རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པས་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུས།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་འཕྲིན་སྟེགས།
དུས་ཚོད།:2024-03-11
ཀློག་གྲངས།:
རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པས་ཚེས9ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གྲོས་ཚོགས་ལ་ཞུགས། ཨུ་ཡོན་བཅུ་བཞིས་ཚོགས་ཐོག་ཏུ་གཏམ་བཤད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལིས་ཧྲུའུ་ལེ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧི་ལིས་ཧྥིན། དེ་མིན་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གདན་ཞུས་ལྟར་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད་ལ་ཉན།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་ཐའེ་ཧྥིན་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧུའུ་ཁྲུན་ཧྭ་དང་ཧྲིན་ཡུའེ་ཡུའེ། ཝང་ཡུང་། ཀྲོའུ་ཆང་། ཧི་ཧོའུ་ཧྭ། པ་ཐིར། སུའུ་ཧུའེ། ཧྲའོ་ཧུང་། ཁྲིན་ཝུའུ། མུའུ་ཧུང་། ཞན་ཧུའེ། ཝང་ཏུང་ཧྥིན། ཅང་ཞིན་ཀྲི། ཅང་ཙོ་ཅུན། ཧི་པའོ་ཞང་། ཝང་ཀོང་ཆན། ཆིན་པོ་ཡུང་། ཀྲུའུ་ཡུང་ཞིན། དབྱང་ཀྲིན་བཅས་གྲོས་ཚོགས་ལ་ཞུགས།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལེང་ཀྲིན་དབྱིན་གྱིས་གྲོས་ཚོགས་ལ་འགོ་འཛིན་མཛད།
ཨུ་ཡོན་ཝེ་ཞའོ་ཏུང་གིས་བཤད་རྒྱུར། སྲིད་གྲོས་ཀྱིས་ཏང་སྲིད་ཀྱི་དགོས་མཁོ་དང་མང་ཚོགས་ཀྱི་རེ་སྒུག སྲིད་གྲོས་ཀྱི་འགན་ནུས་བཅས་ཀྱི་ཟུང་འབྲེལ་གནས་ཡང་དག་པར་བཙལ་ནས་བརྟག་དཔྱད་ཞིབ་འཇུག་དང་དམངས་གཙོ་ལྟ་སྐུལ་གཏིང་ཟབ་ཏུ་སྤེལ་བ། སྲིད་གྲོས་ཨུ་ཡོན་གྱི་བྱེད་ནུས་གཙོ་བོ་འདོན་སྤེལ་བྱེད་པ། དངོས་ཐོག་བདེན་འཚོལ་གྱིས་གནད་དོན་ཕྱིར་ལྡོག་བྱེད་པ། བསམ་འཆར་དང་གྲོས་གཞི་འདོན་པ་བཅས་བྱས་ཏེ་ཏང་སྲིད་བྱ་བ་དང་སྟོབས་ཤུགས་ཕྱོགས་གཅིག་ཏུ་འདོན་དགོས་ཟེར།
ཨུ་ཡོན་ཁྲིན་ཞིན་དབྱིན་གྱིས་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཚབ་བྱས་ཏེ་བཤད་རྒྱུར། དུས་རབས་གསར་པའི་ཧྥིན་ཆའོ་ཉམས་མྱོང་རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་སྟེ་ཕྱོགས་ཡོངས་ལ་ཁེབས་པའི་ལམ་ལུགས་མ་ལག་འཛུགས་པ་དང་འགོ་ཁུངས་ཀྱི་བཞི་བཤེར་ཐག་གཅོད་ཀྱི་ཕྱོགས་བསྡུས་ཤུགས་ཚད་ཇེ་དྲག་ཏུ་གཏོང་བ། མཉམ་འཛུགས་མཉམ་བཅོས་མཉམ་སྤྱོད་ཀྱི་ཕན་འབྲས་མངོན་པར་བྱེད་པ། སྟེགས་བུ་ཡོངས་ཀྱི་ཞབས་ཞུའི་མ་ལག་དང་རྒྱུ་རྐྱེན་ཡོངས་ཀྱི་འགན་སྲུང་མ་ལག འགན་སྲུང་གང་ལེགས་ཐོབ་པའི་འགལ་རྩོད་སྔོན་འགོག་ཐག་གཅོད་མ་ལག་འཛུགས་པ་བཅས་བྱས་ཏེ་དེང་རབས་ཅན་གྱི་གཞི་རིམ་བཅོས་སྐྱོང་འཐུས་ཚང་དུ་གཏོང་དགོས་ཟེར།
ཨུ་ཡོན་དབྱང་ཡུས་ཏུང་གིས་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་ཚབ་བྱས་ཏེ་བཤད་རྒྱུར། ཐོན་ལས་བཟོ་པ་ནི་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་སྟོབས་ཤུགས་གཙོ་བོ་ཡིན། ཆུ་ཚད་མཐོ་བའི་ལས་རིགས་སློབ་གསོ་ཤུགས་ཆེན་པོས་འཕེལ་རྒྱས་གཏོང་བ་དང་མི་ཚེ་ཧྲིལ་བོའི་ལས་རིགས་རྩལ་ནུས་གསོ་སྦྱོང་མ་ལག་འཛུགས་པ། ཐོན་ལས་བཟོ་པའི་ལས་རིགས་འཕེལ་རྒྱས་ལ་རོགས་འདེགས་བྱེད་པ་བཅས་བྱས་ཏེ། ངལ་རྩོལ་ལ་གཟི་བརྗིད་ལྡན་པ་དང་རྩལ་ནུས་ལ་རིན་ཐང་ཆེ་བ། གསར་གཏོད་རླབས་ཆེན་ཡིན་པའི་སྤྱི་ཚོགས་ཀྱི་སྣང་ཚུལ་བསྐྲུན་དགོས་ཟེར།
ཨུ་ཡོན་སྒྲོལ་དཀར་གྱིས་བཤད་རྒྱུར། ཀྲུང་གུང་ཀྲུང་དབྱང་གི་བརྩེ་བའི་ཐུགས་ཁུར་འོག་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག་ཏུ། གངས་ལྗོངས་ཀྱི་བུ་དང་བུ་མོ་རྣམས་ཀྱིས་དཀའ་སྤྱད་འབད་བརྩོན་དང་འགྱུར་ལྡོག་ཆེན་པོ་བསུས་ནས་མི་ཡུལ་གྱི་ཁྱད་མཚར་གསར་སྐྲུན་བྱས་པ་དང་། བོད་ལྗོངས་ཀྱི་མི་རིགས་སོ་སོས་བརྗེ་རེས་དང་འགྲོ་འོང་། མཉམ་འདྲེས་བྱེད་ཚད་རྒྱུན་ཆད་མེད་པར་རྒྱ་བསྐྱེད་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་མཐུད་ངང་བརྟན་པོར་བཙུགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བསྐྱེད་ཟེར།
ཨུ་ཡོན་ཡན་ཅའོ་ཡིས་གཏམ་བཤད་ནས་རྒྱལ་གཅེས་ཆོས་གཅེས་ནི་ཀྲུང་གོའི་ནང་བསྟན་གྱི་སྲོལ་རྒྱུན་བཟང་བོ་ཞིག་ཡིན་ལ། རང་རྒྱལ་གྱི་ཆོས་ལུགས་སོ་སོའི་སྲོལ་རྒྱུན་བཟང་བོ་དང་མངོན་གསལ་ཁྱད་ཆོས། ཐུན་མིན་དགེ་མཚན་བཅས་ཀྱང་ཡིན། ཆོས་ལུགས་ལས་རིགས་སུ་བསམ་བློའི་རང་རྟོགས་མཐོར་འདེགས་དང་ལོ་རྒྱུས་ཀྱི་རང་འགུལ་ཇེ་དྲག བྱེད་ནུས་གཙོ་བོ་འདོན་སྤེལ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྣེ་ཁྲིད་དུ་བྱས་ཏེ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་མཉམ་བསྲེས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་པའི་ཀྲུང་གོའི་ཆོས་ལུགས་འཛུགས་དགོས་ཟེར།
ཨུ་ཡོན་ཧི་ཁྲའོ་ཆོང་གིས་བཤད་རྒྱུར། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱིས་རྒྱལ་ཁབ་གཅིག་གི་གཞི་རྩ་བརྟན་སྲུང་བྱེད་དགོས་པ་དང་ལམ་ལུགས་གཉིས་ཀྱི་དགེ་མཚན་འདོན་སྤེལ་བྱེད་དགོས་ལ། དངུལ་རྩ་དང་ཉོ་ཚོང་། བཅའ་ཁྲིམས། ཆེད་ཁེ་སོགས་ཀྱི་དགེ་མཚན་འདོན་སྤེལ་བྱས་ཏེ་ཆུ་ཚད་སྔར་ལས་མཐོ་བའི་སྒོ་འབྱེད་རྣམ་པའི་དཔལ་འབྱོར་གྱི་སྒྲིག་གཞི་གསར་པ་འཛུགས་སྐྲུན་བྱེད་པར་རང་སྟེང་གི་སྟོབས་ཤུགས་འབུལ་འོས་ཟེར།
ཨུ་ཡོན་ཀྲང་ཙུང་ཀྲིན་གྱིས་བཤད་རྒྱུར། ཨོ་མིན་ཕྱིར་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ཉེར་ལྔའི་རིང་གི་ཐོག་མའི་བསམ་འདུན་གཅིག་ཡིན་པས། མེས་རྒྱལ་དར་རྒྱས་སྟོབས་འབྱོར་གྱི་རླབས་ཆེན་གཟི་བརྗིད་མཉམ་སྤྱོད་བྱས། རྒྱལ་ཁབ་ཀྱི་འཕེལ་རྒྱས་སྤྱི་ཡོངས་ཁྲོད་འདྲེས་པར་བྱས་ནས་འཕེལ་རྒྱས་ལ་འཆར་འགོད་བྱེད་རྒྱུ་ནི་ཨོ་མིན་སྡོད་དམངས་ཀྱིས་མི་རིགས་བསྐྱར་དར་གྱི་ལོ་རྒྱུས་འགན་འཁྲི་ཁུར་བའི་ཐུན་མོང་བསམ་འདུན་ཡིན། ཧིན་ཆིན་དང་ཀོང་ཏུང་། ཨོ་མིན་བཅས་ཀྱི་ཟབ་སྤེལ་མཉམ་ལས་ཁུལ་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་ཏེ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལམ་ལུགས་རྒྱུན་འཁྱོངས་བཟང་བོ་དང་འཐུས་ཚང་བཟང་བོ་བྱས་ནས་མཛེས་སྡུག་ཁྱིམ་གཞིས་འཛུགས་སྐྲུན་བཟང་བོ་དང་འཕེལ་རྒྱས་བཟང་བོ་གཏོང་དགོས་ཟེར།
ཨུ་ཡོན་ཧྥུའུ་ཀྲི་ཀོན་གྱིས་ཐའེ་ཝན་དམངས་གཙོ་མནའ་མཐུན་ཀྲུང་དབྱང་གི་ཚབ་བྱས་ནས་བཤད་རྒྱུར། ཐའེ་ཝན་རང་བཙན་ལ་ངོ་རྒོལ་བྱེད་པ་དང་། ཞི་བདེ་དགོས་པ་ལས་དམག་འཁྲུག་མི་དགོས་པ་དང་འཕེལ་རྒྱས་དགོས་པ་ལས་ཉམས་རྒུད་མི་དགོས་པ། བརྗེ་རེས་དགོས་པ་ལས་ཁ་བྲལ་མི་དགོས་པ། མཉམ་ལས་དགོས་པ་ལས་ངོ་རྒོལ་མི་དགོས་པ་བཅས་ནི་ཐའེ་ཝན་གླིང་ཕྲན་གྱི་དམངས་འདོད་གཙོ་བོ་ཡིན་པས། ཀུན་འབྲེལ་ལ་བརྟེན་ནས་མཉམ་འདྲེས་ལ་ཡར་སྐུལ་བྱེད་པ་དང་ཕན་པ་ལ་བརྟེན་ནས་མཉམ་འདྲེས་ལ་ཡར་སྐུལ་བྱེད་པ། འགྲམ་ངོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་བསྲེས་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་མཉམ་དུ་འཚོལ་ཞིབ་བྱས་ནས་འགྲམ་ངོགས་གཉིས་ཁྱིམ་ཚང་གཅིག་ཡིན་པའི་དུས་རབས་ཀྱི་ལེའུ་གསར་པ་རྒྱུན་མཐུད་ངང་འབྲི་དགོས་ཟེར།
ཨུ་ཡོན་སུའེ་ཅུན་གྱིས་བཤད་རྒྱུར། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རླབས་ཆེན་གྲུབ་འབྲས་དང་འོད་སྟོང་འབར་བའི་མདུན་ལྗོངས་ཀྱིས་ཕྱིར་ལོག་རང་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མི། ཕྱིར་སྡོད་སྤུན་ཟླའི་སྤོབས་སེམས་དང་ཡིད་ཆེས་ཇེ་དྲག་ཏུ་བཏང་། རྒྱ་ཆེའི་ཕྱིར་སྡོད་སྤུན་ཟླ་རྣམས་ཀྱིས་རྒྱལ་གཅེས་ཡུལ་གཅེས་དང་ཁྱིམ་མིར་གཅེས་པའི་སྲོལ་རྒྱུན་བཟང་བོ་མུ་མཐུད་དུ་རྒྱུན་འཛིན་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགྱུར་མེད་རྒྱབ་སྐྱོར་མཁན་དང་དེའི་ཁྲོད་ཟབ་ཞུགས་བྱེད་མཁན། སྐུལ་འདེད་མཁན་བཟང་བོ་བཅས་བྱེད་དགོས་ཟེར།
ཨུ་ཡོན་ཝང་ཉིང་གིས་བཤད་རྒྱུར། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས་ན། མི་དམངས་གཙོ་ཡིན་པའི་གསར་རྩོམ་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་པ་དང་བརྩམས་ཆོས་ཁྲོད་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དེ་རང་བཞིན་གྱིས་མི་དམངས་ཀྱི་སེམས་སུ་འཇགས་པར་བྱེད་དགོས་ལ། དག་སྲུང་གསར་གཏོད་དང་ཀྲུང་ཧྭའི་དཔལ་ཡོན་གྱི་བརྒྱུད་སྒྲོག་བྱེད་ཤུགས་དང་ཤུགས་རྐྱེན་ནུས་ཤུགས་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་དགོས་ཟེར།
ཨུ་ཡོན་མུའུ་ཡ་སའེ་ཨར་ཐའོ་ཧུའུ་ཐིས་ཀྱིས་བཤད་རྒྱུར། རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་སྔོན་འདོན་ཟབ་མོ་བྱས་ཏེ་ཡུལ་སྐོར་རིག་གནས་ལ་ནང་སྙིང་སྩོལ་བ་དང་མཚོན་རྟགས་མངོན་པ་འབུར་དུ་ཐོན་པར་བྱེད་པ། རིགས་སོ་སོའི་མི་དམངས་ཀྱི་ཀྲུང་ཧྭའི་རིག་གནས་་ཐད་ཀྱི་ངོས་འཛིན་ཇེ་དྲག་ཏུ་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་སྒྲིལ་ནུས་ཤུགས་དང་བློ་ཁ་ཕྱོགས་ཤུགས་ཇེ་དྲག་ཏུ་བཏང་སྟེ་རིགས་སོ་སོའི་མི་དམངས་སེ་འབྲུ་གཅིག་ལྟར་བརྩེ་བར་ཡར་སྐུལ་གཏོང་དགོས་ཟེར།
ཨུ་ཡོན་ཧོང་ཀྲིན་གྱིས་དམངས་གཙོ་ཡར་སྐུལ་ཀྲུང་དབྱང་གི་ཚབ་བྱས་ཏེ་བཤད་རྒྱུར། ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་བདེ་འཇགས་ལ་འབྲེལ་བ་ཡོད་པའི་འཐབ་ཇུས་ཀྱི་གདམ་ཀ་གལ་ཆེན་ཞིག་རེད། ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་གྱི་ཁྲིམས་ལུགས་ཁྲིམས་སྲོལ་མ་ལག་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱས་ཏེ་ཁྲིམས་ལུགས་ཀྱི་གཏན་འཇགས་རང་བཞིན་དང་རྒྱུན་མཐུད་རང་བཞིན། བཙན་ཤེད་རང་བཞིན་བཅས་ཀྱིས་ཐཱན་གཉིས་དམིགས་འབེན་མངོན་འགྱུར་ཡོང་བར་འགན་སྲུང་བྱེད་དགོས་ཟེར།
ཨུ་ཡོན་ཀྲང་དབྱི་ཀྲིན་གྱིས་བཤད་རྒྱུར། སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་ལག་བསྟར་བྱེད་རྒྱུ་ནི་རི་ལྗང་ཆུ་དྭངས་ནི་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་ལག་བསྟར་བྱེད་པའི་གནད་འགག་གི་བྱེད་ཐབས་ཡིན་པས། སྔར་ལས་ཡང་དག་དང་ལུགས་མཐུན་གྱི་སྐྱེ་ཁམས་རིན་ཐང་ཞིབ་རྩིས་ལག་བསྟར་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་ཚད་གཞི་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ནས་རང་ངོས་འཕེལ་རྒྱས་རྐྱེན་སྲོལ་གྲུབ་པར་བྱེད་དགོས་པའི་གྲོས་གཞི་བཏོན་པ་ཡིན་ཟེར།
ཨུ་ཡོན་ཧོང་རོན་ཆིག་གིས་ཁོར་ཡུག་ཐོན་ཁུངས་ལས་རིགས་ཀྱི་ཚབ་བྱས་ཏེ་བཤད་རྒྱུར། མཛེས་པའི་ཀྲུང་གོའི་སྔོན་སྐྱོད་ཁུལ་འཛུགས་སྐྲུན་བྱེད་པར་ཤུགས་འདོན་པ་དང་། རྒྱལ་ཡོངས་མིག་མང་འགྲིག་སྐོར་གཅིག་རྒྱུན་འཁྱོངས་བྱེད་པ། རིམ་པ་བགར་ཏེ་འཆར་གཞི་ཡོད་པའི་སྒོ་ནས་སྔོན་སྐྱོད་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། སྔོན་སྐྱོད་ཁུལ་འཛུགས་སྐྲུན་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པ། སྔོན་སྐྱོད་ཁུལ་འཛུགས་སྐྲུན་ཁྲོད་མཚོན་རྟགས་རང་བཞིན་ལྡན་པའི་གྲུབ་འབྲས་སྐོར་ཞིག་གྲུབ་པར་བྱས་ནས་མཛེས་པའི་ཀྲུང་གོ་འཛུགས་སྐྲུན་ལ་གཅིག་འདོམས་སྐུལ་འདེད་གཏོང་དགོས་ཟེར།

འབྲེལ་ཡོད་འོས་སྦྱོར།