མཚོ་ལྷོ་ཁུལ་གྱིས་བརྗོད་དོན་སློབ་གསོའི་སྐུལ་སློང་ཚོགས་འདུ་བསྡུས་པ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར།
དུས་ཚོད།:2023-09-16
ཀློག་གྲངས།:
མཚོ་ལྷོ་ཁུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་སྐུལ་སློང་ཚོགས་འདུ་བསྡུས་པ།
ཟླ9བའི་ཚེས15ཉིན། མཚོ་ལྷོ་ཁུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་སྐུལ་སློང་ཚོགས་འདུ་བསྡུས་ཤིང་། ཚོགས་འདུའི་ཐོག་རྒྱལ་ཡོངས་དང་། ཞིང་ཆེན་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་བརྗོད་དོན་སློབ་གསོ་སྐོར་དང་པོའི་སྤྱི་སྡོམ་དང་སྐོར་གཉིས་པ་བཀོད་སྒྲིག་བྱེད་པའི་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱས་ནས་ཁུལ་ཡོངས་སུ་བརྗོད་དོན་སློབ་གསོ་སྤེལ་བར་སྐུལ་སློང་ཚོགས་འདུ་བསྡུས་པ་རེད།
ཞིང་ཆེན་དམངས་འཐུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་དང་། ཞིང་ཆེན་ཏང་ཨུའི་སྐོར་བསྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚན་ཆུང་བཞི་པའི་ཙུའུ་ཀྲང་ཀྲུའུ་ཆིང་ཚོགས་འདུར་ཞུགས་ནས་གཏམ་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས་ཀྱིས་ཚོགས་འདུར་མགོ་འཛིན་བྱས། ཁུལ་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཡོན་ལུང་གིས«ཀྲུང་གུང་མཚོ་ལྷོ་ཁུལ་ཨུ་ཡོན་ལྷན་ཁང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་བརྗོད་དོན་སློབ་གསོར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི»སྒྲོག་འདོན་བྱས།
ལིས་ཀང་གིས་ཏང་ཡོངས་སུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་བརྗོད་དོན་སློབ་གསོར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་ནི་ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་ལྡོག་མེད་ཀྱི་བླང་བྱ་གསུམ་ལ་བརྟེན་ནས་བརྗོད་དོན་སློབ་གསོ་སྤེལ་བ་དེས་ཏང་ཡོངས་ཀྱི་བསམ་བློ་གཅིག་གྱུར་དང་ཏང་ནང་གནས་པའི་གནད་དོན་འབུར་ཐོན་ཅན་ཐག་གཅོད་བྱེད་པ། དུས་དང་རྣམ་པ་ཀུན་དུ་ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བའི་ཆབ་སྲིད་ཀྱི་དོན་སྙིང་། ལག་ལེན་གྱི་དོན་སྙིང་། འཐབ་ཇུས་ཀྱི་དོན་སྙིང་ལྡན།ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་དུས་རབས་གསར་པའི་ལོ་བཅུའི་རིང་གི་འབད་འཐབ་རྒྱ་བྱེད་རིམ་ནང་ངོས་འཛིན་གཏིང་ཟབ་ཐོན་དགོས། ཏང་དང་རྒྱལ་ཁབ་ཀྱིས་མཚོ་སྔོན་ལ་སྤྲད་པའི་འགན་འཁྲིའི་ལས་འགན་ཁྲོད་ནས་ངོས་འཛིན་གཏིང་ཟབ་ཐོན་དགོས། ཁྱོན་ཡོངས་ནས་ཏང་ནན་པོ་སྐྱོང་བའི་མདུན་དུ་ལྷགས་པའི་ཛ་དྲག་གི་གནས་བབ་ཁྲོད་ནས་ངོས་འཛིན་གཏིང་ཟབ་ཐོན་པར་བྱས་ཏེ།ཆབ་སྲིད་ཀྱི་ལངས་ཕྱོགས་སྔར་ལས་བརྟན་དགོསལ། བརྗོད་དོན་སློབ་གསོར་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་བསམ་བློའི་ངོས་འཛིན་གཅིག་གྱུར། གནད་ལ་འཁེལ་བ་བཅས་བྱ་དགོས་པར་བསྟན།
ལིས་ཀང་གིས་བརྗོད་དོན་སློབ་གསོའི་སྤྱིའི་བླང་བྱ་དང་རྩ་བའི་ལས་འགན་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ་དོན་དངོས་དང་ཟུང་འབྲེལ་བྱེད་པ། གཅིག་གྱུར་གྱིས་འཆར་འགོད་བྱེད་པ། རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་བསམ་བློའི་ནང་སེམས་དང་ཡིད་ཆེས་ཐུབ་པར་བྱ་དགོས། རང་གི་སེམས་ནང་དུ་ཟུག་པ་དང་གནད་ལ་འཁེལ་བར་བརྩོན་པ། ལས་འགན་དངོས་སུ་སྒྲུབ་པར་ཡང་བསྐྱར་ཤུགས་བརྒྱབ་ནས། ལས་དོན་སྒྲུབ་ཕོད་པ་དང་དག་ཐེར་ཡོ་བསྲང་བྱེད་པར་ཡང་མཐོང་ཕོད་པ་བཅས་བྱེད་ཐུབ་པར་བྱ་དགོས། ཕན་འབྲས་ཐོན་པར་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དེ་ཕུགས་བསམ་བརྟན་པོ་དང་། ཏང་གཤིས་སྦྱོང་བརྡར་དང་ལག་ལེན་ལ་སྐུལ་འདེད། ལས་ཀར་སྐུལ་འདེད་བཅས་བྱེད་པའི་སྟོབས་ཤུགས་ཆེན་པོར་འགྱུར་བར་བྱ་དགོས། བརྗོད་དོན་སློབ་གསོར་ཕན་འབྲས་ཐོན་པར་འགན་ལེན་བྱེད་དགོས།
ལིས་ཀང་གིས་བསྟན་དོན། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་མཚོ་སྔོན་གྱི་བྱ་བར་གནང་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་། “ཐོན་ལས་འཛུགས་སྐྲུན་གྱི”ས་ཁུལ་བཞི་འཛུགས་སྐྲུན། “མཚོ་ལྷོ་དྲུག”འཛུགས་སྐྲུན་དང་བརྗོད་དོན་སློབ་གསོར་སྐུལ་འདེད་གཏོང་བའི་ལས་འགན་ཁག་གཉིས་མཉམ་དུ་སྦྲེལ་ནས་བླ་སྲོག་དང་། མཚོ་ལྷོ་དྲུག་ལ་སྦྱོང་བརྡར་དང་སྐུལ་འདེད་གཏོང་བའི་ནུས་པ་དང་འཇོན་ཐང་། སློབ་སྲོལ་བཟང་པོར་བརྟེན་ནས་མཚོ་ལྷོ་དྲུག་གི་དངོས་དོན་གཉེར་བའི་སྲོལ་བཟང་ཕྱོགས་གཅིག་ཏུ་བསྡུས་ནས་སྐུལ་འདེད་གཏོང་དགོས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་བྲིས་པའི་བརྗིད་ཉམས་ཆེ་བའི་འཆར་གཞི་དེ་དོན་དངོས་སུ་འགྱུར་བར་སྐུལ་འདེད་གཏོང་དགོས།
ལིས་ཀང་གིས་ནན་གྱིས་བསྟན་དོན། ཐེངས་འདིའི་བརྗོད་དོན་སློབ་གསོའི་ཚད་གཞི་མཐོ་བ་དང་བླང་བྱ་གཟབ་ནན་ཡིན་པ། དུས་ཚོད་ཐུང་བ་དང་འགན་འཁྲི་ལྕི་བ་བཅས་ཡིན་པས། ང་ཚོས་ཁག་དང་པོའི་བརྗོད་དོན་སློབ་གསོའི་བྱེད་ཐབས་ལེགས་པོ་གཞི་བཅོལ་ཏེ། རྩ་འཛུགས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་པ་དང་འགན་འཁྲི་ནན་གྱིས་བསྒྲུབ་པ། གཅིག་གྱུར་གྱིས་བཀོད་འདོམས་དང་ཟུང་འབྲེལ་བྱེད་བར་དོ་སྣང་བྱེད་པ། ལྟ་སྐུལ་ལས་ཆོད་ཆེ་རུ་གཏོང་བ། དྲིལ་སྒྲོག་ཁྲིད་སྟོན་དམ་འཛིན་བྱས་ནས་བརྗོད་དོན་སློབ་གསོ་ཚད་གཞི་མཐོན་པོས་སྤེལ་བ་དང་སྤུས་ཚད་མཐོན་པོའི་ཕན་འབྲས་ཡོང་བར་བརྩོན་དགོས།
ཀྲུའུ་ཆིན་གྱིས་བརྗོད་དོན་སློབ་གསོའི་དམིགས་འབེན་བླང་བྱ་དང་རིམ་དབྱེའི་གཙོ་གནད་བྱེད་ཐབས་ལག་བསྟར་བྱེད་པ། བརྗོད་དོན་སློབ་གསོའི་མགོ་ཁྲིད་དང་ཁྲིད་སྟོན་ཤུགས་ཆེ་རུ་གཏོང་བ། ནན་བཤད་བྱ་དགོས་པའི་གནད་དོན་འགའ་བཅས་ཕྱོགས་བཞིའི་ཇུས་འགོད་དང་རྩ་འཛུགས་ཐད་ནས་བླང་བྱ་ཞིབ་ཕྲ་བཏོན།
ཀརྨ་ཕུན་ཚོགས་ཀྱིས་ཐེངས་འདིའི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡོང་བར་བྱས་ཏེ། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པ་དང་བསམ་བློའི་ངོས་འཛིན་གཅིག་གྱུར་ཡོང་བ། བླང་བྱར་དམིགས་ཏེ་བཀོད་འདོམས་ལེགས་པོ་བྱེད་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཕྱོགས་གསུམ་ནས་ཞིབ་ཕྲའི་བླང་བྱ་བཏོན།
ཞིང་ཆེན་ཏང་ཨུའི་སྐོར་བསྐྱོད་ཚོགས་པ་བཞི་བའི་ཚོགས་གཙོ་གཞོན་པའམ་ཁོངས་མི། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི། ཁུལ་ཨུའི་རྒྱུན་ཨུ་སོ་སོ། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ། ཁུལ་སྲིས་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཁུལ་ཁྲིམས་ཁང་གི་མགོ་གཙོ། ཁུལ་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ། ཁུལ་ཨུའི་འབྲེལ་ཡོད་དྲུང་ཡིག་གཞོན་པ་སོ་སོ། ཁུལ་ཨུའི་པུའུ་ཨུ་སོ་སོ། ཁུལ་ཐད་གཏོགས་སྡེ་ཁག་གི་འབྲེལ་ཡོད་ལས་ཁུངས་ཀྱི་ཏང་ཙུའུ།(ཏང་ཨུ)མི་དམངས་ཚོགས་པའི་ཏང་ཙུའུ་ཡི་འགན་འཁུར་བློ་མཐུན་གཙོ་བོ། ཁུལ་ཨུའི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་ཁོངས་མི། རྫོང་སོ་སོའི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་དང་གཞུང་ལས་ཁང་གི་ཀྲུའུ་རེན་བཅས་ཚོགས་འདུར་ཞུགས།
འབྲེལ་ཡོད་འོས་སྦྱོར།