logo

མཚོ་ལྷོ་ཁུལ་སྲིད་གྲོས་སྐབས14བའི་གྲོས་ཚོགས་ཐེངས་བཞི་བ་འཚོགས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། དུས་ཚོད།:2024-02-01 ཀློག་གྲངས།:
ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་བཞི་བའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བ་གཟབ་རྒྱས་ངང་བསྡུས།
 
       ཟླ2པའི་ཚེས1ཉིན་གྱི་སྔ་དྲོར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་བཞི་བའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བ་ཁུལ་གྲོས་ཚོགས་ལྟེ་གནས་སུ་གཟབ་རྒྱས་ངང་བསྡུས།
       གྲོས་ཚོགས་ལ་ཐོན་དགོས་པའི་ཨུ་ཡོན251ཡོད་ལ། དངོས་སུ་ཐོན་ཡོད་པའི་ཨུ་ཡོན206ཡོད་པས་གཏན་འཁེལ་གྱི་མི་གྲངས་དང་མཐུན།
       དུས་ཚོད9ཡི་སྟེང་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་ཚོགས་ཆེན་གྱི་མགོ་བརྩམས།
       ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཚེ་རིང་དང་ཀྲུའུ་ཞི་གཞོན་པ་ཀྲའོ་ཀུའེ་ལེན། བསོད་ནམས་སྐྱིད། ཀུན་བཟང་པདྨ་རྣམ་རྒྱལ། ཧུའོ་ཆིང་། དྲུང་ཡིག་ཆེན་མོ་སུང་ཁྲེན་ཡེ་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས། ཀྲའོ་ཀུའེ་ལེན་གྱིས་ཚོགས་ཆེན་ལ་མགོ་འཛིན་བྱས།
       ལིས་ཀང་། ཀརྨ་ཕུན་ཚོགས། མ་ཅཱན་ཧུང་། ཆན་ཀུའོ་ཆིན། ཀྲང་ཅིས་ཙུང་། ལན་ཧྲེང་ཧྥེང་། ཡོན་ཡུའུ་ལུང་། དགེ་འདུན་རྒྱལ། ཉིའུ་ཏེ་ཧའེ། ཀྲིན་ཕེན་ཞན་བཅས་ཀྲུའུ་ཞི་སྟེགས་བུར་བསྡད་དེ་ཚོགས་ཆེན་འཚོགས་པར་རྟེན་འབྲེལ་ཞུས།
       གྲོས་ཚོགས་ལས་སྲིད་གྲོས་སྐབས་བཅུ་བཞི་བའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བའི་གྲོས་རིམ་ལ་གྲོས་འཆམ་བྱུང་། ཡིག་ཐོག་ནས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་དང་ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ། ཁུལ་ཨུའི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་བཅས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས།
ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཚེ་རིང་གིས་ཚོགས་ཆེན་ལ་བྱ་བའི་སྙན་ཞུ་འབུལ་བཞིན་པ།
       ཚེ་རིང་གིས་སྲིད་གྲོས་སྐབས་བཅུ་བཞི་བའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ཚོགས་ཆེན་ལ་བྱ་བའི་སྙན་ཞུ་ཕུལ།
       སྙན་ཞུ་ལས་བསྟན་དོན། 2023ལོར་ཁུལ་ཡོངས་ཀྱི་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་རིགས་སོ་སོའི་ལས་རིགས་ཁག་གི་མི་སྣས་ཁུལ་སྲིད་གྲོས་རྒྱུན་ཨུ་ཁང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག མི་དམངས་ཀྱི་ལངས་ཕྱོགས་བརྟན་སྲུང་དང་སྲིད་གྲོས་ལས་དོན་གྱི་རྒྱུན་བསྐྱངས་ནས། རང་སྐྱོང་ཁུལ་གྱི་སྲིད་བཙུགས་ནས་ལོ་འཁོར70ལོན་པའི་རྟེན་འབྲེལ་བྱ་འགུལ་གྱི་གོ་སྐབས་དང་བསྟུན་ནས། “མཚོ་ལྷོའི་ལས་དོན”ལག་བསྟར་བྱས་ཤིང་། སྙིང་རུས་ཆེར་བསྐྱེད་དང་། ཞུམ་མེད་མདུན་སྐྱོད། ཇུས་བཟང་ལེགས་འདོན། ཀུན་སེམས་གཅིག་སྒྲིལ་བཅས་བྱས་ཏེ། འབད་པ་ཆེན་པོས་སྲིད་གྲོས་ཀྱི་རྣམ་པ་གསར་པ་བསྐྲུན་པ་དང་། དུས་རབས་ཀྱི་གོམ་སྟབས་གསར་པ་སྤོས་ཤིང་། འགན་སྒྲུབ་ཀྱི་རྒྱུགས་འབྲས་གསར་པ་ཕུལ་ནས། མཚོ་ལྷོ་ཁུལ་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་དང་། ཁྱོན་ཡངས་པའི་གུང་ཧོ་གཤོང་སའི་ལྗང་མདོག་འཕེལ་རྒྱས་ཀྱི་འཕར་སྣེ་གསར་པ་གཏོད་ཆེད་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་བཏོན་པ་ཡིན། སྙན་ཞུའི་ཕྱོགས་བཞི་ཐད་ནས་གཙོ་གནད་བཙོ་སྦྱང་བྱས་ཡོད་པར་མ་ཟད། “བསམ་བློའི་མཐོ་ས”བརྟན་སྲུང་དང་། ཆབ་སྲིད་ཀྱི་ཁ་ཕྱོགས་སྟངས་འཛིན་བྱས་ཏེ། ཏང་གི་ཕྱོགས་ཡོངས་མགོ་ཁྲིད་འོག“དམངས་གཙོ་དར་སྤེལ་དང་། མཐུན་སྒྲིལ་ཟབ་སྤེལ”གྱི་ཆབ་སྲིད་འགན་འཁྲི་ནན་ཏན་གྱིས་འཁུར་ནས། བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་མུ་མཐུད་དུ་སྲ་བརྟན་དང་། ཆབ་སྲིད་ཀྱི་མཐུན་སེམས་སྔར་ལས་ཇེ་བརྟན་དུ་བཏང་བ། “སྲིད་དོན་དམངས་འདུན”མཐུན་འདྲེས་དང་། ཁྱོན་ཡོངས་འཕེལ་རྒྱས་ལ་དམ་དུ་དམིགས་ཏེ། གྲོས་མོལ་དམངས་གཙོ་འཕེལ་རྒྱས་གཏོང་བའི་ཁྲོད“དམངས་ཆེད་གྲོས་མོལ་དང་། དམངས་ཆེད་འགན་སྒྲུབ”ཀྱི་ལས་འགན་ཁུར་ནས། བྱ་བ་སྔར་ལས་དུས་རབས་དང་སྲིད་གྲོས་ཀྱི་ཁྱད་ཆོས་དང་མཐུན་པར་སྐུལ་འདེད་བཏང་། “ཕྱི་ནང་རེ་འདུན”མཐུད་འབྲེལ་དང་། སྲོལ་རྒྱུན་ལེགས་པོ་དར་སྤེལ་བྱས་ནས། ངོས་འཛིན་གཅིག་མཐུན་བྱེད་པའི་ཁྲོད“གྲོས་ནས་གཅིག་མཐུན་དང་། གྲོས་ནས་ལས་དོན་འགྲུབ་པའི”འགན་སྒྲུབ་ཀྱི་གཞི་མདངས་ཇེ་གསལ་དུ་བཏང་བས། སྤྱི་ཚོགས་ལས་རིགས་ཁག་གི་གསོན་ཤུགས་སྔར་ལས་རྒྱས་ཤིང་། ཕྱོགས་སོ་སོའི་བློ་གྲོས་ཀྱི་སྟོབས་ཤུགས་སྔར་ལས་གཅིག་སྒྲིལ་བྱུང་། “གྲོས་མོལ་གྱི་ནུས་པ”གསོ་བ་དང་། རྨང་བརྟན་ཟུངས་སྐྱེད་ལ་ཤུགས་བསྣན་ནས། བྱ་བའི་སྤྱོད་ཚུལ་ལེགས་སྒྱུར་བྱེད་པའི་ཁྲོད“ངར་སེམས་ཆེར་སྐྱེད་དང་། ལག་ལེན་དོན་འཁྱོལ”གྱི་སྙིང་སྟོབས་བསྐྱེད་པས། ལས་སྒྲུབ་ལས་གཏོད་ཀྱི་རྨང་གཞི་སྔར་ལས་བརྟན་ཞིང་། སྲིད་གྲོས་ཀྱི་རང་ངོས་འཛུགས་སྐྱོང་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་བཅས་ཕྱོགས་བཞི་ཐད་ནས2023ལོའི་བྱ་བར་སྤྱི་བསྡོམས་བྱས་ཡོད།
       སྙན་ཞུ་ལས2024ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར75ལོན་པ་དང་། མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ་འཁོར75ལོན་པའི་ལོ་ཞིག་དང་། “ལྔའི་བཅུ་བཞི་པའི”འཆར་འགོད་ལག་བསྟར་གཏིང་ཟབ་བྱེད་པའི་འགག་སྒྲོལ་གྱི་ལོ་ཞིག་ཡིན་པས། ངེས་པར་དུ་གོམ་སྟབས་གསར་པ་ལེགས་པོར་བསྒྱུར་ནས་བྱས་རྗེས་གསར་པ་འཇོག་དགོས། ད་ལོར་ཁུལ་སྲིད་གྲོས་བྱ་བའི་སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དར་ཆ་རླབས་པོ་ཆེ་མཐོན་པོར་སྒྲེང་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་གོ་དོན་ཟབ་མོར་རྟོགས་པ་དང་། “འདུ་ཤེས་བཞི”ཇེ་ཆེར་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱེད་ཅིང་། ཀྲུང་གུང་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་། སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ། ཞིང་ཆེན་ཏང་གི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ། ཁུལ་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་བཅས་ཀྱི་དགོངས་དོན་གཏིང་ཟབ་ཏུ་སློབ་སྦྱོང་དང་དྲིལ་བསྒྲགས་དོན་འཁྱོལ་བྱས་ནས། ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ། ཏང་གི་མགོ་ཁྲིད་དང་། འཐབ་ཕྱོགས་གཅིག་གྱུར། གྲོས་མོལ་དམངས་གཙོ་བཅས་ཟུང་འབྲེལ་ལེགས་པོ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། སྲོལ་རྒྱུན་བཟང་བོ་དར་སྤེལ་རྒྱུན་འཁྱོངས་དང་། ཆབ་སྲིད་ཀྱི་འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པ། ལྟེ་བར་དམ་པོ་དམིགས་ནས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ། ཧུར་ཐག་གིས་སྲིད་སྐྱོང་ཐབས་འདོན་དང་། ངོས་འཛིན་རྒྱ་ཆེར་གཅིག་མཐུན་ཡོང་བར་བྱེད་པ། ལམ་ལུགས་ཅན་དང་། ཚད་ལྡན་ཅན། སྒྲིག་རིམ་ཅན་སོགས་ཀྱི་བྱེད་ནུས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཁུལ་ཡོངས་ཀྱི་རིམ་པ་ཁག་གི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ལ་མཐུན་སྒྲིལ་ངང་སྣེ་ཁྲིད་ནས། མཉམ་གཅིག་ཏུ་འབད་པ་ལྷོད་མེད་བཅས་བྱས་ཏེ། ཁྱོན་ཡངས་པའི་གུང་ཧོ་གཤོང་སའི་ལྗང་མདོག་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོ་གསར་པ་མགྱོགས་མྱུར་ངང་བསྐྲུན་པར་བརྩོན་པ་ལྷུར་ལེན་བྱེད་དགོས་པ་བསྟན་ཡོད་པར་མ་ཟད། སྙན་ཞུ་ལས་དར་ཆ་གསལ་སྒྲེང་རྒྱུན་འཁྱོངས་བྱས་ནས། བསམ་བློའི་ངོས་འཛིན་གཅིག་མཐུན་ཡོང་བར་སྣེ་ཁྲིད་པའི་སྲིད་གྲོས་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས་པ་དང་། ཁྱོན་ཡོངས་ལ་ཞབས་ཕྱི་སྒྲུབ་པ་རྒྱུན་འཁྱོངས་བྱས་ནས། དངོས་སྒྲུབ་མདུན་སྐྱོད་བྱེད་པའི་སྲིད་གྲོས་ཀྱི་ནུས་པ་འདོན་དགོས་པ། ཐོག་མའི་བསམ་འདུན་ལག་བསྟར་རྒྱུན་འཁྱོངས་བྱས་ནས། ལས་ཡུལ་དང་པོར་ལས་བརྩོན་བྱེད་པའི་སྲིད་གྲོས་ཀྱི་འགན་འཁྲི་སྒྲུབ་དགོས་པ། ཕྱོགས་གཉིས་ནས་ཤུགས་འདོན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མི་དམངས་སྲིད་གྲོས་ཀྱིས་མི་དམངས་ལ་ཞབས་འདེགས་ཞུ་བའི་སྲིད་གྲོས་ཀྱི་བྱས་རྗེས་འཇོག་དགོས་པ། རྨང་རྩ་བརྟན་པོར་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས། རང་ངོས་འཛུགས་སྐྱོང་བྱེད་པའི་དག་སྲུང་གསར་གཏོད་ཀྱི་སྲིད་གྲོས་འགན་འཁྲི་འཁུར་དགོས་པ། རྨང་རྩ་བརྟན་པོར་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས། རང་ངོས་འཛུགས་སྐྱོང་བྱེད་པའི་དག་སྲུང་གསར་གཏོད་ཀྱི་སྲིད་གྲོས་འགན་འཁྲི་འཁུར་དགོས་པ་བཅས་ཕྱོགས་ལྔ་ནས2024ལོའི་སྲིད་གྲོས་སྐབས་བཅུ་བཞི་བའི་བྱ་བར་བླང་བྱ་བཏོན།
       ཧུའོ་ཆིང་གིས་སྲིད་གྲོས་སྐབས་བཅུ་བཞི་བའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངག་བཅོལ་ལྟར་ཚོགས་ཆེན་ལ་ཁུལ་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཚུན་གྱི་གྲོས་གཞི་བྱ་བ་བསྒྲུབས་ཚུལ་གྱི་བྱ་བའི་སྙན་ཞུ་ཕུལ།
       སྙན་ཞུ་ལས་བསྟན་དོན། ཁུལ་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཚུན་ལ། སྲིད་གྲོས་ཨུ་ཡོན་ཡོངས་དང་། སྲིད་གྲོས་ནང་ཞུགས་སྡེ་ཚན་སོ་སོ། ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོ་བཅས་ཀྱིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་སྤྱི་འདོམས་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གུང་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་། ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། «ཀྲུང་གོ་གུང་ཁྲན་ཏང་ཆབ་སྲིད་གྲོས་མོལ་བྱ་བའི་སྲོལ་ཡིག»ནན་ཏན་གྱིས་ལག་བསྟར་བྱས་ནས། ཁུལ་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་འོག བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས“གནས་བཞི”འཛུགས་སྐྲུན། “མཚོ་ལྷོ་དྲུག”གི་འཛུགས་སྐྲུན་ལ་བསྟུད་མར་སྐུལ་འདེད་གཏོང་བ། ཁྱོན་ཡངས་པའི་གུང་ཧོའི་གཤོང་སའི་ལྗང་མདོག་དར་རྒྱས་ཀྱི་འཕར་སྣེ་གསར་པ་གཏོད་པ་བཅས་ཀྱི་དམིགས་འབེན་ལས་འགན་ལ་དམིགས་ནས། གྲོས་གཞིའི་རྣམ་པར་བརྟེན་ནས་ཧུར་ཐག་གིས་གྲོས་འདོན་ཇུས་འབུལ་བྱས་ཏེ། མི་སྒེར་དང་མིང་བྱང་མཉམ་འགོད་ཀྱི་གྲོས་གཞི་དང་བསམ་འཆར་གྲོས་འགོ་ཁྱོན་བསྡོམས68ཕུལ་བ་དང་། ཨུ་ཡོན་ཞུགས་ཚད་མི་གྲངས(ཐེངས)203ཡིན། ཚོགས་ཆེན་གྱི་གྲོས་གཞི་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཐོག་མའི་ཞིབ་བཤེར་དང་། ཁུལ་སྲིད་གྲོས་གྲོས་གཞི་ཨུ་ཡོན་ལྷན་ཁང་གིས་བསྐྱར་ཞིབ། ཀྲུའུ་ཞིའི་གྲོས་ཚོགས་ཀྱིས་ཞིབ་བཤེར་གཏན་འབེབས་བཅས་བྱས་ཏེ་གྲོས་གཞི60ཐོ་འགོད་བྱས(དེའི་ནང་གཙོ་གནད་གྲོས་གཞི6དང་སྤྱིར་བཏང་གི་གྲོས་གཞི54ཡོད)ཤིང་། གྲོས་གཞི་ཐོ་འགོད་བྱས་ཚད88.2%ཡིན། རིམ་དབྱེ་འགན་འཁུར་དང་ཁོངས་སྒྲིལ་སྒྲུབ་གཉེར་གྱི་རྩ་དོན་ལྟར། གྲོས་གཞི་དུས་ཐོག་ཏུ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་། རྫོང་ལྔའི་སྲིད་གཞུང་ལ་བསྐྱལ་ནས་ཞིབ་འཇུག་གཉེར་སྒྲུབ་བྱེད་དུ་བཅུག་པ་ཡིན། 2023ལོའི་ལོ་མཇུག་བར་གྲོས་གཞི60དང་བསམ་འཆར་གྲོས་འགོ8ཀྱི་སྒྲུབ་ལན་སློག་ཚད100%ཡིན་པ་དང་། ཐག་བཅད་ཟིན་པ་དང་ཕལ་ཆེར་ཐག་བཅད་ཟིན་པའི་གྲོས་གཞི56ཡོད་ཅིང་། དེས་གྲོས་གཞི་ཡོངས་ཀྱི93.3%ཟིན། ཨུ་ཡོན་གྱིས་འགན་སྒྲུབ་སྡེ་ཚན་ཁག་གི་གྲོས་གཞི་སྒྲུབ་གཉེར་བྱས་པར་ཡིད་ཚིམ་ཚད95.2%ལ་སླེབས་ཡོད། སྙན་ཞུ་ལས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་འདེགས་ནུས་སྤེལ་ལ་འབྲེལ་བའི“དགོས་གལ་ཆེ་བའི་དོན་ཆེན”ལ་དམིགས་ནས་བློ་གྲོས་ཟབ་པའི་ཐབས་བཟང་བཏོན་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་བའི“རྒྱུན་རྣམ་དོན་ཆེན”ལ་དམིགས་ནས་ཐབས་བཀོད་དངོས་འཐེན་པ། སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ཐག་གཅོད་ཀྱི“གཙོ་གནད་ཁག་དོན”ལ་དམིགས་ནས་ཇུས་འགོད་བཟང་པོ་བྱས་པ། དམངས་འཚོའི་བདེ་རྩ་ལེགས་བཅོས་བྱེད་པའི“འགག་རྩའི་དོན་ཆུང”ལ་དམིགས་ནས་གོ་སྐོན་ཇུས་འབུལ་བྱས་པ་བཅས་ཕྱོགས་བཞི་ཐད་ནས་ལོ་གཅིག་རིང་གི་གྲོས་གཞི་བྱ་བར་བླངས་བའི་གྲུབ་འབྲས་སྤྱི་བསྡོམས་བྱས་པར་མ་ཟད། “སྣང་ཆེན་གསུམ”གྱི་ཞབས་ཕྱིའི་ཁྲིད་སྟོན་ལེགས་འཛིན་བྱས་ཏེ། གྲོས་གཞིའི་སྤྱིའི་སྤུས་ཚད་མཐོར་འདེགས་གཏོང་བའི་ཐད་ཐབས་ཇུས་གནད་འཁེལ་བཏོན་པ་དང་། “ནན་གསུམ”གྱི་བྱ་བའི་བརྒྱུད་རིམ་ཞིབ་ཏུ་བཟུང་ནས། གྲོས་གཞི་སྒྲུབ་གཉེར་གྱི་དངོས་ཕན་ཇེ་དྲག་ཏུ་གཏོང་བའི་ཐད་ཤུགས་བརྒྱབ་པ། “འབུར་དུ་བཏོད་པ་གསུམ”གྱི་འགན་སྲུང་བྱེད་ཐབས་དམ་འཛིན་བྱས་ནས། གྲོས་གཞིའི་ཞབས་ཕྱི་དོ་དམ་ཇེ་དྲག་ཏུ་གཏོང་བའི་ཐད་ཕན་འབྲས་དངོས་ལོན་པར་གཞོལ་བ་བཅས་ཕྱོགས་གསུམ་གྱི་ཐད་ནས་གྲོས་གཞིའི་བྱ་བའི་བྱེད་ཐབས་གཙོ་བོ་དང་ལག་ལེན་གྱི་མྱོང་ཚོར་ལ་སྤྱི་བསྡོམས་བྱས། 2024ལོའི་གྲོས་གཞི་བྱ་བར་སྙན་ཞུ་ལས། སྤུས་ལེགས་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། གྲོས་གཞིའི་སྤུས་ཚད་མཐོར་འདེགས་གཏོང་བའི་ཐད་ནུས་ཤུགས་ཆེན་པོས་ཕན་འབྲས་གསར་པ་ལེན་དགོས་པ། འགན་འཁྲིའི་འདུ་ཤེས་ལ་ཤུགས་བསྣན་ནས། གྲོས་གཞི་སྒྲུབ་གཉེར་གྱི་ཕན་འབྲས་ཇེ་དྲག་ཏུ་གཏོང་བའི་ཐད་བྱས་རྗེས་གསར་པ་འཇོག་དགོས་པ། ཞབས་ཕྱིའི་འདུ་ཤེས་ལ་ཤུགས་བསྣན་ནས་གྲོས་གཞིའི་ཞབས་ཕྱི་ཆུ་ཚད་ཧུར་ཐག་གིས་མཐོར་འདེགས་གཏོང་བའི་ཐད་ཐོད་བརྒལ་གསར་པ་འབྱུང་དུ་འཇུག་དགོས་པ་བཅས་གསུམ་གྱི་ཐད་ལ་བླང་བྱ་བཏོན།
       ཧྥན་རེན་ཡོན། གསེར་མཚོ། དཔལ་ལྡན། ཀེང་ཧྲེང་ཁྲེང་། མཱ་ཧྲའོ་ཧྥུ། ལི་གོ་ཞུང་། ཉིན་ཧྥ་ཀུའེ། ཅིན་ཡུང་ཅེ། ཅ་ནའེ་ཅི། དབྱང་ཧྲུའུ་ཕིང་བཅས་ཀྲུའུ་ཞི་སྟེགས་བར་བསྡད་ཡོད།
       མཚོ་ལྷོ་ས་ཁུལ་གྱི་སྐབས་བཅུ་གསུམ་པའི་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག ཞིང་ཆེན་གྱི་ཁུལ་སྡོད་པའི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན། རྫོང་སོ་སོའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། ཤང་དང་གྲོང་རྡལ་སོ་སོའི་སྲིད་གྲོས་བྱ་བའི་འབྲེལ་གཏུག་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་བཅས་གྲོས་ཚོགས་ལ་ཟུར་ཞུགས་བྱས། །
འབྲེལ་ཡོད་འོས་སྦྱོར།