logo

མཚོ་ལྷོ་ཁུལ་གྱིས་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཚོགས་ཆེན་སྐབས་དང་པོ་བསྡུས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། དུས་ཚོད།:2024-08-24 ཀློག་གྲངས།:
མཚོ་ལྷོ་ཁུལ་གྱིས་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཚོགས་ཆེན་སྐབས་དང་པོ་བསྡུས།
ལིས་ཀང་གིས་གཏམ་བཤད་གནང་ལ། ཀརྨ་ཕུན་ཚོགས་ཀྱིས་ཚོགས་འདུར་མགོ་འཛིན་བྱས།

 
       ཟླ8པའི་ཚེས23ཉིན། མཚོ་ལྷོ་ཁུལ་གྱིས་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཚོགས་ཆེན་སྐབས་དང་པོ་ཆབ་ཆ་རུ་བསྡུས་ཤིང་། ཚོགས་འདུ་ལས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་རིག་གནས་བསམ་བློ་ལག་བསྟར་བྱས་པར་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་ཡུལ་སྐོར་བྱ་བར་གནང་བའི་མཛུབ་སྟོན་གལ་ཆེན་དང་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། ཁྱོན་ཡོངས་ནས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ཚོགས་ཆེན་གྱི་བྱ་བ་བཀོད་སྒྲིག་བྱས།
       བཞུགས་མོལ་གྲོས་ཚོགས་དང་ཚོང་འགུག་གན་རྒྱ་འཇོག་པར་བརྟེན་ཏེ་འཐབ་ཇུས་ཀྱི་དམིགས་འབེན་སྔར་ལས་མངོན་འགྱུར་དང་ལས་ཀའི་བསམ་ཕྱོགས་གསལ་སྟོན། བསམ་བློའི་ངོས་འཛིན་གཅིག་མཐུན་བཅས་ཡོང་བར་བྱས་ནས་ཁུལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་གིས་གཏམ་བཤད་གནང་བ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས་ཀྱིས་ཚོགས་འདུར་མགོ་འཛིན་བྱས། ཞིང་ཆེན་རིག་གནས་ཡུལ་སྐོར་ཐིན་གྱི་ཐིན་ཀྲང་གཞོན་པ་ཁྲང་ཧུང་ཨན་གྱིས་ཚོགས་འདུར་མཛུབ་སྟོན་གནང་བ་རེད།
       ལིས་ཀང་གིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་སྤྱིའི་བྱ་གཞག་གཞིར་བཟུང་སྟེ། རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་འཕེལ་རིམ་ལ་རྒྱུས་ལོན་བྱས་ཏེ་གལ་ཆེའི་བྱ་བར་བཀོད་སྒྲིག་བྱེད་པ། བྱེད་ཐབས་གལ་ཆེན་ལག་བསྟར་བྱས་ནས་དུས་རབས་གསར་པའི་རིག་གནས་དང་ཡུལ་སྐོར་བྱ་གཞག་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འཆར་འགོད་གང་ལེགས་བྱས། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ལག་ལེན་དོན་འཁྱོལ་བྱས་ནས་ཆེད་དོན་ཚོགས་འདུ་རབ་དང་རིམ་པ་འཚོགས་ཏེ། ཤུལ་བཞག་རིག་གནས་རྒྱུན་འཛིན་སྲུང་སྐྱོང་དང་སྤུས་མཐོའི་ཡུལ་སྐོར་འཕེལ་རྒྱས། མཚོ་སྔོན་པོའི་ཚད་མཐོའི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་མཐོའི་ཡུལ་སྐོར་འཕེལ་རྒྱས་ཀྱི་ལས་དོན་བཅས་ལ་བཀོད་སྒྲིག་བྱས་ཏེ། རིག་གནས་བྱ་གཞག་ཡར་ཐོན་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་དང་ཕྱོགས་སྟོན་མཁོ་འདོན་བྱས་ཡོད།
       ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་རིག་གནས་ཡུལ་སྐོར་སྐོར་གྱི་ཐབས་ཇུས་དང་བཀོད་སྒྲིག་ཁག་ལག་བསྟར་གཏིང་ཟབ་བྱས་ཏེ། རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་དང་རྨང་གཞིའི་སྒྲིག་བཀོད་ཀྱི་སྤུས་ཚད། ཡུལ་སྐོར་ལམ་ཐིག་བཅས་མཉམ་སྦྲེལ་ཡོང་བར་སྐུལ་འདེད་བཏང་ནས་གནས་མཆོག་མཚོ་ལྷོའི་རིག་གནས་ཡུལ་སྐོར་གྱི་མཚན་སྙན་རྒྱས་པར་འབད་དེ། རིག་གནས་དང་ཡུལ་སྐོར་བྱ་གཞག་འཕེལ་རྒྱས་གཏོང་རྒྱུ་དེ་ཞབས་ཞུའི་ལས་རིགས་ཀྱི་སྣེ་ཁྲིད་དང་ཐོན་ལས་དབུལ་སྐྱོར་གྱི་འདེགས་སྐྱོར། ལས་ཞུགས་བསྡུ་ལེན་གྱི་གནད་འགག་བཅས་ཡིན་པས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་པ་རེད།
       ལིས་ཀང་གིས་ནན་གྱིས་བསྟན་དོན། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་རྒྱུ་ནི་རང་ཁུལ་གྱི་དཔལ་འབྱོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་ཁ་ཚ་དགོས་གཏུག་གི་གནད་འགག་ཡིན་པར་ངོས་འཛིན་བྱས་ཏེ། རིགས་བསྒྱུར་བྱ་དགོས་ན་ངེས་པར་དུ་རིག་གནས་ཡུལ་སྐོར་དམ་འཛིན་བྱེད་པ་དང་རིག་གནས་ཡུལ་སྐོར་དམ་འཛིན་བྱ་རྒྱུ་ནི་རྣམ་པ་བསྒྱུར་བ་ཡིན་པའི་འདུ་ཤེས་སུ་བཟུང་སྟེ། ཆུ་ཚད་མཐོ་བའི་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་ནས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་དམིགས་སའི་ས་ཁུལ་གཏོད་གང་ཐུབ་བྱ་དགོས། ཁུལ་གྱི་གནས་ཚུལ་དང་རིག་གནས་གཞིར་བཟུང་ནས། ཕྱོགས་བཞིའི་ཐད་ཀྱི་འཕེལ་ཕྱོགས་ཁོང་དུ་ཆུད་པར་བྱ་དགོས། རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་མཚོ་ལྷོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཡིན། རང་སྐྱོང་ཁུལ་གྱིས་ལོ་རྒྱུས་རིག་གནས་དང་ཁུ་ནུའི་རིག་གནས། མི་རིགས་རིག་གནས། ཆོས་ལུགས་རིག་གནས། མཐའ་སྲུང་རིག་གནས་སོགས་ཐུན་མོང་མ་ཡིན་པའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་མཐའ་དག་རྒྱུན་འཛིན་དང་དར་སྤེལ། སྲུང་སྐྱོང་དང་སྔོག་འདོན་བཅས་བྱས་ཏེ། ཞིང་ཆེན་ཡོངས་སུ་གསར་འཛུགས་བྱེད་པའི་ནང་སྙིང་གཅིག་དང་གོ་རིམ་གཅིག རྒྱུད་མང་བའི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་རང་རྟོགས་ཀྱིས་འདྲེས་པར་བྱེད་པ་དང་། མཚོ་ལྷོའི་ཁྱད་ཆོས་སྔོག་འདོན་དང་དགེ་མཚན་འདོན་སྤེལ། འགན་འཁྲི་མངོན་པ་བཅས་བྱས་ཏེ། རིག་གནས་ཡུལ་སྐོར་མཉམ་འདྲེས་ངང་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་མཚོ་ལྷོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱེད་པའི་སྟོབས་ཤུགས་ཡིན། ཆེ་ཤོས་གསུམ་གྱི་ཞིང་ཆེན་གནས་ཚུལ་དང་བདེ་འཇགས་གསུམ་གྱི་འཐབ་ཇུས་ངེས་གནས་ཁོང་དུ་ཆུད་པར་བྱས་ཏེ། འཕེལ་རྒྱས་ཚང་མར་སྐྱེ་ཁམས་སྲུང་སྐྱོང་དང་ལྗང་མདོག་འཕེལ་རྒྱས་ཀྱི་དོན་སྙིང་ལྡན་པར་མཐའ་འཁྱོངས་བྱེད་པ། ལྗང་མདོག་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུ་མཐའ་འཁྱོངསབཅས་བྱས་ནས། རང་སྐྱོང་ཁུལ་གྱི་ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས་དང་ལོ་རྒྱུས་རིག་གནས་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱེད་པ། ཚད་གཞི་མཐོ་བའི་ཇུས་འགོད་བྱེད་པ། སྤུས་ཚད་མཐོ་བའི་གསར་སྤེལ་བེད་སྤྱོད། ཆུ་ཚད་མཐོ་བའི་ཞབས་ཞུའི་མ་ལག་འཛུགས་སྐྲུན་བཅས་ལ་སྐུལ་འདེད་བཏང་སྟེ། ཁུལ་ཡོངས་ཀྱི་ཐོན་ལས་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བར་ཁ་ཕྱོགས་གསལ་སྟོན་དང་འཆར་འགོད་བཟོ་བ། རྨང་གཞི་འདིང་བ། ཡུན་རིང་ལ་ཕན་པ་བཅས་བྱ་དགོས། རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་མཚོ་ལྷོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁེ་ཕན་ཡིན། རིག་གནས་ལ་བརྟེན་ནས་ཡུལ་སྐོར་བྱེད་པ་དང་། ཡུལ་སྐོར་ལ་བརྟེན་ནས་རིག་གནས་དར་སྤེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། བོད་ཀྱི་གཙགས་དྲུབ་དང་རྡོ་བརྐོས། སྤོས། སྦྲང་རྩི། གདན་སོགས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཡུལ་སྐོར་ཐོན་རྫས་གསར་གཏོད་བྱེད་པ་དང་། ཟློས་གར་གཅིག་དང་དཔེ་དེབ་གཅིག གླུ་དབྱངས་གཅིག་སོགས་རིག་གནས་གསར་གཏོད་ཐོན་རྫས་ཀྱི་ཤུགས་རྐྱེན་རྒྱ་སྐྱེད་བཏང་སྟེ། རིག་གནས་ཡུལ་སྐོར་མཉམ་འདྲེས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དངོས་པོའི་རྨང་གཞི་འདིང་དགོས། རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་མཚོ་ལྷོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཐུན་མོང་གི་སྟོབས་ཤུགས་ཡིན། ཞིང་འབྲེལ་ཞིང་ཁྲིད་ཀྱི་ལམ་སྲོལ་སྔར་ལས་དམ་ཟབ་བྱས་ནས་ས་གནས་མང་ཚོགས་ཀྱི་བརྩོན་སེམས་དང་གསར་གཏོད་ནུས་པར་སྐུལ་སློང་གང་ལེགས་བྱས་ཏེ། གསར་གཏོད་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་བརྗོད་དོན་དུ་བཟུང་ནས། རིག་གནས་ཡུལ་སྐོར་ལ་རྨང་གཞི་བརྟན་པོ་འདིང་དགོས་ལ། མང་ཚོགས་ལ་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཁྲོད་གྲུབ་འབྲས་མཉམ་སྤྱོད་ཐུབ་པར་བྱེད་པ་དང་། རིག་གནས་ཡུལ་སྐོར་གྱིས་འཕེལ་རྒྱས་དང་སྐྱེ་ཁམས་ཡུལ་སྐོར་ལ་སྐུལ་ཁྲིད་བྱས་ཏེ། ཆུ་ཚད་མཐོ་བའི་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཉམ་ལས་ནུས་ལྡན་ཡོང་བར་མངོན་འགྱུར་བྱ་དགོས།
       ལིས་ཀང་གིས་བསྟན་དོན། ཁུལ་ཡོངས་ཀྱི་གོང་འོག་དང་རིག་གནས་ཡུལ་སྐོར་ཁེ་ལས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྗོད་བྱ་གཙོ་བོར་དམིགས་ཏེ། རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་ཤུགས་སྣོན་པའི་མ་ལག་ཇུས་འགོད་དང་ཚན་རིག་དང་མཐུན་པའི་བཀོད་པར་དམིགས་པ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་དམིགས་ས་དང་ལས་འགན་གལ་ཆེན་དོན་འཁྱོལ་ནན་ཏན་བྱེད་པ། རིག་གནས་ཡུལ་སྐོར་མཉམ་འདྲེས་དང་མཉམ་དུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། གོ་སྐབས་དམ་འཛིན་གྱིས་རིག་གནས་ཡུལ་སྐོར་སྣ་མང་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཐོན་ཁུངས་དགེ་མཚན་ལ་དམིགས་ཏེ་རིག་གནས་ཡུལ་སྐོར་སྤུས་རྟགས་བསྐྲུན་པ་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་བཅས་ཀྱི་གཙོ་གནད་ལས་དོན་ཁག་དྲུག་ལ་མུ་མཐུད་སྐུལ་འདེད་གཏོང་དགོས་ཤིང་། ལས་བྱེད་པས་བསྒྲུབ་དགོས་པ་དང་། བསམ་ཕྱོགས་གསལ་པོ། རང་གཅུན་ནན་མོ་བཅས་ཀྱི་བྱ་བའི་བླང་བྱ་ལག་བསྟར་ཧུར་ཐག་བྱས་ཏེ། གཞོགས་འདེགས་དམ་ཟབ་དང་མཉམ་འཛིན་སྤྱི་སྒྲུབ། སྤྱི་ཡོངས་ནས་སྐུལ་སྤེལ་བཅས་བྱས་ནས། ལག་ལེན་དུ་བསྟར་ཐུབ་པའི་བྱ་བའི་བྱེད་ཐབས་གཏན་འབེབས་དང་། ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་ཏན་ཏིག་བྱས་ནས་མཚོ་ལྷོ་ཁུལ་གྱི་དོན་དངོས་དང་ཁྱད་ཆོས་ལྡན་པའི་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་ཐུབ་པར་བྱས་ཏེ། རྒྱུན་ཆད་མེད་པར་ཞིང་ཆེན་ཡོངས་ལ་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་དམིགས་འབེན་ས་གནས་བསྐྲུན་པར་མཚོ་ལྷོའི་སྟོབས་ཤུགས་འབུལ་དགོས་པའི་བླང་བྱ་བཏོན།
       ཀརྨ་ཕུན་ཚོགས་ཀྱིས་མགོ་འཛིན་མཛད་སྐབས་བསྟན་དོན། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་རིག་གནས་ཡུལ་སྐོར་ལས་དོན་ཡག་པོར་བསྒྲུབ་པའི་གལ་ཆེའི་རང་བཞིན་དང་དགོས་ངེས་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ། ཞི་ཅིན་ཕིང་གི་རིག་གནས་བསམ་བློ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་གནས་ཡུལ་སྐོར་ལས་དོན་སྐོར་གྱི་གལ་ཆེའི་གསུང་བཤད་ཁྲིད་སྟོན་དུ་བཟུང་སྟེ། སྤྱོད་ཚུལ་ནན་ཏན་དང་། དངོས་དོན་གཉེར་ཞིང་ཕན་ནུས་ལྡན་པའི་བྱེད་ཐབས་ལ་བརྟེན་ནས་མཚོ་ལྷོའི་རིག་གནས་ཡུལ་སྐོར་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ཤིང་། ཁུལ་ཨུའི12345ཡི་འབད་འཐབ་དམིགས་འབེན་ལ་འབེད་ཏེ། སྐྱེ་ཁམས་ལ་བརྟེན་ནས་ཁུལ་སྐྱོང་བ་དང་ནུས་ཁུངས་གཙང་མར་བརྟེན་ནས་ཁུལ་སྟོབས་ལྡན་དུ་གཏོང་བ། ཞིང་ཕྱུགས་ལས་ལ་བརྟེན་ནས་ཁུལ་བརྟན་པོར་གཏོང་བའི་འཐབ་ཇུས་རྒྱུན་འཁྱོངས་བྱས་ཐོག རིག་གནས་ཡུལ་སྐོར་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཏང་གི་སྐབས་ཉི་ཤུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུར་ཟུང་འབྲེལ་བྱེད་པ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་བྱ་རྒྱུར་ཟུང་འབྲེལ་བྱེད་པ། ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་དག་ཐེར་ཡོ་བསྲང་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན། བདེ་འཇགས་མཚོ་ལྷོ་འཛུགས་སྐྲུན་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་དང་ཕན་ནུས་ལྡན་པའི་སྒོ་ནས་འབྲེལ་མཐུད་བྱེད་པ། དམངས་འཚོ་ལེགས་བཅོས་དང་འགན་སྲུང་བྱེད་པ་སོགས་ཁུལ་ཡོངས་ཀྱི་གཙོ་གནད་ལས་དོན་ཁག་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། འགན་འཁྲི་འཁུར་བ་དང་དུས་དང་རྣམ་པ་ཀུན་ཏུ་འགན་འཁྲིའི་འདུ་ཤེས། འགན་འཁྲི་འཁུར་ཕོད་པའི་སྙིང་སྟོབས་ལ་བརྟེན་ནས་འགན་འཁྲི་ཡག་པོ་བསྒྲུབ་པ་བཅས་བྱས་ཏེ། ལས་དོན་ཁག་གཅིག་མཐུན་ཡོང་བར་འགན་ལེན་ཏན་ཏིག་དང་། མཉམ་དུ་སྐུལ་སྤེལ་དང་དོན་འཁྱོལ་བཅས་བྱ་དགོས་པར་བསྟན།
       ཁུལ་གྱི་མགོ་ཁྲིད་ཀྲང་ཅི་ཙུང་དང་། ལིའུ་ཡན། དགེ་འདུན་རྒྱལ།  སུན་ཅོན་ཞ། ཀེང་ཧྲེང་ཁྲེང་། ལི་གོ་ཧྲེང་བཅས་ཚོགས་འདུར་ཞུགས་ཡོད་པ་རེད། ཁྲི་ཀ་རྫོང་སྲིད་གཞུང་དང་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། མཚོ་སྔོན་པོ་ཡུལ་སྐོར་འཕེལ་རྒྱས་སྡེ་ཚོགས་ཚད་ཡོད་ཀུང་ཟི། མཚོ་སྔོན་ཐེན་ཏི་རིན་ཡོན་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཚད་ཡོད་ཀུང་ཟི། མཚོ་སྔོན་ཚལ་རྔ་འགག་ཡུས་ཡོན་རིག་གནས་ཡུལ་སྐོར་ཚད་ཡོད་ཀུང་ཟི། མཚོ་སྔོན་ཀོན་རི་རིག་གནས་ཡུལ་སྐོར་མ་རྐང་ཚད་ཡོད་ཀུང་ཟི་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་གཏམ་བཤད་སྤེལ། ཁུལ་སྲིད་གཞུང་དང་གུང་ཧོ་རྫོང་སྲིད་གཞུང་། ཁུལ་ཨུའི་དྲིལ་སྒྲོག་པུའུ། ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་བཅས་ཀྱིས་སོ་སོར་ཅང་སུའུ་ཞིང་ཆེན་གྱི་རིག་གནས་དང་ཡུལ་སྐོར་ཐིན་དང་། ཞའེ་ཁྲིན་སྡེ་ཚོགས། མཚོ་སྔོན་རྒྱལ་ཁབ་དངུལ་གཏོང་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་ཚད་ཡོད་ཀུང་ཟི། ཅང་སུའུ་ཞིང་ཆེན་སུའུ་ཀྲོའུ་ཧྲིན་ཏའོ་ཀྲི་ཝུན་རིག་གནས་ཡུལ་སྐོར་ཚད་ཡོད་ཀུང་ཟི། ཅང་སུའུ་ནན་ཐུང་རྒྱང་སྒྲོག་བརྙན་འཕྲིན་སྨྱན་སྦྱོར་སྡེ་ཚོགས་བཅས་ཀྱིས་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཞག
འབྲེལ་ཡོད་འོས་སྦྱོར།