མཚོ་ལྷོ་ཁུལ་དམངས་ཆེན་སྐབས་བཅོ་ལྔ་བའི་གྲོས་ཚོགས་ཐེངས་ལྔ་བ་འཚོགས།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།
དུས་ཚོད།:2024-02-02
ཀློག་གྲངས།:
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་བའི་གྲོས་ཚོགས་ཐེངས་ལྔ་བ་གཟབ་རྒྱས་ངང་འཚོགས།
ཟླ2པའི་ཚེས2ཉིན་གྱི་སྔ་དྲོར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་བའི་གྲོས་ཚོགས་ཐེངས་ལྔ་བ་དེ་ཆབ་ཆ་གྲོང་རྡལ་དུ་གཟབ་རྒྱས་ངང་འཚོགས།
གྲོས་ཚོགས་སྟེང་ཐོན་དགོས་པའི་འཐུས་མི249ཡོད་ལ། དངོས་སུ་ཐོན་ཡོད་པའི་འཐུས་མི213ཡོད་པས། ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་མི་གྲངས་དང་མཐུན།
གྲོས་ཚོགས་ལ་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའམ་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་མཱ་ཅན་ཧུང་གིས་མགོ་འཛིན་བྱས།
ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ལིས་ཀང་། ཝང་ཀྲུང་ཡིས། ཧྥན་རོན་ཡོན། གསེར་མཚོ། དཔལ་ལྡན། ཀེན་ཧྲེང་ཁྲེང་། ཏིང་རོན་དབྱི། མཱ་ཧྲུའུ་ཧྥུའུ། མཁས་ཆེན་དོན་འགྲུབ་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཚེ་རིང་། ཁུལ་ཨུའི་རྒྱུན་ཨུ་སོ་སོ། ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། མཚོ་ལྷོའི་ཡན་ལག་དམག་ཁུལ། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་འགན་འཁུར་བློ་མཐུན་གཙོ་བོ། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་བཅས་ཀྲུའུ་ཞི་སྟེགས་བུར་བཞུགས།
ཁུལ་སྲིད་གྲོས་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཨུ་ཡོན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ཁ་ཤས། ཁུལ་ཨུའི་འབྲེལ་ཡོད་སྡེ་ཁག་དང་མི་དམངས་ཚོགས་པའི་འགན་འཁུར་བ། ཁུལ་མི་དམངས་སྲིད་གཞུང་གི་ཁོངས་གཏོགས་སྡེ་ཁག ཞིང་ཆེན་དོ་དམ་སྡེ་ཁག་གི་འགན་འཁུར་བ། ཁུལ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་འབྲེལ་ཡོད་འགན་འཁུར་བ། ཁུལ་གཏོགས་འབྲེལ་ཡོད་ཁེ་ལས་དང་ལས་དོན་སྡེ་ཁག དམངས་གཉེར་ཁེ་ལས་བཅས་ཀྱི་འགན་འཁུར་བ། ཤང་དང་གྲོང་རྡལ་སོ་སོའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཀྲུའུ་ཞི་བཅས་གྲོས་ཚོགས་ལ་ཟུར་ཞུགས་བྱས་ཤིང་། ཚོགས་འདུ་ལས་ཁུལ་དཔོན་ཀརྨ་ཕུན་ཚོགས་ཀྱིས་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ་བར་ཉན་པ་རེད།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས་ཀྱིས་སྲིད་གཞུང་བྱ་བའི་སྙན་ཞུ་འབུལ་བཞིན་པ།
ཚོགས་འདུ་ལས་བསྟན་དོན། 2023ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་མགོ་ཚུགས་པའི་ལོ་ཞིག་དང་། ལོ་གསུམ་རིང་གི་རིམས་བབ་འགོག་ཟོན་མཚམས་བསྒྱུར་རྗེས་དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་གཏོང་བའི་ལོ་ཞིག་ཡིན་ལ། མཚོ་ལྷོའི་འཕེལ་རྒྱས་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་ལོ་ཞིག་ཀྱང་རེད། ལོ་གཅིག་གི་རིང་ལ། སྣེ་མང་རྙོག་འཛིང་ཆེ་བའི་དཔལ་འབྱོར་གྱི་གནས་བབ་དང་དཀའ་ཚེགས་ལྗིད་རྫོབ་ཆེ་བའི་སྒྱུར་བཅོས་གོང་སྤེལ་གྱི་ལས་འགན་གྱི་མདུན་དུ། ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་བཅས་ཀྱི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་དང་། ཁུལ་དམངས་ཆེན་དང་ཁུལ་སྲིད་གྲོས་ཀྱི་རྒྱབ་སྐྱོར་འོག ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ལ་བཏོན་པའི་བླང་བྱ་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་གཙོ་བོས་མཚོ་ལྷོ་ནས་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་ཀྱི་བླང་བྱ་ལྟར། རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱ་རྒྱུ་སྣེ་ཁྲིད་དུ་བྱས་ཏེ། སྟོབས་ཤུགས་གཅིག་སྡུད་ཀྱིས་དོན་ཆེན་དང་བྱ་བ་གལ་ཆེན་ཡག་པོར་བསྒྲུབས་པ་དང་། ཐབས་བརྒྱ་ཇུས་སྟོང་གིས་བྲེལ་འཚུབ་ཆེ་བའི་དོན་དག་དང་དཀའ་གནད་སེལ་ཐབས་བཅས་བྱས་པར་བརྟེན། ཁུལ་ཡོངས་ཀྱི་བྱ་གཞག་ཁག་གོམ་སྟབས་གསར་པ་སྤོས་ཤིང་ཡར་རྒྱས་གསར་པ་བྱུང་ཡོད། ལོ་འདིར། མི་རྣམས་ལ་ཡིད་ཆེས་ཀྱིས་ཁེངས་སུ་འཇུག་པ་ཞིག་ནི། ང་ཚོས་སློབ་སྦྱོང་ལ་བརྟེན་ནས་ལས་སྒྲུབ་ལ་སྐུལ་འདེད་བཏང་སྟེ་འབད་འབུངས་མདུན་སྐྱོད་ཀྱི་བསམ་བློའི་སྟོབས་ཤུགས་གཅིག་ཏུ་བསྡུས་པ་དེ་རེད། མི་རྣམས་ལ་དགའ་སྤྲོ་སྐྱེ་འོས་པ་ཞིག་ནི། ང་ཚོས་ཐུགས་རྗེ་དང་ཐུགས་ཁུར་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐུལ་འདེད་མགྱོགས་སུ་བཏང་བའི་ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དུ་བཏང་ཡོད་པ་དེ་རེད། མི་རྣམས་ལ་ངར་ཤུགས་ལྡབ་འགྱུར་གྱིས་འཕེལ་བར་བྱེད་པ་ཞིག་ནི། ང་ཚོས་དུས་བབ་དང་བསྟུན་ནས་ཚད་གཞི་མཐོ་བའི་སྒོ་ནས་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དེ་རེད། མི་རྣམས་དགའ་ཞིང་བློ་བདེ་བ་ཞིག་ནི། ང་ཚོས་དཀའ་བསུ་མདུན་སྐྱོད་ཀྱིས་དཔལ་འབྱོར་བརྟན་པོའི་ངང་འཕར་བའི་དགའ་འོས་པའི་གྲུབ་འབྲས་བླངས་པ་དེ་རེད། མི་རྣམས་ལ་སེམས་གཏིང་ནས་སྤོབས་པ་སྐྱེ་རུ་འཇུག་པ་ཞིག་ནི། ང་ཚོས་དགའ་སྤྲོའི་ངང་ཁུལ་སྟོན་བསུས་ནས་དྲིན་ཚོར་ཡར་བརྩོན་གྱི་མཉམ་ཤུགས་ཆེན་པོ་ཆགས་པ་དེ་རེད། འདས་པའི་ལོ་གཅིག་ནང་ ང་ཚོས་གཙོ་བོ་གཤམ་གསལ་ཕྱོགས་བརྒྱད་ཀྱི་ལས་དོན་དམ་འཛིན་བྱས་ཡོད་པ་སྟེ། (གཅིག) སྲུང་སྐྱོང་ལ་ཤུགས་སྣོན་དང་བཅོས་སྐྱོང་ནན་པོ་བྱེད་པ་རྒྱུན་འཁྱོངས་ལྷོད་མེད་བྱས་པས་ལྗང་མདོག་འཕེལ་རྒྱས་ཀྱི་རྨང་གཞི་སྔར་བས་ཇེ་བརྟན་དུ་ཕྱིན་པ། (གཉིས།) ནུས་ཤུགས་ཡོད་རྒུ་བཏོན་ནས་རིགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་བས་དེང་རབས་ཐོན་ལས་མ་ལག་སྔར་བས་འཐུས་སྒོ་ཇེ་ཚང་དུ་ཕྱིན་པ། (གསུམ།) ཐབས་མང་མཉམ་སྤྱོད་ཀྱིས་ལས་གཞིའི་དངུལ་གཏོང་ཤུགས་ཚད་ཆེ་རུ་བཏང་བས་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་ནུས་པ་སྔར་བས་ཆེ་རུ་ཕྱིན་པ། (བཞི།) རྒྱུན་འཁྱོངས་ལྷོད་མེད་ངང་རྨང་གཞི་བརྟན་པོར་བཏང་ནས་ཞན་ཆ་གསབ་ཐབས་བྱས་པས་མཁར་གྲོང་མཉམ་འདྲེས་འཕེལ་རྒྱས་སྔར་བས་མཐུན་སྦྱོར་བྱུང་བ། (ལྔ།) བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་དམ་འཛིན་བྱས་ནས་སྒོ་འབྱེད་ལ་སྐུལ་འདེད་བཏང་བས་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་སྔར་བས་རྒྱས་པ། (དྲུག) བརྩེ་སེམས་ཟབ་མོས་དམངས་ཀྱི་སེམས་ཁྲལ་སེལ་བ་དང་དམངས་ཀྱི་འཚོ་བར་ཕན་བཏགས་པས་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བ་སྔར་བས་ཇེ་ལེགས་སུ་སོང་བ། (བདུན།) ཐོག་མཐའ་བར་གསུམ་དུ་གཟབ་ནན་གྱིས་ཉེན་ཁ་སྔོན་འགོག་དང་བརྟན་བརླིང་སྲུང་སྐྱོང་བྱས་པས་བདེ་འཇགས་མཚོ་ལྷོའི་འཛུགས་སྐྲུན་སྔར་ལས་གཏིང་ཟབ་ཏུ་ཕྱིན་པ། (བརྒྱད།) ཐོག་མའི་བསམ་འདུན་འགྱུར་བ་མེད་པའི་སྒོ་ནས་ལས་འགན་ལག་བསྟར་དང་འགན་འཁྲི་ཁུར་ལེན་བྱས་པས་སྲིད་གཞུང་གི་སྤྱོད་ཚུལ་དང་ཕན་ནུས་སྔར་ལས་ཇེ་བཟང་དུ་སོང་བ།སྙན་ཞུ་ལས་བསྟན་དོན། འདས་པའི་ལོ་གཅིག་རིང་ལ། ང་ཚོས་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་ཀྱི་དགོས་མཁོ་དང་མང་ཚོགས་ཀྱི་རེ་སྒུག་ལ་རྩེ་གཅིག་ཏུ་དམིགས་ནས། འགག་སྒྲོལ་དཀའ་སེལ་དང་གཏན་ལ་ཕབ་རྗེས་དུས་ཐོག་ཏུ་སྒྲུབ་པ་བཅས་བྱས་ཏེ། གནོན་ཤུགས་འདེགས་བཞིན་ལེགས་ཕྱོགས་སུ་འཕེལ་བའི་སླར་གསོའི་ལམ་བུ་ཞིག་བཏོད་པ་དང་། ཕུགས་རྒྱང་རིང་པོར་འབྲེལ་བ་ཡོད་པའི་འགག་རྩའི་དཀའ་གནད་ཁ་ཤས་སེལ་ཏེ། མིག་མཐོང་ལག་ཟིན་གྱི་དོན་དངོས་དང་དོན་བཟང་ཁག་ཅིག་བསྒྲུབས་ཡོད། གྲུབ་འབྲས་འདི་ལྟ་བུ་ཞིག་ལེན་ཐུབ་པའི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཁ་ལོ་བསྒྱུར་ནས་སྣེ་ཁྲིད་གནང་བར་ཐུག་ཡོད་པ་དང་། སྲོག་ཤིང་ནི་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་བཅས་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ལ་ཐུག་ཡོད་པ། འགག་རྩ་ནི་ཁུལ་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ལྷན་དང་། ཁུལ་སྲིད་གྲོས། སྤྱི་ཚོགས་ལས་རིགས་ཁག་བཅས་ཀྱི་ལྟ་སྐུལ་རྒྱབ་སྐྱོར་ལ་ཐུག་ཡོད་པ། གལ་ཆེ་ཤོས་ནི་ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཁྲི45ཡིས་བློ་གཅིག་སེམས་གཅིག་དང་མཉམ་གཅིག་ཏུ་འབད་འཐབ་བྱས་པ་བཅས་ལ་ཐུག་ཡོད་པ་རེད།
སྙན་ཞུ་ལས་བསྟན་དོན། ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ75འཁོར་བའི་ལོ་ཞིག་དང་། “ལྔ་བཅུ་བཞི་པའི”འཆར་འགོད་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་པའི་འགག་རྩའི་ལོ་ཞིག་རེད། ད་ལོའི་སྲིད་གཞུང་ལས་དོན་གྱི་སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་དང་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་གྲོས་ཚོགས་ཀྱི་བཀོད་སྒྲིག་དོན་འཁྱོལ་གཏིང་ཟབ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ལ་བཏོན་པའི་བླང་བྱ་གལ་ཆེན་ཇི་མ་ཇི་བཞིན་དོན་འཁྱོལ། ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་དང་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་དོན་འཁྱོལ་ནན་ཏན། “ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་གནས་ཚུལ་ངེས་གནས་དང“དེ་བས་གལ་འགངས་ཆེ་བ་གསུམ”གྱི་འཐབ་ཇུས་གནས་བབ་ལ་རྐང་བཙུགས་ནས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་རྒྱུན་འཁྱོངས་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་། གནད་ལ་འཁེལ་བ་དང་། ཕྱོགས་ཡོངས་ནས་ལག་བསྟར་བཅས་བྱས་ཏེ། འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ནང་མགྱོགས་མྱུར་གྱིས་ཞུགས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ཁུལ་ཨུའི་བློ་བརྟན་འགྱུར་མེད་ཀྱི་མགོ་ཁྲིད་འོག “12345”ཡི་འབད་འཐབ་དམིགས་ཚད་གཏན་འཁེལ་བྱས་ནས། “སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པ་དང་། ཞིང་ཕྱུགས་ལས་ལ་བརྟེན་ནས་ཁུལ་བརྟན་པོ་ཡོང་བར་བྱེད་པ། ནུས་ཁུངས་གཙང་མར་བརྟེན་ནས་ཁུལ་སྟོབས་ཆེར་གཏོང་བའི”འཐབ་ཇུས་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་འདོམས་དང་། སྐུལ་འདེད་ཤུགས་ཆེན། རྨང་གཞི་ཇེ་བརྟན་དུ་གཏོང་བ། འགན་སྲུང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ཁྱོན་ཡངས་པའི་གུང་ཧོ་གཤོང་སའི་ལྗང་མདོག་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོ་གསར་པ་ནུས་ཤུགས་ཡོད་རྒུས་འཛུགས་སྐྲུན་བྱ་རྒྱུ་དེ་རེད།
དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་གྱི་སྔོན་དཔག་དམིགས་འབེན་གཙོ་བོ་ནི། ས་ཁུལ་གྱི་ཐོན་སྐྱེད་བསྡོམས་ཐང5.5%ཡས་མས་འཕར་བ་དང་། གཏན་འཇགས་རྒྱུ་ནོར་ཐད་ཀྱི་མ་དངུལ་གཏོང་ཚད6%འཕར་བ། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང6.8%འཕར་བ། སྤྱི་ཚོགས་འཛད་རྫས་ཀྱི་སིལ་འཚོང་བསྡོམས་འབོར7%ཡས་མས་འཕར་བ། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་དང་སྡོད་དམངས་ཡོངས་ཀྱི་མི་རེའི་ཆ་སྙོམས་སྤྱོད་འཐུས་ཡོང་འབབ་དེ་ས་ཁུལ་གྱི་ཐོན་སྐྱེད་བསྡོམས་ཐང་དང་དུས་མཉམ་དུ་འཕར་བ། གྲོང་རྡལ་གྱི་ལས་ཞུགས་མི་གྲངས2000ཡན་འཕར་བ། རོང་འབྲོག་ཁུལ་གྱི་རྩོལ་ནུས་གཞན་སྒྱུར་ལས་ཞུགས་བྱེད་ཚད་མི་ཐེངས་ཁྲི་ཚོ4.5ཡན་ལ་སླེབ་པ། གྲོང་རྡལ་གྱི་བརྟག་དཔྱད་ལས་ཤོར་ཚད5.5%ཡས་མས་སུ་ཚོད་འཛིན་ཐུབ་པ། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་འཕར་ཚད་ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་དམིགས་ཚད་ནང་ཚུན་དུ་ཚོད་འཛིན་བྱེད་ཐུབ་པ། མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད96%ཡན་རྒྱུན་འཁྱོངས་ཐུབ་པ་དང་། རྨ་ཆུ་མངའ་ཁོངས་ནས་ཕྱིར་ཐོན་པའི་ཆུའི་སྤུས་ཚད་རིམ་པ་གཉིས་པའི་ཡན་རྒྱུན་འཁྱོངས་ཐུབ་པ། ནུས་སྲི་ཐཱན་ཉུང་སྙིགས་འཕྲི་བྱེད་ཚད་ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་དམིགས་ཚད་ནང་ཚོད་འཛིན་བྱེད་ཐུབ་པ། འབྲུ་རིགས་ཀྱི་སྤྱིའི་ཐོན་འབོར་ཏུན་ཁྲི་ཚོ14.5ཡན་རྒྱུན་འཁྱོངས་ཐུབ་པ་བྱ་རྒྱུ་བཅས་ཡིན།
སྙན་ཞུ་ལས་བསྟན་དོན། གོང་གསལ་དམིགས་འབེན་མངོན་འགྱུར་བྱེད་དགོས་ན། ངེས་པར་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་དུས་རབས་གསར་པའི་གནས་ལུགས་འགྱུར་མེད་ཏུ་བརྩི་རྒྱུ་རྒྱུན་འཁྱོངས་དང་། “ངེས་པར་དུ་བྱེད་དགོས་པ་ལྔ”ཡི་ཆོས་ཉིད་སྟངས་འཛིན་གཏིང་ཟབ་བྱེད་པ། བརྟན་ཐོག་ཡར་འཕེལ་དང་། འཕེལ་རྒྱས་ལ་བརྟེན་ནས་བརྟན་ལྷིང་ལ་སྐུལ་འདེད། སྔོན་གཏོར་རྗེས་འཛུགས་བཅས་བྱས་ཐོག གཙོ་གནད་འབུར་ཐོན་དང་། གནད་འགག་སྟངས་འཛིན་བཅས་བྱས་ཏེ། གཤམ་གསལ་ཕྱོགས་བརྒྱད་ཀྱི་ལས་དོན་གཙོ་གནད་དུ་བཟུང་ནས་དམ་འཛིན་བྱེད་དགོས། (གཅིག) སྲུང་སྐྱོབ་དང་བཅོས་སྐྱོང་བྱ་རྒྱུ་དེ་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གཏོད་པའི་ཐད་ནས་གྲུབ་འབྲས་གསར་པ་ལེན་དགོས། “རྒྱལ་ཁབ་ཀྱི་དོན་ཆེན”ཡིད་ལ་བརྟན་པོར་བཟུང་ནས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་སྟེང་སྐྱོད་རྒྱུ་རྒྱུན་འཁྱོངས་བྱས་ཐོག རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་འཁྱགས་རོམ་བཅས་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་ལ་གཅིག་གྱུར་འཆར་འགོད་བྱས་ནས། “སྔོ་ལྗང་རི་ཀླུང”དང“གསེར་རི་དངུལ་རི”ལ་སྲུང་སྐྱོང་ཡག་པོ་བྱེད་དགོས། (གཉིས།) ཚུལ་སྒྱུར་རིམ་སྤོར་བྱ་རྒྱུ་དེ་གཙོ་རྒོལ་ཁ་ཕྱོགས་སུ་བརྩིས་ནས་ཁྱད་ལྡན་ལེགས་ཆའི་ཐོན་ལས་སྐྱེད་སྲིང་བྱེད་པའི་ཐད་ནས་བཀྲག་མདངས་འཚེར་ས་གསར་པ་གཏོད་དགོས། དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་བབ་གསར་པ་དང་ཐོན་ལས་ཚུལ་སྒྱུར་གྱི་བླང་བྱ་གསར་པར་བསྟུན་ནས། བཟང་ཆ་བསྐྲུན་ཞིང་ཞན་ཆ་གསབ་པ་དང་། རྨང་གཞི་བརྟན་གཏོང་དང་སྤུས་ཚད་མཐོ་རུ་བཏང་སྟེ། ཐོན་ལས“གནས་བཞིས”སྣེ་ཁྲིད་བྱེད་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་པོར་བསྐྲུན་དགོས། (གསུམ།) སྦས་ཤུགས་སྔོག་འདོན་གཏིང་ཟབ་བྱ་རྒྱུ་དེ་འགག་རྩའི་བྱེད་ཐབས་སུ་བརྩིས་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ནུས་ཆེ་རུ་གཏོང་བའི་ཐད་གསོན་ཤུགས་གསར་པ་སྣོན་དགོས། ཕན་ནུས་ལྡན་པའི་དངུལ་གཏོང་གི་འགག་རྩའི་ནུས་པ་དང་འཛད་སྤྱོད་ཀྱི་རྨང་གཞིའི་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཐོག དངུལ་གཏོང་དང་འཛད་སྤྱོད་ཕན་ཚུན་སྐུལ་འདེད་གཏོང་བའི་རྣམ་པ་བཟང་པོ་ཆགས་སུ་བཅུག་ནས། དཔལ་འབྱོར་འཕེལ་རྒྱས་ཀྱི་འདེགས་སྐྱོར་ནུས་པ་དང་འཐེན་ཤུགས་ཧུར་ཐག་གིས་ཆེ་རུ་གཏོང་དགོས། (བཞི།) གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ནས་མཁར་གྲོང་མཉམ་འགུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་དུས་མཚམས་གསར་པར་སླེབ་པར་བྱེད་དགོས། མཁར་གྲོང་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་དང་རྐྱེན་སྲོལ་གསར་འཛུགས་འཐུས་ཚང་དུ་གཏོང་བ་དང་། ཁྱོན་ཡོངས་ལ་བལྟ་བའི་མིག་རྒྱང་གིས་མཁར་གྲོང་འཆར་འགོད་དང་། འཛུགས་སྐྲུན། དོ་དམ་བཅས་བྱས་ཏེ། གྲོང་ཁྱེར་གྱི་འཚོ་བ་སྔར་ལས་བག་ཕེབས་མཛེས་སྡུག་ལྡན་ཞིང་གྲོང་གསེབ་ཀྱི་འཚོ་བ་སྔར་ལས་ལྷིང་འཇགས་སྐྱིད་པོ་ཡོང་བར་བྱེད་དགོས། (ལྔ།) སྒྱུར་བཅོས་སྒོ་དབྱེ་དེ་རྣམ་པར་རྒྱལ་བྱེད་ཀྱི་ཐབས་མཆོག་ཏུ་བརྩིས་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་ཐད་ལེའུ་གསར་པ་རྩོམ་དགོས། བསམ་བློ་བཅིངས་འགྲོལ་དང་གསར་གཏོད་སྲོལ་འབྱེད་རྒྱུན་འཁྱོངས་བྱེད་པ་དང་། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་སྒྱུར་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ། གསོན་ཤུགས་སྔར་ལས་ཆེ་བའི་སྒྲིག་སྲོལ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། འཕེལ་རྒྱས་ཁོངས་གསེང་སྔར་ལས་རྒྱ་ཆེ་རུ་གཏོང་བ་བཅས་བྱེད་དགོས། (དྲུག) མི་དམངས་ཀྱི་འཚོ་ཇེ་ལེགས་སུ་གཏོང་རྒྱུ་དེ་རྩ་བའི་དམིགས་ཡུལ་དུ་བཟུང་ནས་མི་དམངས་ཀྱི་བདེ་སྐྱིད་སྟོན་གྲངས་མཐོ་རུ་གཏོང་བའི་ཐད་མཆོང་སྐྱོད་གསར་པ་ཡོང་བར་བྱེད་དགོས། ཐོག་མཐའ་བར་གསུམ་དུ་མི་དམངས་སེམས་ནང་གི་གནས་བབ་མཐོ་ཤོས་སུ་བཞག་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་དམངས་ཚིས་བདེ་སྐྱིད་ཆེ་རུ་གཏོང་བ་དང་། མཉམ་དུ་ཕྱུག་པོར་འགྱུར་བར་ཏན་ཏིག་གིས་སྐུལ་འདེད་བཏང་སྟེ། དེང་རབས་ཅན་གྱི་མཚོ་ལྷོ་གསར་པ་འཛུགས་སྐྲུན་གྱི་གྲུབ་འབྲས་སྔར་ལས་མང་བ་དང་སྔར་ལས་དྲང་གཞག་ལྡན་པའི་སྒོ་ནས་ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་ཕན་པ་ཐོབ་པར་བྱེད་དགོས། (བདུན།) བཅོས་སྐྱོང་གཏིང་ཟབ་ཏུ་གཏོང་རྒྱུ་དེ་འགན་སྲུང་བརྟན་པོ་རུ་བརྩིས་ནས་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་སྲ་བརྟན་དུ་གཏོང་བའི་ཐད་གོམ་པ་གསར་པ་སྤོ་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ཏེ། ཉེན་ཁའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་མ་མཐའི་མཚམས་ཐིག་གི་བསམ་བློ་ཇེ་བརྟན་དུ་བཏང་ནས། བཅོས་སྐྱོང་གི་འདུ་ཤེས་གསར་གཏོད་དང་བཅོས་སྐྱོང་གི་ནུས་པ་ཆེ་རུ་བཏང་སྟེ་སྔར་བས་འཆམ་མཐུན་བརྟན་ལྷིང་དང་བདེ་འཇགས་རིམ་ལྡན་གྱི་འཕེལ་རྒྱས་ཁོར་ཡུག་ཅིག་ནུས་ཤུགས་ཡོད་རྒུས་གཏོད་དགོས། (བརྒྱད།) རང་ངོས་འཛུགས་སྐྱོང་བྱ་རྒྱུ་དེ་ལྟེ་བའི་ལྷུ་ཚིགས་སུ་བརྩིས་ནས་སྲིད་གཞུང་གི་སྲིད་སྐྱོང་ནུས་པ་ཇེ་དྲག་ཏུ་གཏོང་བའི་ཐད་བྱས་རྗེས་གསར་པ་འཇོག་བྱེད་དགོས། ནང་ཁུལ་བསྒྱུར་བཅོས་དང་རང་ངོས་གསར་བསྒྱུར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ལྷག་བསམ་རྣམ་དག་གིས་འགན་འཁྲི་གཙང་སྒྲུབ་དང་། ཁུར་ལེན་དངོས་སྒྲུབ། སྤྱོད་ཚུལ་ལེགས་སྒྱུར། ཕན་ནུས་ཆེར་སྐྱེད་བཅས་བྱས་ཏེ་མི་དམངས་ཀྱི་བློ་ལ་འབབ་པའི་སྲིད་གཞུང་ཧུར་ཐག་གིས་འཛུགས་སྐྱོང་བྱེད་དགོས།
སྙན་ཞུ་ལས་དུས་རབས་ཀྱིས་ང་ཚོར་འགན་འཁྲི་དང་ལས་འགན་སྤྲད་ཡོད་པ་དང་། ཁག་ཁུར་གྱིས་ང་ཚོར་སྤོབས་པ་དང་སྟོབས་ཤུགས་བསྩལ་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ནས། ཕྱོགས་ཡོངས་ནས་སློབ་སྦྱོང་དང་། ཕྱོགས་ཡོངས་ནས་སྟངས་འཛིན། ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་བྱས་ཏེ། ཁུལ་ཨུའི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐུལ་འདེད་གཏོང་རྒྱུ་དེ་ཆེས་ཆེ་བའི་ཆབ་སྲིད་དུ་བཟུང་ནས། འབད་འབུངས་ཡར་བརྩོན་དང་། དཔའ་སྐྱེད་མདུན་སྐྱོད། ལྕི་འགན་ཁུར་ལེན། བྱེད་ཕོད་སྒྲུབ་མཁས་བཅས་བྱས་ཐོག “ལས་ཀ་བྱེད་འདོད་པའི”སྤྲོ་སེམས་དང་། “ལས་ཀ་བྱེད་ཕོད་པའི”བློ་གཤོགས། “ལས་ཀ་སྒྲུབ་ཐུབ་པའི”ཆུ་ཚད། “སྒྲུབ་ནས་འགྲུབ་ཐུབ་པའི”ཆོད་སེམས་བཅས་ལ་བརྟེན་ནས་རང་སྐྱོང་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གིས་གཏོད་དགོས་ཞེས་པའི་འབོད་སྐུལ་བཏང་།གྲོས་ཚོགས་ལས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་དང་།ཞིང་ཆེན་གྱི་སྐབས་བཅུ་བཞི་བའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་དང་ཀྲུང་གུང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུའི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་བཅས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི2023ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ། 2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི(མ་ཟིན)སྐོར་གྱི་སྙན་ཞུ(ཡིག་ཐོག)བཅས་ལ་ཞིབ་བཤེར་བྱས། ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཆན་གོ་ཆིང་གིས2023ལོའི་དམངས་འཚོའི་དོན་དངོས་ལས་གཞི་ལེགས་སྒྲུབ་བྱས་ཚུལ་དང2024ལོའི་དམངས་འཚོའི་དོན་དངོས་ཀྱི་གདམ་བྱའི་འོས་མིའི་ལས་གཞི་གྲུབ་ཚུལ་སྐོར་གྱི་སྙན་ཞུ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི2023ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང2024ལོའི་ནོར་སྲིད་སྔོན་རྩིས། ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཏིང་རུའེ་དབྱིས«མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་སྲོལ་ཡིག(མ་ཟིན)གཏན་འབེབས་བྱས་ཚུལ་སྐོར་གྱི་གསལ་བཤད་དང་ལས་གཞི་བདམས་ཚུལ་སྐོར་གྱི་སྙན་ཞུ། ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀེང་ཁྲེང་གིས«མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བོད་བརྒྱུད་ནང་བསྟན་གྱི་བྱ་དངོས་སྲོལ་ཡིག»བཟོ་བཅོས་བརྒྱབ་ཚུལ་སྐོར་གྱི་གསལ་བཤད། ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས«མཚོ་ལྷོ་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཁེར་སྤྱོད་སྲོལ་ཡིག་ཁ་ཤས་མེད་པར་བཟོ་བ་དང་བཟོ་བཅོས་བྱེད་པའི་སྐོར་གྱི་ཆོད་དོན(འཆར་ཟིན)»གྱི་གསལ་བཤད(ཡིག་ཐོག)སྙན་ཞུར་ཉན་པ་རེད།
འབྲེལ་ཡོད་འོས་སྦྱོར།