ལིས་ཀང་སོགས་རྒྱལ་ཁབ་ནུས་རྒྱུ་ཚོགས་པ་མཚོ་སྔོན་གློག་ཤུགས་ཚད་ཡོད་ཀུང་ཟི་བཅས་ལ་སོང་ནས་བྱ་བར་འབྲེལ་མཐུད་བྱས་པ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར།
དུས་ཚོད།:2024-03-20
ཀློག་གྲངས།:
ཉེ་སྔོན། ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་གིས་རྒྱལ་ཁབ་ནུས་རྒྱུ་ཚོགས་པ་མཚོ་སྔོན་གློག་ཤུགས་ཚད་ཡོད་ཀུང་ཟི་དང་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་ཟིར་བསྐྱོད་དེ་ནུས་རྒྱུ་གཙང་མའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་བྱ་བ་དང་གནད་དོན་ལ་དམིགས་ནས་སྔ་རྗེས་སུ་རྒྱལ་ནུས་མཚོ་སྔོན་ཀུང་ཟིའི་ཏང་ཨུའི་ཧྲུའུ་ཅིའམ་སྤྱི་གཉེར་བ་ལིའུ་ཅུན་དང་རྨ་ཆུ་ཀུང་ཟིའི་ཏང་ཨུའི་ཧྲུའུ་ཅིའམ་སྤྱི་གཉེར་བ་ཡའོ་ཞའོ་ཡན་གཉིས་དང་མཉམ་དུ་གྲོས་མོལ་བྱས།
ལིས་ཀང་གིས་རྒྱལ་ནུས་མཚོ་སྔོན་ཀུང་ཟི་དང་རྨ་ཆུ་ཀུང་ཟིས་དུས་ཡུན་རིང་པོའི་ནང་མཚོ་ལྷོའི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཀུང་ཟི་གཉིས་ཀས་མུ་མཐུད་དུ་མཚོ་ལྷོ་འཕེལ་རྒྱས་སུ་གཏོང་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད། ཀྲུང་དབྱང་དང་རྒྱལ་ཁབ་ཀྱིས་ནུས་རྒྱུ་གཙང་མ་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པའི་འཐབ་ཇུས་བཀོད་སྒྲིག་གིས་མཚོ་ལྷོར་གྲུབ་འབྲས་ཐོབ་ཡོད་ལ་རྒྱལ་ནུས་མཚོ་སྔོན་ཀུང་ཟི་དང་རྨ་ཆུ་ཀུང་ཟི་ལའང་གྲུབ་འབྲས་ཐོབ་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསར་བརྗེ་བཞི་དང་མཉམ་ལས་གཅིག་གི་ནུས་རྒྱུའི་བདེ་འཇགས་ཀྱི་འཐབ་ཇུས་གསར་པ་དང་ལྷག་པར་དུ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གཅིག་བསྡུས་སློབ་སྦྱོང་ཐེངས་བཅུ་གཉིས་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་རྒྱུན་མཐུད་ངང་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཁྲོད་ཀྱི་ནུས་རྒྱུ་གཙང་མའི་གནས་བབ་གལ་ཆེན་ཁོང་དུ་ཆུད་པར་བྱས་ནས། དུས་བབ་དང་བསྟུན་ནས་ནུས་རྒྱུ་གཙང་མའི་ཐོན་ཁུངས་སྔར་ལས་གསར་སྤེལ་དང་བེད་སྤྱོད་ཡག་པོ་བྱས་སྟེ། མཚོ་ལྷོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཆབ་སྲིད་འགན་འཁྲི་དང་ལོ་རྒྱུས་ཀྱི་ལས་འགན་མཉམ་དུ་འཁུར་དགོས་ཤིང་། ལས་གཞི་གལ་ཆེན་ཡག་པོ་འཛུགས་སྐྲུན་བྱ་དགོས་ཞེས་ནན་བཤད་གནང་བ་རེད། དག་གཙང་ནུས་རྒྱུའི་ལས་གཞི་འཛུགས་སྐྲུན་བྱ་རྒྱུ་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བའི་ལས་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས་སྲིད་གཞུང་གིས་ནུས་ཤུགས་ཡོད་རྒུས་ཞབས་འདེགས་བཟང་བོ་ཞུ་བ་དང་ཁེ་ལས་ཀྱིས་ནུས་ཤུགས་ཡོད་རྒུས་མྱུར་ཚད་ཇེ་མགྱོགས་སུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། གུང་ཧོའི(དོང་ལུང)ཆུ་འཐེན་ནུས་གསོག་དང་ཚི་ཧ་འགག་ཆུ་གློག་ས་ཚིགས་སོགས་ལས་གཞིའི་དུས་མགོའི་བྱ་བར་སྐུལ་འདེད་གཏོང་བ་དང་། གཡང་འཁྱིལ་ཆུ་གློག་ས་ཚིགས་དང་མཚོ་སྔོན་ནས་ཅང་སུའུ་ཐད་རྒྱུག་གི་དུས་ཐེངས་གཉིས་པའི་ཆན་ཝ་ཁྲི100ཡི་འོད་བསྡུ་རྟེན་གཞི་ཆེན་མོ་སོགས་བསྐྲུན་བཞིན་པའི་ལས་གཞིར་སྐུལ་འདེད་བཏང་ནས་གཏན་འཇགས་རྒྱུ་ནོར་མ་འཇོག་བྱ་བ་མགོ་འཛུགས་པར་བརྩོན་ལེན་བྱས་ཏེ། གནད་དོན་གལ་ཆེན་ཐག་གཅོད་བྱ་དགོས། ཞིང་ཆེན་ཡོངས་ཀྱི་སྤྱིའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་གཞིགས་ཏེ་ཞིང་ཆེན་དང་རང་སྐྱོང་ཁུལ། རྫོང་། ཤང་བཅས་ཀྱིས་ཁེ་ལས་དང་མཉམ་འབྲེལ་བྱས་ནས། ཨ་ཚོགས་དགོན་པའི་གནས་སྤོར་འཛུགས་སྐྲུན་དང་། བྱེ་འགྱུར་བཀག་སྡོམ་ཁུལ་བཅོས་སྐྱོང་། ཆུ་གློག་ས་ཚིགས་ཀྱི་ས་གནས་འདེམས་པ་སོགས་ཀྱི་གནད་དོན་སེལ་བ། ནུས་རྒྱུ་གཙང་མ་འཕེལ་རྒྱས་ཡོང་བར་འགན་སྲུང་བྱེད་པ་བཅས་ལ་སྐུལ་འདེད་གཏོང་བ། མཉམ་ལས་རྒྱ་ཆེར་སྤེལ་བར་ཤུགས་སྣོན་དགོས། ཐོན་སྐྱེད་ནུས་ཤུགས་གསར་པ་འཕེལ་རྒྱས་གཏོང་བར་དམིགས་ནས་འབྱུང་འགྱུར་ལ་བཀོད་འདོམས་བྱེད་ཚད་དང་ཚན་རྩལ་གྱི་གྲུབ་འབྲས་རིམ་སྒྱུར་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ། ནུས་ཤུགས་མཉམ་འདོན་སྒོས་ལྗང་མདོག་ཁེབས་ཚད་རྒྱ་ཆེར་གཏོང་བ་དང་ཚ་སྐམ་བྲག་གི་ཐོན་ཁུངས་གསར་སྤེལ། འོད་བསྡུ་སྐྱེ་ཁམས་ཕྱུགས་ར་འཛུགས་སྐྲུན་སོགས་ལ་སྐུལ་འདེད་གཏོང་བ། སྔོན་ཐོན་ལག་རྩལ་ལ་བརྟེན་ནས་ནུས་ཁུངས་གཙང་མའི་འཕེལ་རྒྱས་ལ་ལྗང་མདོག་དང་སྐྱེ་ཁམས། གསར་བཅོས་བཅས་ཀྱི་རིན་ཐང་བསྐྲུན་དགོས།
རྒྱལ་ནུས་མཚོ་སྔོན་ཀུང་ཟི་དང་རྨ་ཆུའི་ཀུང་ཟིའི་འགན་འཁུར་བློ་མཐུན་གཙོ་བོས་བཤད་རྒྱུར། མཚོ་ལྷོའི་ནུས་རྒྱུ་གཙང་མའི་འཐབ་ཇུས་ཁྲོད་ཞུགས་ནས། མཚོ་ལྷོ་རྒྱུན་མཐུད་འཕེལ་རྒྱས་སུ་གཏོང་སའི་ས་གནས་གལ་ཆེན་ཞིག་ཏུ་བརྩིས་ཏེ། སྒྲིག་བཀོད་དང་མ་གཏོང་། འགྲུབ་ཚད། ཚན་རིག་ཞིབ་འཇུག་བཅས་ཀྱི་ཐད་ལ་ཤུགས་སྣོན་པ། ཀུང་ཟིས་མཚོ་ལྷོའི་འཆར་འགོད་ལས་གཞི་དོན་ཐོག་ཏུ་འཁྱོལ་བར་བྱེད་པ། ལག་ལེན་དངོས་ལ་བརྒྱུད་ནས་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་ནུས་ཤུགས་འདོན་དགོས་ཟེར།
ཆན་གོ་ཆིང་དང་ཀྲང་ཅིས་ཙོང་གཉིས་རྟོག་ཞིབ་བྱ་བའི་ཁྲོད་ཞུགས།

འབྲེལ་ཡོད་འོས་སྦྱོར།