logo

ཐུན་ཏེ་རྫོང་གིས་བརྗོད་དོན་སློབ་གསོའི་དཔེ་ཀློག་འཛིན་གྲྭ་བསྡུས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་ལྷོ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་། དུས་ཚོད།:2023-09-22 ཀློག་གྲངས།:
       ཐུན་ཏེ་རྫོང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གིས་ཞི་ཅིང་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་དཔེ་ཀློག་འཛིན་གྲྭ་བསྡུས།
       ཟླ9བའི་ཚེས19ཉིན། ཐུན་ཏེ་རྫོང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གིས་ཞི་ཅིང་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་དཔེ་ཀློག་འཛིན་གྲྭ་དེ་རྫོང་ཨུའི་ཏང་གི་སློབ་གྲྭར་བསྡུས་པ་རེད། ཞིང་ཆེན་ཏང་ཨུའི་སྐོར་བཞི་བའི་ལྟ་སྐུལ་མཛུབ་ཁྲིད་ཚན་ཆུང་གི་ཁོངས་མི་ལིའུ་ཁྲེང་སུང་དང་ཀྲང་ལུང་ཚོགས་འདུར་ཞུགས་ནས་མཛུབ་ཁྲིད་གནང་བ་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའམ་རྫོང་ཨུའི་ཧྲུའུ་ཅི། རྫོང་ཨུའི་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཏིང་རུའེ་དབྱི་ཡིས་སྐུལ་སློང་གཏམ་བཤད་གནང་།
       ཚོགས་འདུའི་ཐོག་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན། རྫོང་ཨུའི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་དབང་ཕྱུག་གིས་མགོ་འཛིན་བྱས་པ་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིང་ཕིང་གི་བརྗོད་དོན་སློབ་གསོའི་བྱ་བའི་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་སྐོར་ཁག་དང་པོའི་ཕྱོགས་སྡོམ་དང་སྐོར་ཁག་གཉིས་པའི་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་བཅས་ལ་སྣེ་ཁྲིད་སློབ་ཁྲིད་བྱས། རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་ཨུའི་བརྗོད་དོན་གཙོ་བོའི་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་བློ་མཐུན་མ་ཧའེ་ཧྲན་གྱིས་སྣེ་ཁྲིད་དེ་ཁུལ་ཨུའི་ཧྲུའུ་ཅི་ལུའི་ཀང་གིས་ཁུལ་ཨུའི་བརྗོད་དོན་སློབ་གསོའི་དཔེ་ཀློག་འཛིན་གྲྭའི་མགོ་ཚུགས་མཛད་སྒོའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་ལ་སློབ་བྱས།
       ཏིང་རུའེ་དབྱི་ཡིས་བསྟན་དོན། རྫོང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི་རྒྱས་འཛོམས་གྲོས་ཚོགས་སློབ་སྦྱོང་ཚོགས་འདུ་བསྡུས་ཏེ། ཞི་ཅིང་ཞིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་ལག་བསྟར་བྱེད་པ་བརྗོད་དོན་བྱས་པའི་སློབ་གསོའི་དཔེ་ཀློག་འཛིན་གྲྭ་སྒྲུབ་པ་ནི། ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཨུ་བཅས་ཀྱི་བརྗོད་དོན་སློབ་གསོའི་འབྲེལ་ཡོད་བཀོད་སྒྲིག་བླང་བྱ་ལག་བསྟར་བྱེད་པ་དང་རྫོང་ཨུའི་རྒྱུན་ཨུ་ཚོགས་པ་དང་མགོ་ཁྲིད་ཚན་ཁག་གི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བྱེད་པ་བཅས་ཀྱི་བྱེད་ཐབས་ཀྱིས་རྫོང་ཡོངས་ཀྱི་བརྗོད་དོན་སློབ་གསོའི་བྱེད་ཐབས་གལ་ཆེན་ལ་སྐུལ་འདེད་གཏོང་བ་ཡིན་ལ། ཞི་ཅིང་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློར་དྲག་ཆས་སྤྲོད་ནས། ཏང་ཡོན་ལས་བྱེད་པའི་འགན་འཁུར་ནུས་པའི་ཆུ་ཚད་མཐོ་རུ་གཏོང་བའི་དངོས་སྒྲུབ་བྱེད་ཐབས་ཤིག་ཀྱང་ཡིན་པ་རེད་ཅེས་བསྟན། ཏེང་རུའེ་དབྱི་ཡིས་ཞི་ཅིང་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བསམ་བློར་སློབ་སྦྱོང་བྱེད་པ་དེ་སློབ་སྦྱིང་གི་གཞི་རྩ་རུ་འཛིན་པ་རྒྱུན་འཁྱོངས་ཀྱིས་མ་རྩོམ་སློབ་སྦྱོང་བྱེད་སྐབས་མ་ཡིག་རྟོགས་ཐབས་བྱེད་པ་དང་། ཞི་ཅིང་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་རྫོང་ཨུའི1335དམིགས་འབེན་ལག་བསྟར་གཏིང་ཟབ་བྱ་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཕྱོགས་ཡོངས་ནས་དམིགས་ཚད་དང་དམ་པོར་འབྲེལ་ནས་ལས་ཀའི་ཐད་ཀྱི་ནོར་འཁྲུལ་ཡོ་བསྲང་བྱེད་པ། ལམ་ལུགས་ཐད་ཀྱི་སྐྱོན་ཆ་གསབ་འདེམས་བཅས་བྱས་ཏེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བླ་སྲོག་གཏོད་དགོས་ལ། སློབ་སྦྱོང་དང་བསམ་བློ་རྒྱུན་མཐུད་ཡོང་བ་དང་ཤེས་པ་དང་ཡིད་ཆེས་གཉིས་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱེད་པ། ཐུན་ཏེ་བཅོས་བསྒྱུར་འཕེལ་རྒྱས་གཏན་འཇགས་ཡོང་བའི་གཙོ་གནད་གནད་དོན་ལ་ཞིབ་འཇུག་གཏིང་ཟབ་བྱས་ནས། སློབ་སྦྱོང་དང་བསམ་བློ་སྐྱེ་ཁམས་ཁོར་སྲུང་དང་གཏིང་ཟབ་བཅོས་བསྒྱུར། ཐོན་ལས་གཞན་སྒྱུར། གྲོང་གསེབ་དར་སྤེལ། ཐུན་མོང་ཕྱུག་འགྱུར་བཅས་ཀྱི་བསམ་ཕྱོགས་དང་བྱེད་ཐབས་སུ་བསྒྱུར་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་དངོས་ལ་བརྟེན་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་མཐའ་མའི་གྲུབ་འབྲས་ལ་ཞིབ་དཔྱད་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ཐུན་ཏེའི་གླེགས་བམ་གསར་བ་རྩོམ་དགོས་པའི་བླང་བྱ་བཏོན།
       དབང་ཕྱུག་གིས་མགོ་འཛིན་བྱེད་སྐབས་བསྟན་དོན།བརྗོད་དོན་སློབ་གསོའི་དཔེ་ཀློག་འཛིན་གྲྭའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ་ཁྱོན་ཡོངས་ནས་བྱ་བའི་དམིགས་ཚད་དམ་འཛིན་བྱེད་པ་དང་། བརྗོད་དོན་སློབ་གསོའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས། དགོས་ངེས་ཀྱི་འདུ་ཤེས་བཅས་མཐོར་འདེགས་སུ་བཏང་སྟེ། བརྗོད་དོན་སློབ་གསོའི་མགོ་ཡག་པོ་ཞིག་རྩོམ་པ་དང་གོམ་སྟབས་བརྟན་པོ་སྤོ་རྒྱུར་བསམ་བློའི་རྨང་གཞི་ཟབ་མོ་ཞིག་འདིང་དགོས་ལ། ནན་ཏན་གྱིས་སློབ་སྦྱོང་བྱས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་དང་ཏང་གི་སྒྲིག་ཡིག ཞི་ཅིང་ཕེང་གི་གསུང་རྩོམ་འདེམས་ཀློག་སོགས་ངེས་པར་དུ་ཀློག་དགོས་པའི་དཔེ་ཆ་ཁག་ལ་ལྟ་བ་དང་། ཆ་ཚང་ཞིང་དོན་དངོས་དང་མཐུན་པའི་སྒོ་ནས་སློབ་སྦྱོང་བྱེད་པར་སྣེ་ཁྲིད་དེ། ཞི་ཅིང་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དེ་ཡིད་ཆེས་བརྟན་པོ་དང་ཏང་གཤིས་སྦྱོང་བརྡར། ལག་ལེན་ལ་ཁྲིད་སྟོན་དང་བྱ་བར་་སྐུལ་འདེད་གཏོང་བའི་་སྟོབས་ཤུགས་ཆེན་པོ་ཞིག་ཏུ་བསྒྱུར་དགོས། གཟབ་ནན་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན།  ཞིང་ཆེན་དང་ཁུལ་ཨུའི་བྱེ་བྲག་གི་བྱ་ཐབས་དོན་འཁྱོལ་ནན་པོ་བྱས་ནས་། བླང་བྱ་ནན་མོ་དེ་སློབ་སྦྱོང་གི་བརྒྱུད་རིམ་ཧྲིལ་པོར་དོན་འཁྱོལ་བྱས་ཏེ་སློབ་སྦྱོང་གི་རྣམ་འགྱུར་ཡང་དག་འཛིན་པ་དང་སྤུས་ཚད་མཐོན་པོའི་སྒོ་ནས་སློབ་སྦྱོང་གི་ལས་འགན་ལེགས་སྒྲུབ་བྱེད་དགོས་པར་བསྟན།
འབྲེལ་ཡོད་འོས་སྦྱོར།