logo

མཚོ་ལྷོ་ཁུལ་གྱི་རྒྱལ་ཁབ་རིམ་པའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་གྱི་འཕེལ་ཚད་རྒྱལ་ཡོངས་དཔེ་སྟོན་ཁུལ11ཁྲོད་ཨང་དང་པོར་སླེབས་པ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། དུས་ཚོད།:2024-12-03 ཀློག་གྲངས།:
       ཟླ11པའི་ཚེས29ཉིན། གསར་འགོད་པས་ཤེས་གསལ་ལྟར་ན། ཉེ་སྔོན་ཀྲུང་གོའི་དུས་རབས21པའི་གྲོས་རིམ་དོ་དམ་ལྟེ་གནས་ཀྱིས་ཧྲེན་ཀྲེན་དུ«རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་གྱི་ལོ་འཁོར་སྙན་ཞུ2024»ཁྱབ་སྒྲོག་བྱས་ཤིང་། དཔེ་སྟོན་ཁུལ11གི2023ལོ་འཁོར་གྱི་ལས་དོན་སྤེལ་ཚུལ་དང་ཚན་རྩལ་པུའི་ལྟ་ཞིབ་ཚད་ལེན་གཞིར་བཟུང་ནས་དཔེ་སྟོན་ཁུལ་གྱི་ལས་དོན་སྤེལ་ཚུལ་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་སྟོན་གྲངས་གཉིས་ནས་དཔེ་སྟོན་ཁུལ་གྱི་དཔྱད་དཔོག་སྟོན་གྲངས་མ་ལག་བཙུགས་ཏེ། དཔེ་སྟོན་ཁུལ་ཁག་གི་ལས་དོན་སྤེལ་ཚུལ་ལ་དོན་དངོས་དང་ཚད་འབེབས་ཀྱི་གདེང་འཇོག་བྱས་པ་རེད། དེའི་ནང་རྒྱལ་ཡོངས་ཀྱི་རྒྱལ་ཁབ་ཁག་གི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ11གི་གསོན་ཤུགས་ལ་གདེང་འཇོག་བྱེད་པའི་ཁྲོད་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྤྱིའི་གནས་ཚུལ་དང་ལས་དོན་ལ་སྐུལ་འདེད་གཏོང་ཚུལ་ལ“ཨང་དང་པོ་གཉིས”ཐོབ་ཡོད་པ་རེད།
       ཤེས་གསལ་ལྟར་ན། མཚོ་ལྷོ་ཁུལ་ལ་རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གྱི་གསར་གཏོད་དཔེ་སྟོན་ཁུལ་འཛུགས་རྒྱུའི་ཆོག་མཆན་ཐོབ་པའི་ཚུན་ལ། མཚོ་ལྷོ་ཁུལ་གྱིས“གཙང་ཆུའི་མགོ་་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས”བརྗོད་དོན་གཙོ་བོར་དམིགས་ནས་ཚན་རྩལ་གསར་གཏོད་ཀྱི་འདེགས་སྐྱོར་དང་། སྐྱེ་ཁམས་སྲུང་སྐྱོང་དང་བཅོས་སྐྱོང་མཐོར་འདེགས། རོང་འབྲོག་ལས་ཀྱི་ལྗང་མདོག་འཕེལ་རྒྱས། དཔལ་འབྱོར་འཕར་གཞི་གསར་པ་སྐྱེད་སྲིང་། སྐྱེ་ཁམས་རིག་གནས་ཡུལ་སྐོར་དམངས་ཕན་སོགས་ཀྱི་བྱ་སྤྱོད་ཆེ་གྲས་ལྔར་སྐུལ་འདེད་ཏན་ཏིག་བཏང་ཞིང་། «མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག»གི་འཆར་ཟིན་བཀོད་ནས། ཁུལ་དེའི་རྒྱུན་མཐུད་འཕེལ་རྒྱས་ལ་ཁྲིམས་སྐྱོང་གི་འགན་ལེན་བྱ་རྒྱུ་རེད།
       ལོ་འཁོར་གཅིག་གི་ལྟ་ཞིབ་ཚད་ལེན་གྱི་སྙན་ཞུའི་སྤྱིའི་གནས་ཚུལ་ལ་བལྟས་ན། 2023ལོ་ནས་ད་བར་མཚོ་ལྷོ་ཁུལ་གྱི་རྒྱུན་མཐུད་འཕེལ་རྒྱས་སྟོན་གྲངས73.55ཟིན་པ་དང་། དབུལ་པོ་མེད་པ་དང་། འཐུང་ཆུ་གཙང་མ་དང་འཕྲོད་བསྟེན་སྒྲིག་བཀོད་འཇོན་པ། ནུས་རྒྱུ་གཙང་མ་གྲོན་ཆུང་དང་སྤྱོད་གོ་ཆོད་པའི་ནུས་རྒྱུ་གཙང་མ་བཅས་དྲང་གཞག་དང་། ཞི་མཐུན། ཁོང་ཡངས་ཀྱི་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་མང་པོའི་འཕེལ་རིམ་བདེ་བླག་བྱུང་ཡོད་པ་རེད། ལྷག་པར་དུ་ནུས་མང་གསབ་རེས་དང་། འདུས་གྲུབ་ཕན་ཆེའི་ནུས་ཁུངས་གཙང་མ་གསར་སྤེལ་བྱེད་པའི་མ་ལག་གསར་པ་ཧུར་ཐག་གིས་བསྐྲུན་ཏེ། ནུས་ཁུངས་གཙང་མ100%ཡི་གློག་འདོན་མངོན་འགྱུར་བྱེད་དགོས། འཛམ་གླིང་ཐོག་ནུས་ཁུངས་གཙང་མ100%སྐྱེལ་འདྲེན་བྱེད་པའི་མཚོ་སྔོན་དང་ཧོ་ནན་གྱི་སྟོང་ཝ±800ཡི་ཆེས་མཐོ་གནོན་གྱི་གློག་གཏོང་ལས་གྲྭ་ཐོག་མ་དང་འཛམ་གླིང་ཐོག་གི་གཞི་ཁྱོན་ཆེས་ཆེ་བའི་གློག་ཁུངས་ཚན་སྒྲིག་འཕྲུལ་ཆས་ཐོག་མ་སྟེ་རླུང་དང་འོད་སོགས་གློག་ཤུགས་གཙང་མ་ཕྱིར་གཏོང་དང་གློག་གནོན་བརྟན་པོ་མེད་པའི་གནད་དོན་ཐག་གཅོད་བྱེད་དགོས།
       མཚོ་སྔོན་ཞིང་ཆེན་གྱི་ཆོག་མཆན་ཐོབ་པའི་གསར་གཏོད་དཔེ་སྟོན་ཁུལ་ཐོག་མ་ཡིན་པ་དང་། མིག་སྔར་རྒྱལ་ཡོངས་ཀྱི་ཆོག་མཆན་ཐོབ་པའི་མི་རིགས་རང་སྐྱོང་ཁུལ་གྱི་གསར་གཏོད་དཔེ་སྟོན་ཁུལ་གྱི་གཅིག་པུ་ཡིན་པའི་ཆ་ནས་མཚོ་ལྷོ་ཁུལ་གྱིས་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱ་རྒྱུ་དེ་ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་ལས་དོན་བཀོད་གཏོང་ཚོགས་འདུའི་ནང་དོན་གྱི་གྲས་སུ་བཅུག་ནས་ཟླ་རེར་བཀོད་གཏོང་དང་། «མཚོ་ལྷོ་ཁུལ་གྱི་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་ལས་ཀའི་དཔྱད་ཞིབ་བྱེད་ཐབས»བཟོས་ནས་པར་འགྲེམས་བྱས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་སྐུལ་འདེད་ཚོགས་འདུ་འཚོགས་ནས། དྭངས་གཙང་ནུས་རྒྱུ་གསར་གཏོད་བྱ་རྒྱུ་གཙོ་ཁྲིད་དུ་བྱས་ཏེ། ཆུ་དང་། རླུང་། འོད། ས་འོག་ཚ་ནུས། ནུས་གསོག་བཅས་གློག་ཤུགས་མ་ལག་གསར་པ་འཛུགས་པ་དང་། ལྗང་མདོག་རྩིས་ནུས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། “ནུས་ཁུངས་གཙང་མ+ལྗང་མདོག་རྩིས་ནུས”ཀྱི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་གཏོང་སྟངས་སྐྲུན་པ། ལྗང་མདོག་ཐཱན་ཉུང་སོགས་ཀྱི་ལག་རྩལ་དཔེ་སྟོན་ཁུལ་དུ་འགྱུར་ཚད་ཇེ་མགྱོགས་སུ་གཏོང་བ། “འོད་ཤུགས་ཐོན་ལས-སྐྱེ་ཁམས་དཔལ་ཡོན་སྲུང་སྐྱོང་དང་སྐྱེ་ཁམས་དཔལ་ཡོན་རོང་འབྲོག་ལས”མཉམ་འདྲེས་འཕེལ་རྒྱས་དང་། “ཕྱོགས་ལྔ་གཞི་གཅིག”གི་ནུས་རྒྱུ་གཙང་མའི་འཕེལ་རྒྱས། ལྷད་མེད་སྐྱེ་ལྡན་རོང་འབྲོག་ཐོན་རྫས་ཀྱི་རིན་ཐང་གཞན་སྒྱུར། མཚོ་བོད་མཐོ་སྒང“གི་གཞི་གྲངས་དང་རིག་གནས་ཡུལ་སྐོར་ཟུང་འབྲེལ”མཉམ་འདྲེས་འཕེལ་རྒྱས་སོགས་དཔེ་སྟོན་བྱེད་སྟངས་གསར་པ་བརྒྱད་བསྐྲུན་ནས། གསར་གཏོད་སྦྲེལ་ཐག་དང་ཐོན་ལས་སྦྲེལ་ཐག་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
འབྲེལ་ཡོད་འོས་སྦྱོར།