logo

ཚལ་རྔ་འགག་ཆུ་གློག་ས་ཚིགས་རྒྱལ་རྟགས་ཅན་གྱི་རྒྱལ་སྤྱིའི་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིའི་ཁྲོད་བདམས་ཐོན་བྱུང་།

རྩོམ་པ་པོ།: ཡོང་ཁུངས།:མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། དུས་ཚོད།:2024-10-29 ཀློག་གྲངས།:
       རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་དུ་གཏོང་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་གསར་དུ་མིང་བཏགས་ཤིང་ཁྱབ་སྒྲོག་བྱས་པའི་ཀྲུང་དབྱང་ཁེ་ལས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་ཁག་གཉིས་པའི་ཁྲོད་རྨ་ཆུའི་ཀུང་ཟིའི་ཚལ་རྔ་འགག་གློག་འདོན་ཡན་ལག་ཀུང་ཟི་རྒྱལ་ཁའི་ངང་བདམས་ཐོན་བྱུང་།
       རྨ་ཆུའི་སྣེ་འདྲེན་གློག་ཚིགས་ཞེས་གྲགས་པའི་ཚལ་རྔ་འགག་ཆུ་གློག་ས་ཚིགས་ནི་རང་རྒྱལ་གྱིས་ཇུས་འགོད་དང་བཟོ་སྐྲུན་བྱས་པའི་ཆུ་བེད་ལྟེ་གནས་ཆེ་གྲས་ཤིག་ཡིན་པས། དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུའི་ནང་གི་ཀྲུང་གོའི་ཆུ་གློག་བཟོ་སྐྲུན་གྱི་ཆུ་ཚད་མཐོ་ཤོས་མཚོན་བྱེད་དེ་ཡིན་པ་དང་། སྐབས་དེར་ཆུ་རགས་དང་ཆུ་མཛོད་ཀྱི་ཤོང་ཚད། ཆུ་འཁོར་འཕྲུལ་འཁོར་གྱི་ཤོང་ཚད་བཅས་ཆེས་ཆེ་བས་འཛམ་གླིང་དུ་གྲགས་ཡོད་ལ། འཛུགས་སྐྲུན་ལེགས་འགྲུབ་བྱུང་ནས་མཚོ་སྔོན་ཞིང་ཆེན་གྱི་གློག་ཤུགས་བཟོ་ལས་འཕེལ་རྒྱས་དེ་དེང་རབས་ཅན་གྱི་སྐས་རིམ་གསར་བ་ཞིག་ཏུ་སླེབས་ཡོད།
       ཚལ་རྔ་འགག་གློག་འདོན་ཡན་ལག་ཀུང་ཟིའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་འགྲེམས་སྟོན་ཁང་དེ2000ལོའི་ཟླ5བར་ལས་གཞིའི་མགོ་བརྩམས་ཤིང་། 2023ལོར་ཉམས་གསོ་དང་སྒྱུར་བཀོད་བྱས། འགྲེམས་སྟོན་ཁང་གི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ170ཡོད་ལ། རིན་མེད་ཀྱིས་སྤྱི་ཚོགས་སྒང་ལ་སྒོ་འབྱེད་བཞིན་ཡོད། འགྲེམས་སྟོན་ཁང་གི་ཇུས་འགོད་ལ་དཔེ་རིས་དང་ལྗོངས་རྣམ། ཡི་གེ། པར་རིས་དང་བརྙན་སོགས་སྡེ་ཚན་མང་པོ་འདུས་ཡོད་ལ། གཙོ་བོ་གློག་ཚིགས་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་དང་མགོ་ཁྲིད་ཀྱི་ཐུགས་ཁུར། འགྲན་སློང་རང་བཞིན་གྱི་བཟོ་གྲྭ། གཟི་བརྗིད་འགྲེམས་པང་། མཚར་སྡུག་གི་གྲུབ་འབྲས། ཆུ་ལོག་འགོག་བཅོས། ཚལ་རྔ་འགག་གི་སྙིང་སྟོབས་བཅས་རིགས་དུ་མས་གྲུབ་ཡོད་ཅིང་། ཚལ་རྔ་འགག་ཆུ་གློག་ས་ཚིགས་ཀྱི་འདས་པའི་ངོ་མཚར་གཏམ་རྒྱུད་དེ་ཚང་མའི་མིག་ལམ་དུ་གསལ་བོར་བཀྲམས་ཡོད། མིག་སྔར་རྟེན་གཞི་དེའི་ལོ་རེར་ཆ་སྙོམས་ཀྱི་ལྟ་སྐོར་མི་ཐེངས600ལས་བརྒལ་ཡོད།
       ལོ་མང་པོའི་རིང་ལ། འགྲེམས་སྟོན་ཁང་དེ་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་ཞིང་ཆེན་རིམ་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་དང་མཚོ་སྔོན་ཞིང་ཆེན་གྱི་ཏང་ཀྲི་པུའུ་ཡི་རྩ་འཛུགས་འཚོ་བ་མཉམ་སྤྱོད་སོགས་ཀྱི་གཟི་བརྗིད་མཚན་སྙན་གནང་ཡོད།
འབྲེལ་ཡོད་འོས་སྦྱོར།