མཚོ་ལྷོ་ཁུལ་གྱིས་དགུན་དཔྱིད་དུས་ཚིགས་ཡུལ་སྐོར་གྱི་མཛད་སྒོ་བསྡུས་པ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།
དུས་ཚོད།:2024-11-26
ཀློག་གྲངས།:
ཟླ11པའི་ཚེས22ཉིན། མཚོ་ལྷོ་ཁུལ་གྱི2024ནས2025ལོའི་དགུན་དཔྱིད་རིག་གནས་ཡུལ་སྐོར་ལུས་རྩལ་དམངས་ཕན་བྱ་འགུལ་གྱི་མགོ་འཛུགས་མཛད་སྒོ་དང་རི་ཆུའི་མགོ་ཁུངས། རབ་མཛེས་མཚོ་སྔོན། གནས་མཆོག་མཚོ་ལྷོའི་རིག་གནས་ཡུལ་སྐོར་ཐོན་ཁུངས་ཆེད་དོན་དྲིལ་སྒྲོག་འོས་སྦྱོར་ཚོགས་འདུ་མགོ་བརྩམས།
ཚོགས་ཐོག་ཏུ་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱི་འབྲེལ་ཡོད་མགོ་ཁྲིད་དང་། ཁུལ་ཐད་གཏོགས་སྡེ་ཁག་སོ་སོ་དང་རྫོང་སོ་སོའི་མི་དམངས་སྲིད་གཞུང་གི་ལས་བགོས་འགན་གཉེར་མགོ་ཁྲིད་དང་དེ་མིན་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་འགན་ཁུར་བློ་མཐུན། ཁུལ་ཡོངས་ཀྱིAརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ། སྐར་རིམ་མགྲོན་ཁང་དང་། རིག་གནས་གསར་གཏོད་ཀྱི་ཁེ་ལས། ཞིང་ཕྱུགས་ཐོན་རྫས་ཁེ་ལས་སོགས་ཁྱོན་བསྡོམས་མི300ལྷག་ཙམ་ཚོགས་འདུར་ཞུགས། ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་ལས་རིགས་མཐུན་ཚོགས་དང་ཡུལ་སྐོར་ལས་དོན་ཁང་དང་གཙོ་རྒྱུགས་སྨྱན་སྦྱོར་སོགས་ལས་ཁུངས80གདན་ཞུ་བྱས་པ་རེད། མགོ་ཚུགས་མཛད་སྒོའི་ཐོག་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ལི་གོ་ཧྲིན་གྱིས་ཤིས་ཚིག་ཕུལ་ནས་དམངས་ལ་ཕན་འདོགས་པའི་བྱེད་སྒོ་དང་གཟིགས་སྐྱོང་གི་བྱེད་ཐབས་རབ་དང་རིམ་པ་བཏོན་ནས་ཡུལ་སྐོར་སྤྲོ་འཆམ་ཡོང་བ་དང་དགུན་དཔྱིན་དུས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པར་བརྟེན་ནས་དཔལ་འབྱོར་དར་ཤིང་རྒྱས་པར་ནུས་པ་འདོན་དགོས་པ་བསྟན། ཁུལ་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ཏང་ཙུའི་ཧྲུའུ་ཅི། ཅུའུ་ཀྲང་མགོན་པོ་ཚེ་བརྟན་གྱིས2024ལོ་ནས2025ལོའི་དགུན་དཔྱིད་དུས་ཀྱི་རིག་གནས་ཡུལ་སྐོར་ལུས་རྩལ་དམངས་ཕན་བྱ་འགུལ་རིགས20དང་། གཟིགས་སྐྱོང་བྱེད་ཐབས19།མགོ་ཁྲིད་སྐུ་མགྲོན་སྟེགས་བུར་ཕེབས་ནས2024ནས2025ལོའི་དགུན་དཔྱིད་དུས་ཀྱི་རིག་གནས་ཡུལ་སྐོར་ལུས་རྩལ་གྱི་དམངས་ཕན་བྱ་འགུལ་མགོ་བརྩམས་པའི་མཛད་སྒོ་ཁྱབ་བསྒྲགས་བྱས།
སྒྲ་སྙན་རྡུང་ལེན་དང་ཨ་མདོའི་བོད་རིགས་གྱོན་ཆོས་ཀྱི་འགྲེམས་སྟོན། ཨ་མདོའི་རྩེད་རིགས་སོགས་མཚོ་ལྷོ་ཁུལ་གྱི་ཁྱད་ཆོས་མཚོན་པའི་རིག་རྩལ་ལེ་ཚན་འཁྲབ་སྟོན་བྱས་པ་དང་། འཁྲབ་སྟོན་སྐབས་སུ། ཁུལ་ཡོངས་ཀྱི་རྫོང་ལྔའི་རིག་གནས་ཡུལ་སྐོར་འོས་སྦྱོར་མགོ་བ་རྣམས་རིམ་བཞིན་གར་སྟེགས་སྟེང་བསྐྱོད་དེ་དགུན་དཔྱིད་དུས་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ཐོན་ཁུངས་གཙོ་བོ་འོས་སྦྱོར་བྱས་ཤིང་། ཀྲུང་གོའི་ཆེས་མཛེས་པའི་མཐོ་སྒང་གི་བེཌཱུརྱ་སྔོན་པོ་དང་། འཛམ་གླིང་གི་ཆེས་ཆེ་བའི་འོད་བསྡུ་གློག་ཤུགས་གླིང་། ཉ་རིགས་འཛོམས་པའི་ཚལ་རྔ་འགག རྨ་ལུང་རིང་མོ། ཁྲི་ཀའི་ཡུལ་ལྷའི་ལྷ་ཁང་དང་། བརྒྱ་བྱིན་ལྷ་ཁང་གི་འཛུགས་སྐྲུན། གནས་མཆོག་རྨ་ཆུའི་གསང་གནས་སུམ་པ་འགག རྫོང་རུའི་གནའ་ཤུལ་རིགས་གནས། འབའ་ཡུལ་རྩྭ་ཐང་། བྲག་དཀར་དང་སྤྲེལ་རྫོང་རི་བོ་བཅས་ཀྱིས་མཚོ་ལྷོ་ཁུལ་གྱི་ཐུན་མོང་མ་ཡིན་པའི་མི་ཆོས་རིག་གནས་དང་རང་བྱུང་མཛེས་ལྗོངས་ཀྱི་རྣམ་པ་མངོན་པར་བྱས།
བྱེད་སྒོའི་ཡུལ་དངོས་སུ་རིག་གནས་གསར་གཏོད་ཀྱི་ཐོན་རྫས་དང་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས།གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ལག་ཤེས་བཟོ་ལས་ཐོན་རྫས། དེ་མིན་མཚོ་ལྷོ་ཁུལ་གྱི་ཡུལ་སྐོར་ཁེ་ལས་ཀྱི་ཐོན་རྫས་སྣ་ཚོགས་བཤམས་ནས་ཤ་སྐམ་དང་མར། ཕྱུར་བ་སོགས་ཁྱད་ཆོས་ལྡན་པའི་ཟས་རིགས་འདོན་སྤྲོད་དང་དཔྱད་ཞིབ་བྱས། མཚོ་ལྷོ་ཁུལ་འབྲེལ་མཐུད་ཀུང་ཟིས་རིག་ནུས་ཡུལ་སྐོར་གྱི་གཤེར་རིས་འཚོལ་ཞིབ་གནས་ཚུལ་ངོ་སྤྲོད་དང་ཡུལ་དངོས་མི་སྣས་རྩ་གཉིས་ཨང་གཤེར་བརྒྱུད་ནས་སྤྱི་སྟེགས་ལ་དོ་ཁུར་བྱས། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་གསར་རྩོམ་གྱི་རྟ་མཆོག་བྱ་དགའ་ཐོབ་པའི་ཀྲའོ་ཡུག་ཉན་དང་། 2020ལོའི་ཐའེ་ཡོན་རྒྱལ་སྤྱིའི་མ་ལ་སུང་འགྲན་རྒྱུག་གི་ཨང་དང་པོ་དང་། ཧྲན་ཞི་ཨན་ཁང་གི་མ་ལ་སུང་འགྲན་རྒྱུག་ཕྱེད་མའི་ཨང་དང་པོ་ཐོབ་མཁན། 2023ལོའི་ཞིན་ཅང་ཧ་མེར་མ་ལ་སུང་འགྲན་རྒྱུགས་ཕྱེད་མའི་ཨང་དང་པོ་ཐོན་མཁན་གྱི་མཚོ་ལྷོའི་ལུས་རྩལ་པ་དབྱང་ཁྲིན་ཞང་གཉིས་ཀྱིས་མགོ་རྩོམ་མཛད་སྒོ་དང་དྲིལ་སྒྲོག་འོས་སྦྱོར་ཚོགས་འདུར་ཤིས་ཚིག་སྒྲོན། བྱེད་སྒོའི་ནང་བྱ་དགའ་ལེན་པའི་གོ་རིམ་ལ་བརྟེན་ནས་ཡུལ་སྐོར་ལས་དོན་ཁང་ལ་བྱ་དགའ་ཨང་དང་པོ་དང་གཉིས་པ། གསུམ་པ་བཅས་སྤྲད་པ་དང་། ཁྱོན་བསྡོམས་རིན་ཐང་སྒོར་ཁྲི5.7ཡི་ལྗོངས་ཁུལ་པ་སེ་དང་མཛེས་ལྗོངས་ཡུལ་སྐོར་འཛད་སྤྱོད་གཟིགས་སྐྱོང་བྱང་བུ་སོགས་བྱིན་ནས་མཚོ་ལྷོ་ཁུལ་གྱི་དགུན་དུས་ཡུལ་སྐོར་གྱི་བྱེད་སྒོ་ཕུན་སུམ་ཇེ་ཚོགས་སུ་བཏང་།

མཚོ་ལྷོ་ཁུལ་གྱི2024ནས2025ལོའི་དགུན་དཔྱིད་དུས་ཀྱི་རིག་གནས་ལུས་རྩལ་ཡུལ་སྐོར་གྱི་དམངས་ཕན་བྱ་འགུལ་མཛད་སྒོ་དང་རི་ཆུའི་མགོ་ཁུངས། རབ་མཛེས་མཚོ་སྔོན། གནས་མཆོག་མཚོ་ལྷོའི་རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་ཆེད་དོན་དྲིལ་སྒྲོག་འོས་སྦྱོར་བྱེད་སྒོ་ནི་རིག་གནས་ཡུལ་སྐོར་འཛུགས་པའི་མཉམ་ལས་སྟེགས་བུ་ཞིག་ཡིན་པ་མ་ཟད། རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་དང་། རྒྱ་ཆེའི་མང་ཚོགས་ཀྱི་དགུན་དཔྱིད་དུས་ཀྱི་ཡུལ་སྐོར་དགོས་མཁོ་སྐོང་བ། རིག་གནས་ཡུལ་སྐོར་ཁྲོམ་རའི་འཛད་སྤྱོད་ཇེ་ལེགས་སུ་གཏོང་བ་དང་། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་འཛུགས་སྐྲུན་བྱེད་པའི་ཆེད་དུ་ཡིན། རྗེས་ཕྱོགས་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པ་དང་། གངས་དང་ཁ་བ་ཡང་གསེར་རི་དངུལ་རི་ཡིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཁུལ་ཁོངས་ཀྱི་ཕུན་སུམ་ཚོགས་པའི་དགུན་དཔྱིད་དུས་ཚིགས་ཀྱི་རིག་གནས་ལུས་རྩལ་ཡུལ་སྐོར་ཐོན་ཁུངས་སྔར་ལས་ཇེ་ལེགས་སུ་བཏང་སྟེ། དམངས་ཕན་གྱི་བྱ་འགུལ་མང་པོ་ཁྱོན་ཡོངས་ནས་སྤེལ་རྒྱུ་མ་ཟད། སྔོག་འདོན་མ་ཐུབ་པའི་ཐོན་ཁུངས་ཡང་བསྐྱར་ཐོན་ལས་སུ་བསྒྱུར་ནས་ཁུལ་ཡོངས་ཀྱི་ཡུལ་སྐོར་ལས་རིགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་ཤུགས་རྒྱག་རྒྱུ་རེད།
འབྲེལ་ཡོད་འོས་སྦྱོར།