མཚོ་ལྷོ་ཁུལ་གྱིས་བསམ་བློ་དང་རིག་གནས་ཀྱི་སྤུས་མཐོའི་འཕེལ་རྒྱས་ལ་འབད།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར།
དུས་ཚོད།:2024-04-09
ཀློག་གྲངས།:
ལིས་ཀང་གིས་བསམ་བློའི་དྲིལ་སྒྲོག་དང་རིག་གནས་ཡུལ་སྐོར་བྱ་བར་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན།
ཁུལ་ཡོངས་ཀྱི་བསམ་བློའི་དྲིལ་སྒྲོག་དང་རིག་གནས་ཡུལ་སྐོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྣམ་པ་གསར་པ་ཞིག་ཆགས་སུ་འཇུག་དགོས།
ཁུལ་ཡོངས་ཀྱི་བསམ་བློའི་དྲིལ་སྒྲོག་དང་རིག་གནས་ཡུལ་སྐོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྣམ་པ་གསར་པ་ཞིག་ཆགས་སུ་འཇུག་དགོས།
ཟླ4བའི་ཚེས1ཉིན་ནས་ཚེས3ཉིན་བར། མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་ཁྲི་ཀ་རྫོང་དང་ཐུན་ཏེ་རྫོང་། གུང་ཧོ་རྫོང་། ཁུལ་ཨུའི་དྲ་འཕྲིན་གཞུང་ལས་ཁང་། ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། ཁུལ5Gདཔེ་མཛོད་ཁང་བཅས་སུ་སོང་ནས་བསམ་བློའི་དྲིལ་སྒྲོག་དང་རིག་གནས་ཡུལ་སྐོར་གྱི་བྱ་བར་རྟོག་ཞིབ་བྱས་པར་མ་ཟད། ཁྲི་ཀ་རྫོང་དང་གུང་ཧོ་རྫོང་དུ་ཆེད་དོན་བཞུགས་མོལ་ཚོགས་འདུ་བསྡུས་ཏེ་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་དང་འཕེལ་རྒྱས་ཇུས་ཆེན་ལ་གྲོས་བསྡུར་བྱས།
ལིས་ཀང་གིས་བསྟན་དོན། བསམ་བློའི་དྲིལ་སྒྲོག་དང་རིག་གནས་ཡུལ་སྐོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བསམ་བློའི་རིག་གནས་དང་མཚོ་སྔོན་ལ་བཏོན་པའི་བྱ་བའི་བླང་བྱ་གལ་ཆེན་དོན་འཁྱོལ་ནན་མོ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། དེང་རབས་ཅན་གྱི་མཚོ་ལྷོ་གསར་པ་འཛུགས་སྐྲུན་བྱེད་པའི་གལ་ཆེའི་ནང་གི་འགངས་ཆེན་ཞིག་ཀྱང་ཡིན། ངེས་པར་དུ་གནད་ལ་འཁེལ་བའི་སྒོ་ནས་འཆར་འགོད་ཞིབ་ཕྲ་བཟོ་བ་དང་། དམིགས་འབེན་གསལ་བོ་དང་ཆོད་སེམས་བརྟན་པོས་བྱ་བའི་ཁོར་ཡུག་བཟང་བོ་ཞིག་ཆགས་སུ་འཇུག་དགོས་ཟེར།
ལིས་ཀང་གིས་ནན་གྱིས་བསྟན་དོན། གཅིག་ནས་ཆབ་སྲིད་ཀྱི་གོ་རྟོགས་མཐོ་རུ་གཏོང་བ། སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པ་དང་ཞིང་ཕྱུགས་ལས་ལ་བརྟེན་ནས་ཁུལ་བརྟན་པོར་འཛུགས་པ། ནུས་རྒྱུ་གཙང་མར་བརྟེན་ནས་ཁུལ་སྟོབས་ལྡན་དུ་གཏོང་བ་ཞེས་པའི་ཐབས་ཇུས་གཞིར་བཟུང་སྟེ། འཕེལ་རྒྱས་ཡོད་ཚད་ལ་སྐྱེ་ཁམས་སྲུང་སྐྱོང་དང་ལྗང་མདོག་འཕེལ་རྒྱས་ཀྱི་དོན་སྙིང་ལྡན་པར་རྒྱུན་འཁྱོངས་བྱ་དགོས་ལ། ཡོད་ཚད་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པའི་དོན་སྙིང་ལྡན་པར་བྱེད་པ། བསམ་བློའི་དྲིལ་སྒྲོག་དང་རིག་གནས་ལས་དོན་གྱི་བསམ་བློ་གཅིག་གྱུར་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཏེ་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས(སའོ། ས་ཚིགས)དང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། 5Gདཔེ་མཛོད་ཁང་སོགས་བེད་སྤྱོད་ལེགས་པོ་བྱས་ཏེ་གཞུང་ལུགས་ཀྱི་གླེང་ཕྱོགས་དང་རིག་གནས་དཔལ་ཡོན། དྲ་ཐོག་དང་དྲ་ཕྱི་བཅས་སུ་ནུས་ཤུགས་ཡོད་རྒུ་བཏོན་ཏེ་ཁུལ་ཡོངས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོ་གསར་པ་འཛུགས་སྐྲུན་བྱེད་པའི་བསམ་བློའི་ངོས་འཛིན་གཅིག་མཐུན་ཡོང་བར་བྱ་དགོས།
གཉིས་ནས་ཁུལ་དང་རྫོང་གིས་གཅིག་གྱུར་འཆར་འགོད་དང་མཉམ་འགུལ་བྱ་དགོས། མཚོ་ལྷོའི་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་དང་ལོ་རྒྱུས་རིག་གནས་སྣ་མང་གི་ལེགས་ཆ་གཞིར་བཟུང་སྟེ། ཁུལ་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་རིག་གནས་ཡུལ་སྐོར་བྱ་བར་ཇུས་འགོད་དང་སྐུལ་འདེད་བཏང་ནས། ཁྲི་ཀའི་སྐབས་བཅོ་བརྒྱད་པའི་རྨ་ཆུའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་བྱ་འགུལ་ལ་གྲ་སྒྲིག་ཞིབ་ཚགས་བྱས་ཏེ། ནུས་ཤུགས་ཡོད་རྒུས་མཚོ་སྔོན་པོའི་ཡུལ་སྐོར་དུས་ཚིགས་གྲ་སྒྲིག་ལེགས་པོ་བྱས་ནས་ད་ལོའི་ཡུལ་སྐོར་འཕེལ་རྒྱས་ཀྱི་མགོ་ཡག་པོ་རྩོམ་པར་འབད་བརྩོན་བྱ་དགོས།
གསུམ་ནས་རིག་གནས་ཀྱི་ཟོང་རྟགས་བསྐྲུན་དགོས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོར་འཛིན་པ་དང་། རྨ་ཆུ་དང་མཚོ་སྔོན་པོ་གཙོར་བཟུང་ནས་མཚོན་རྟགས་གསལ་པོ་དང་ཤུགས་རྐྱེན་ཆེ་བའི་མཚོ་ལྷོའི་རིག་གནས་ཀྱི་ཟོང་རྟགས་ནུས་ཤུགས་ཡོད་རྒུས་བསྐྲུན་ཏེ། གནས་གཞི་གསལ་བ་དང་དམིགས་ཚད་གཅིག་མཐུན། རྒྱུན་འཁྱོངས་ལྷོད་མེད་བཅས་བྱས་ནས་སྤུས་ཚད་མཐོ་བའི་ཡུལ་སྐོར་འཕེལ་རྒྱས་ལ་རིག་གནས་ཀྱི་བརྗོད་སྙིང་ལྡན་པར་བྱ་དགོས།
བཞི་ནས་ཡིག་ཚགས་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ཡུལ་གྱི་མཚོ་སྔོན་པོའི་དཔེ་སྟོན་ཁུལ་བསྐྲུན་རྒྱུ་སྣེ་ཁྲིད་དུ་བྱས་ཏེ། གུང་ཧོ་ཚལ་རྔ་འགག་དང་ཁྲི་ཀའི་དྭངས་གཙང་གི་རྨ་ཆུ་བཅས5Aརིམ་པའི་མཛེས་ལྗོངས་ཁུལ་གཏོད་རྒྱུར་སྐུལ་འདེད་གཏོང་བ་དང་། ཁྱད་ཆོས་ལྡན་པའི་བྱ་འགུལ་ནང་ཁུལ་དུ་སྤེལ་བ་དང་ཞིང་ཆེན་ཕྱི་རོལ་དུ་ཁྱབ་སྤེལ་ཤུགས་རྐྱེན་ཐེབས་སུ་འཇུག་པའི་བླང་བྱ་གཞིར་བཟུང་ནས། རིག་གནས་ལུས་རྩལ་གྱི་བྱ་འགུལ་སྣ་ཚོགས་གསར་གཏོད་བྱས་ཏེ་ཡུལ་སྐོར་བ་མང་པོ་འགུག་ཐུབ་པར་བྱ་དགོས། རིག་གནས་ཡུལ་སྐོར་ཁེ་ལས་སྐྱེད་སྲིང་དང་འཕེལ་རྒྱས་སུ་བཏང་ནས་ཐོན་སྐྱེད་གཉེར་སྐྱོང་ཁྲོད་ལྷག་པའི་དཀའ་ངལ་གྱི་གནད་དོན་ཐག་གཅོད་བྱ་དགོས་པར་བསྟན།
རྟོག་ཞིབ་གནང་སྐབས། ལིས་ཀང་གིས་འབྲེལ་གཏུག་ས་ཚིགས་ཀྱི་དགོན་སྡེ་ཤང་ཁྲི་དགོན་དུ་སོང་ནས་དགེ་འདུན་པ་དང་བཞུགས་མོལ་ཚོགས་འདུ་ཚོགས་ནས་འབྲེལ་ཡོད་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་བྱ་བའི་བླང་བྱ་བཏོན་པ་རེད།
ལིས་ཡན་དང་དགེ་འདུན་རྒྱལ། ལི་གོ་ཞུང་བཅས་ཀྱིས་འགྲོ་རོགས་བྱས་པ་རེད།
འབྲེལ་ཡོད་འོས་སྦྱོར།