ།
       2016ལོའི་ཟླ11པའི་ཚེས7ཉིན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བཞི་པའི་སྟེང་། «ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས»ལ་གྲོས་འཆམ་བྱུང་བ་དང་། 2017ལོའི་ཟླ6པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱས་པ་རེད།

དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས་ཀྱི་ཁྱད་ཆོས་གཙོ་བོ།
གསང་བའི་རང་བཞིན།
       ཆ་འཕྲིན་དེ་དབང་ཆ་མེད་པར་སྤྱོད་མཁན་སོགས་ལ་ཕྱིར་མི་བསྒྲགས་པའམ་ཡང་ན་དེར་བེད་སྤྱོད་བྱེད་པར་མཁོ་འདོན་བྱེད་པའི་ཁྱད་ཆོས།
ཆ་ཚང་རང་བཞིན།
       གཞི་གྲངས་ལ་ཆོག་མཆན་མ་ཐོབ་པར་བསྒྱུར་བཅོས་བྱེད་མི་ཐུབ་པའི་ཁྱད་ཆོས་ཏེ། ཆ་འཕྲིན་ཉར་གསོག་དང་བརྒྱུད་གཏོང་བྱེད་པའི་བརྒྱུད་རིམ་ནང་བཟོ་བཅོས་མི་ཐེབས་པ་དང་། གཏོར་བཤིག་དང་བོར་བརླག་ཏུ་མི་འགྲོ་བའི་ཁྱད་ཆོས།
སྤྱོད་རུང་རང་བཞིན།
       དབང་ཆ་ཡོད་པའི་དངོས་གཟུགས་ཀྱིས་འཚམས་འདྲི་བྱེད་པ་དང་དགོས་མཁོ་ལྟར་སྤྱོད་ཆོག་པའི་ཁྱད་ཆོས་ཏེ། དགོས་མཁོ་ཡོད་དུས་ཆ་འཕྲིན་ལེན་ཐུབ་མིན་ལ་ཟེར།
ཚོད་འཛིན་རང་བཞིན།
       ཆ་འཕྲིན་བརྒྱུད་གཏོང་དང་ནང་དོན་ལ་ཚོད་འཛིན་བྱེད་ཐུབ་པའི་ཁྱད་ཆོས།
ཞིབ་བཤེར་བྱས་ཆོག་པ།
       བདེ་འཇགས་ཀྱི་གནད་དོན་ལ་འཕྲད་སྐབས་གཞི་འཛིན་ས་དང་བྱེད་ཐབས་མཁོ་འདོན་བྱས་ཆོག

དྲ་རྒྱའི་བདེ་འཇགས་ཀྱི་གནད་ཆེན་པོ་དྲུག
༡ མི་སྒེར་གྱི་ཆ་འཕྲིན་འཚོང་མི་ཆོག
༢ དྲ་རྒྱའི་མགོ་སྐོར་ལ་རྡུང་རྡེག་ནན་མོ་གཏོང་བ།
༣ བཅའ་ཁྲིམས་ཀྱི་རྣམ་པའི་ཐོག་ནས“དྲ་རྒྱའི་དངོས་མིང་ལམ་ལུགས”ཁ་གསལ་བཟོས་པ།
༤ འགག་རྩའི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་གཙོ་གནད་དུ་བཟུང་ནས་སྲུང་སྐྱོང་བྱས་པ།
༥ རང་རྒྱལ་གྱི་འགག་རྩའི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་ལ་གཏོར་བཤིག་གཏོང་མཁན་མངའ་ཁོངས་ཕྱིའི་རྩ་འཛུགས་དང་མི་སྒེར་ལ་ཆད་པ་བཅད་པ།
༦ གློ་བུར་དུ་བྱུང་བའི་དོན་རྐྱེན་གལ་ཆེན་ལ“དྲ་རྒྱའི་འཕྲིན་གཏོང་དོ་དམ་ལམ་ལུགས”སྤྱད་ཆོག་པ།
འབྲེལ་ཡོད་འོས་སྦྱོར།