logo

མཚོ་ལྷོ་ཁུལ་ཨུའི་བརྗོད་དོན་གཙོ་བོའི་སློབ་གསོའི་དཔེ་ཀློག་འཛིན་གྲྭ་ཁུལ་ཨུའི་ཏང་གི་སློབ་གྲྭར་སློབ་འགོ་ཚུགས།

རྩོམ་པ་པོ།:དྲ་བའི་རྩོམ་སྒྲིག་པ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-09-20 ཀློག་གྲངས།:
       ཟླ9པའི་ཚེས18ཉིན། ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་བརྗོད་དོན་གཙོ་བོའི་སློབ་གསོའི་དཔེ་ཀློག་འཛིན་གྲྭ་ཁུལ་ཨུའི་ཏང་གི་སློབ་གྲྭར་སློབ་འགོ་ཚུགས། ཞིང་ཆེན་ཏང་ཨུའི་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བཞི་པའི་ཙུའུ་ཀྲང་ཀྲུའུ་ཆིང་དང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་ཁོངས་མི་ཝང་ཧའེ་ཡིང་གིས་མཛུབ་ཁྲིད་གནང་བ་རེད།
       ཁུལ་ཨུའི་ཧྲུའུ་ཅི། ཁུལ་ཨུའི་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིས་ཀང་གིས་སྐུལ་སློང་གསུང་བཤད་གནང་སྐབས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་ཚན་རིག་མ་ལག་དང་སྙིང་བཅུད་ཀྱི་སྙིང་པོ་གཅིག་སྡུད་ཀྱིས་སློབ་སྦྱོང་དང་གྲོས་བསྡུར་གཏིང་ཟབ་བྱས་ཏེ་ཁུལ་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པར་བརྗོད་བྱ་གཙོ་བོའི་སློབ་གསོའི་སྣེ་ཁྲིད་དང་། མིག་དཔེ་སྟོན་པ་དང་། ཚད་ཤིང་འཛུགས་པ་བཅས་བྱས་ནས་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་བླ་སྲོག་གསོ་སྐྱོང་དང་། རིགས་པར་བརྟེན་ནས་བློ་རིག་རྒྱས་པ། སློབ་སྲོལ་ལ་བརྟེན་ནས་ལས་ཀར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ལ་ཕན་འབྲས་དངོས་ཐོབ་པར་སྐུལ་འདེད་གཏོང་དགོས།
       མཚོ་ལྷོ་ཁུལ་གྱི་ཁུལ་དཔོན། ཁུལ་ཨུའི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཀརྨ་ཕུན་ཚོགས་ཀྱིས་སློབ་འགོ་ཚུགས་པའི་མཛད་སྒོ་གཙོ་སྐྱོང་གནང་བ་དང་འབྲེལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྗོད་བྱ་གཙོ་བོའི་སློབ་གསོའི་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་། ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་བྱས།
       ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཀྱི་ཁོངས་མི་དང་། ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ། ཁུལ་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་བཅས་དང་། རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་པུའུ་ཨུ་ཁག་དང་། རང་སྐྱོང་ཁུལ་གྱི་ཐད་གཏོགས་ལས་ཁུངས་ཁག མི་དམངས་ཚོགས་པ་ཁག་གི་ཏང་ཨུ་ཏང་ཙུའུ་ཡི་འགན་ཁུར་བློ་མཐུན་གཙོ་བོ་བཅས་དཔེ་ཀློག་འཛིན་གྲྭར་ཞུགས་ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།