མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་གཟབ་རྒྱས་ངང་འཚོགས་མགོ་བརྩམས།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་འཕྲིན་སྟེགས།
དུས་ཚོད།:2024-01-24
ཀློག་གྲངས།:
ཟླ1ཚེས23ཉིན་གྱི་སྔ་དྲོར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་མཚོ་སྔོན་གྲོས་ཚོགས་ལྟེ་གནས་སུ་གཟབ་རྒྱས་ངང་འཚོགས་འགོ་བརྩམས།
གྲོས་ཚོགས་ལ་ཞུགས་དགོས་པའི་ཨུ་ཡོན་སུམ་བརྒྱ་དང་གྱ་དགུ་ཡོད་པ་དང་། ཨུ་ཡོན་སུམ་བརྒྱ་དང་ཞེ་དགུ་ཚོགས་འདུར་འབྱོར་བས། ཁྲིམས་བཀོད་མི་གྲངས་དང་མཐུན།
སྔ་དྲོའི་ཆུ་ཚོད་དགུའི་སྟེང་། ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་ནས་འགོ་བརྩམས།
ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་དང་། ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་ཁོང་ཡུང་། ཝང་ཞོན། ཝང་ཀྲིན་ཁྲང་། ཀྲང་ཞའོ་རོང་། མཱ་ཧྥིན་ཧྲིན། ལིས་ཞའོ་ནན། ཐེན་ཁོས། ལིའུ་ཏ་ཡེ། གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ། མཱ་ཡུའེ་ཞང་བཅས་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད། ཝང་ཀྲིན་ཁྲང་གིས་ཚོགས་ཆེན་ལ་འགོ་འཛིན་བྱས།
ཁྲིན་ཀང་དང་ཝུའུ་ཞའོ་ཅུན། རྡོ་རྗེ་རབ་བརྟན། ལིའུ་ཆི་ཧྥན། ཝང་ལིས་མེན། ཝང་ཝེ་ཏུང་། ཚེ་རིང་ཐར། དབྱང་ཧྥ་སིན། ཝང་ཏ་ནན། ཝང་ལིན་ཧུའུ། ཝུའུ་ལ་ཙི་པེ་ཁི་རེ་སུའུ་ལེ་ཧན། ཀྲུའུ་ཞང་ཧྥིན། དབྱང་ལུང་ཞི་བཅས་ཀྲུའུ་ཞིའི་སྟེགས་བུའི་སྟེང་བསྡད་དེ། ཚོགས་ཆེན་འགོ་བརྩམས་པར་རྟེན་འབྲེལ་ཞུས།
གྲོས་ཚོགས་སྟེང་ཐོག་མར་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་རིམ་ལ་གྲོས་འཆམ་བྱུང་།
མགོན་པོ་བཀྲ་ཤིས་ཀྱིས་སྲིད་གྲོས་སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་བྱ་བའི་སྙན་ཞུ་ཕུལ། ཁོས་བཤད་རྒྱུར། ཉིས་སྟོང་ཉེར་གསུམ་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་འགོ་བརྩམས་པའི་ལོ་ཡིན་ཞིང་། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་མྱུར་དུ་འཛུགས་སྐྲུན་བྱས་པའི་འབད་འཐབ་ཀྱི་ལོ་ཡིན་པར་མ་ཟད། སྐབས་བཅུ་གསུམ་པའི་ཞིང་ཆེན་སྲིད་གྲོས་ཀྱིས་ལས་འགན་ལག་བསྟར་བྱས་པའི་ལོ་ཐོག་མ་ཡང་རེད། ལོ་གཅིག་གི་རིང་ལ། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཡང་དག་པའི་མགོ་ཁྲིད་འོག ཞིང་ཆེན་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱས་ཤིང་། ཀྲུང་གུང་ཀྲུང་དབྱང་དང་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་བྱ་བའི་སྐོར་གྱི་བཀོད་སྒྲིག་དང་བླང་བྱ་ལག་ལེན་མཐར་ཕྱིན་བྱས་ཏེ། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་ཆེན་པོ་གཉིས་ལ་དམིགས་ཏེ་ཡར་བརྩོན་འབད་འཐབ་དང་འགན་འཁྲི་ལག་བསྟར། ཆེ་ཕྱོགས་ཞབས་ཞུ་བཅས་བྱས་པ་དང་། ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་བསམ་བློའི་ཆབ་སྲིད་སྣེ་ཁྲིད་པར་ཤུགས་བསྣན་པ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་ལ་ཞབས་འདེགས་ཞུས་ཏེ་འགན་ནུས་ལག་བསྟར་བྱས་ལ། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོས་སེམས་ཤུགས་གཅིག་སྒྲིལ་བྱས་ཏེ། སྲིད་གྲོས་བྱ་བར་གྲུབ་འབྲས་གསར་བ་ཐོབ་པ་དང་རྣམ་པ་གསར་བ་གཏོད་པར་སྐུལ་འདེད་བཏང་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བྱས་རྗེས་གསར་བ་བཞག་ཡོད།
མགོན་པོ་བཀྲ་ཤིས་ཀྱིས་ཕྱོགས་ལྔའི་ཐད་ནས་འདས་པའི་ལོ་གཅིག་རིང་གི་བྱ་བ་སྤྱི་སྡོམ་བྱས། ཁོས་བཤད་རྒྱུར། ལོ་གཅིག་གི་རིང་ལ། ཞིང་ཆེན་སྲིད་གྲོས་ཀྱིས་ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པ་འབུར་དུ་ཐོན་པར་བྱས་པ་དང་། རྒྱུན་འཁྱོངས་ལྷོད་མེད་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བློ་སྒྲིལ་སེམས་སྐྱེད་བྱས་ལ། བརྗོད་དོན་སློབ་གསོར་དམིགས་ནས་སློབ་སྦྱོང་ཟབ་མོ་དང་རྒྱུས་ལོན་ཞིབ་མོ་བྱས་པ་དང་། གོམས་སྲོལ་བཟང་བོ་རྒྱུན་འཛིན་བྱས་ནས་སློབ་སྦྱོང་ཟབ་མོ་དང་རྒྱུས་ལོན་ཞིབ་མོ་བྱས་ཤིང་། འགན་སྒྲུབ་ལག་ལེན་གཙོར་བཟུང་ནས་སློབ་སྦྱོང་ཟབ་མོ་དང་རྒྱུས་ལོན་ཞིབ་མོ་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཆབ་སྲིད་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་ནས། ཐུན་མོང་གི་བསམ་བློ་ཆབ་སྲིད་རྨང་གཞི་སྔར་ལས་ཇེ་བརྟན་དུ་བཏང་ཡོད། ལོ་གཅིག་གི་རིང་ལ། ཞིང་ཆེན་སྲིད་གྲོས་ཀྱིས་རྒྱལ་དོན་གལ་ཆེན་དང་ཞིང་ཆེན་གྱི་དོན་ཆེན། མང་ཚོགས་ཀྱི་དོ་སྣང་བཅས་ཡིད་ལ་དམ་པོར་བཟུང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་ལག་བསྟར་བྱེད་རྒྱུ་དེ་འགན་སྒྲུབ་ཀྱི་བརྗོད་དོན་དང་གཙོ་སྙིང་དུ་བརྩིས་ཏེ། སྤུས་ཚད་མཐོན་པོས་གྲོས་མོལ་སྲིད་གླེང་བྱས་པ་དང་། ལངས་གནས་མཐོན་པོས་དཀྱིལ་སྙིང་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཤིང་། འཇུག་གནས་མཐོན་པོས་མཚོ་སྔོན་གྱི་གཏམ་རྒྱུད་བཤད་དེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་ཐད་ཞབས་འདེགས་ཞུ་བའི་ཁྲོད་ཁག་ཁུར་གསར་བ་དང་གྲུབ་འབྲས་གསར་བ་མངོན་པར་བྱས་ཡོད། ལོ་གཅིག་གི་རིང་ལ། ཞིང་ཆེན་སྲིད་གྲོས་ཀྱིས་མཐུན་སྒྲིལ་འབད་འཐབ་ཀྱི་དུས་རབས་ཀྱི་བརྗོད་དོན་ཁོང་དུ་དམ་པོར་ཆུད་པར་བྱས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་གཙོ་སྙིང་དུ་བྱས་ཏེ། ལས་རིགས་སོ་སོའི་དགེ་མཚན་དང་རིགས་གསར་བའི་སྲིད་ཏང་ལམ་ལུགས་ཀྱི་དགེ་མཚན། མི་རིགས་ཆོས་ལུགས་ལས་རིགས་ཀྱི་ཨུ་ཡོན་དང་ཞང་ཀང་དང་ཨོ་མིན་གྱི་ཨུ་ཡོན་གྱི་དགེ་མཚན་བཅས་འདོན་སྤེལ་བྱེད་པར་དོ་སྣང་བྱས་པ་དང་། རིགས་སོ་སོ་དང་ལས་རིགས་སོ་སོའི་མཐུན་སྒྲིལ་སྣེ་ཁྲིད་ལ་ཤུགས་བསྣན་ནས། སེམས་ཤུགས་གཅིག་ཏུ་གཏོད་པ་དང་སྟོབས་ཤུགས་གཅིག་ཏུ་འདོན་པའི་སྐྱེ་སྟོབས་འབར་བའི་རྣམ་པ་གྲུབ་པར་བྱས་ཡོད། ལོ་གཅིག་གི་རིང་ལ། ཞིང་ཆེན་སྲིད་གྲོས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྣེ་ཁྲིད་དུ་བྱས་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྲིད་གྲོས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་ནན་མོ་བྱས་ཏེ། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་ལག་བསྟར་བྱས་ཤིང་། ཆེད་དོན་གྲོས་མོལ་ལས་ཁུངས་འཛུགས་སྐྲུན་གཏིང་ཟབ་བྱས་པ་དང་། སྒྱུར་བ་གསུམ་གྱི་འཛུགས་སྐྲུན་ཆུ་ཚད་མཐོར་འདེགས་སུ་བཏང་ལ། ཆེད་དོན་ཨུ་ཡོན་ལྷན་ཁང་གི་རྨང་གཞི་རང་བཞིན་གྱི་ནུས་པ་ཇེ་དྲག་ཏུ་བཏང་བ་དང་། ཨུ་ཡོན་གྱི་གཙོ་གཞིའི་གོ་གནས་འབུར་དུ་ཐོན་པར་བྱས་ལ། གསར་འགྱུར་དྲིལ་སྒྲོག་བྱ་བ་བཟང་བོར་བསྒྲུབས་པ་དང་། གཞི་རིམ་སྲིད་གྲོས་བྱ་བར་སྐུལ་འདེད་བཏང་ནས། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་བྱ་བར་གསར་དུ་ཤུགས་སྣོན་དང་ལེགས་སྒྱུར་བྱས་ཡོད། ལོ་གཅིག་གི་རིང་ལ། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡིས་ཏང་གིས་མི་དམངས་སྲིད་གྲོས་ལ་འགོ་ཁྲིད་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཆེན་པོ་ཕྲག་ཏུ་བླངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་འཛུགས་སྐྲུན་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱས་ལ། བརྗོད་དོན་སློབ་གསོ་ཏན་ཏིག་གིས་སྤེལ་བ་དང་། ཏང་གི་ཆབ་སྲིད་འཛུགས་སྐྲུན་སྣེ་ཁྲིད་དུ་བྱས་ཤིང་། སྲིད་གྲོས་ཀྱི་ཏང་གི་འཛུགས་སྐྲུན་སྣ་ཚོགས་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་ཏེ། སྲིད་གྲོས་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་ཆེད་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས་ཡོད།
མགོན་པོ་བཀྲ་ཤིས་ཀྱིས་བཤད་རྒྱུར། 2024ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་དོན་ལྔ་འཁོར་བ་དང་མི་དམངས་སྲིད་གྲོས་བཙུགས་ནས་ལོ་དོན་ལྔ་འཁོར་བའི་ལོ་ཡིན་པ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དམིགས་འབེན་དང་ལས་འགན་མངོན་འགྱུར་བྱེད་པའི་གནད་འགག་གི་ལོ་ཡིན་པས། སྲིད་གྲོས་བྱ་བ་བཟང་བོར་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན། ཞིང་ཆེན་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་སྟེ་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་པ་བཅས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་ལག་བསྟར་ཟབ་མོ་བྱས་ཏེ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ཁྲོད་མགྱོགས་མྱུར་སྒོས་འདྲེས་པར་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་བ། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་དང་ཚང་འཛོམས་གྲོས་ཚོགས་རབ་དང་རིམ་པའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་མོ་བྱེད་པ། མཐུན་སྒྲིལ་དང་དམངས་གཙོ་ཞེས་པའི་བརྗོད་དོན་ཆེན་པོ་གཉིས་རྒྱུན་འཁྱོངས་བྱེད་པ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བ་གཙོ་བོར་དམ་དུ་དམིགས་ནས་ཆབ་སྲིད་གྲོས་མོལ་དང་དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ལག་བསྟར་བྱེད་པ། ཐུན་མོང་གི་འདུ་ཤེས་གཅིག་སྡུད་བཟང་བོ་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པར་ཕྱོགས་ཡོངས་ནས་རོགས་འདེགས་བྱེད་པ་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་པ་འབད་པས་འབྲི་ཆེད་འབད་བརྩོན་ལྷོད་མེད་བྱེད་རྒྱུ་ཡིན།
མགོན་པོ་བཀྲ་ཤིས་ཀྱིས་སྙན་ཞུའི་ཁྲོད་ད་ལོའི་བྱ་བ་གཙོ་བོ་ལྔ་བཏོན་པ་སྟེ། གཅིག་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་མུ་མཐུད་དུ་སློབ་སྦྱོང་ཟབ་མོ་དང་རྒྱུས་ལོན་ཞིབ་མོ་བྱེད་པར་འབད་བརྩོན་བྱེད་པའི་ཐད་ཕན་འབྲས་ཐོབ་པར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གཞུང་ལུགས་ལ་སློབ་སྦྱོང་ནན་མོ་བྱས་ཏེ་གོ་བ་ལེན་པ་དང་། ཏང་གི་མགོ་ཁྲིད་དང་འཐབ་ཕྱོགས་གཅིག་གྱུར། གྲོས་མོལ་དམངས་གཙོ་བཅས་ཀྱི་ཕན་ལྡན་གཅིག་གྱུར་རྒྱུན་འཁྱོངས་བྱེད་པའི་ནང་གནས་དགེ་མཚན་ལེགས་པར་བཏོན་ནས། མི་དམངས་སྲིད་གྲོས་ཀྱིས“མར་དོན་འཁྱོལ་དང་ཡར་གཅིག་སྡུད་བྱེད་པའི”ཆབ་སྲིད་ཀྱི་འགན་འཁྲི་དངོས་སུ་ཕྲག་ཏུ་ལེན་དགོས། གཉིས་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དངུལ་རྩ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་གསུང་བཤད་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ནན་མོ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་རྒྱུ་དེ་མི་དམངས་སྲིད་གྲོས་ཀྱིས་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་འགན་ནུས་ལག་བསྟར་བྱེད་པའི་ནང་དོན་གལ་ཆེན་དུ་བརྩིས་ནས། དགོས་མཁོའི་དུས་སུ་ཇུས་འབུལ་བྱེད་པ་དང་གནད་དུ་འཁེལ་བར་སྲིད་གླེང་བ། གནད་འགག་གི་ཐད་དུ་ལྟ་སྐུལ་བྱེད་པ་བཅས་ཀྱི་ནུས་པ་དང་ཆུ་ཚད་སྔར་ལས་མཐོར་འདེགས་སུ་གཏོང་དགོས། གསུམ་ནི་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་རྒྱུན་འཁྱོངས་བྱས་ཏེ། མི་དམངས་སྲིད་གྲོས་ནི་འཐབ་ཕྱོགས་གཅིག་གྱུར་གྱི་རྩ་འཛུགས་ཡིན་པའི་ཐུན་མིན་ཁྱད་སྟོབས་ལེགས་པར་བཏོན་ནས། མཚོ་སྔོན་ལ་རྒྱུས་ལོན་བྱེད་པ་དང་མཚོ་སྔོན་ལ་དགའ་ཞེན་བཅངས་པ། མཚོ་སྔོན་དར་རྒྱས་སུ་གཏོང་བ་བཅས་ཀྱི་མཉམ་ཤུགས་ཆེན་པོ་རྒྱུན་མ་ཆད་པར་གཅིག་ཏུ་བསྡུ་དགོས། བཞི་ནི་མུ་མཐུད་དུ་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་འཛུགས་སྐྲུན་བསྟུད་མར་ཟབ་སྤེལ་བྱས་ནས། གྲོས་མོལ་གྱི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་གྲོས་མོལ་གྱི་ནང་དོན་སྔར་ལས་ཆེ་རུ་བསྐྱེད་པ། གྲོས་མོལ་གྱི་བརྒྱུད་ལམ་གེགས་མེད་ཡོང་བར་བྱེད་པ། གྲོས་མོལ་གྱི་རིག་གནས་སྐྱེད་སྲིང་བྱས་ནས། གྲོས་མོལ་དམངས་གཙོ་འདི་ཉིད་དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་འཛུགས་སྐྲུན་ཧྲིལ་བོའི་ཁྲོད་ཟབ་མོར་འདྲེས་པར་བྱེད་དགོས། ལྔ་ནི་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་རང་བདག་འགན་འཁྲི་བློ་ཐག་རྦད་ཆོད་སྒོས་ཕྲག་ཏུ་བླངས་ནས། བརྗོད་དོན་སློབ་གསོའི་གྲུབ་འབྲས་རྒྱ་སྐྱེད་གཏོང་བ་དང་། “ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པ”བཅས་ཀྱི་བྱ་བའི་བླང་བྱ་ལག་ལེན་དུ་བསྟར་ནས། གྱོད་དོན་ལ་བརྟེན་ནས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་སྤྱོད་ལམ་འབུར་ཐོན་གནད་དོན་ལ་ཆེད་དོན་དག་ཐེར་བྱེད་པའི་ཕན་འབྲས་སྔར་ལས་གཏིང་ཟབ་ཏུ་གཏོང་བ། བབ་གཙང་སྤྱོད་བཟང་གི་ཆབ་སྲིད་ལས་ཁུངས་དང་ཆབ་སྲིད་སྐྱེ་ཁམས་འཛུགས་སྐྲུན་བྱས་ནས། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་བརྟེན་ནས་སྲིད་གྲོས་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྣེ་ཁྲིད་དང་འགན་སྲུང་བྱེད་དགོས།
ཁོང་ཡུང་གིས་སྲིད་གྲོས་སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་གྲོས་གཞི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་ཕུལ། ཁོས་བཤད་རྒྱུར། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོ་འཚོགས་པའི་ཚུན་ལ། སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ཀྱི་ཁོངས་སུ་ཞུགས་པའི་ལས་ཁུངས་དང་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོས་ཁྱོན་བསྡོམས་གྲོས་གཞི361ཕུལ་བ་དང་། ཞིབ་བཤེར་བྱས་པ་བརྒྱུད་གྲོས་གཞི262ཐོ་འགོད་བྱས་ལ། གྲོས་གཞི་ཐོ་འགོད་བྱས་ཚད72.6%ལ་སླེབས་ཡོད། 2023ལོའི་ལོ་མཇུག་བར་དུ་གྲོས་གཞི་ཚང་མ་བསྒྲུབས་ཚར་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་། སྐྱེ་ཁམས་སྲུང་སྐྱོབ། དམངས་ཚིས་ལེགས་བཅོས་བཅས་ལ་ཡར་སྐུལ་བྱེད་པར་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད།
དབྱང་ཧྥུན་ཁྲུན་དང་། ཉི་མ་སྒྲོལ་མ། ལིའུ་ཐུང་ཏི། ཀྲང་ཧོང་ཡོན། ལོའུ་ཀང་། ལིའུ་ཐའོ། དབྱང་ཀྲི་ཝུན། ལིའུ་ཁྲའོ། ལིས་ཧུང་ཡ། ཧི་ལུའུ་ཁྲུན། ཕིན་ཡིའུ་ཏུང་། ཀྲང་ཙིག་ཅུན། ཀྲ་ཆིན་ཅིག ལིས་ཙའེ་ཡོན། དབྱང་ཁི་ཞང་སོགས་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ཡོད།

འབྲེལ་ཡོད་འོས་སྦྱོར།