logo

མཚོ་སྔོན་པོའི་འབབ་རྒྱུད་དུ་རི་ཆུ་ནགས་ཞིང་མཚེའུ།རྩྭ་ཐང་དང་བྱེ་མ་གཞི་གཅིག་ཅན་སྲུང་སྐྱོབ་དང་སླར་གསོའི་བཟོ་སྐྲུན་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་།

རྩོམ་པ་པོ།: ཡོང་ཁུངས།:རྒྱང་སྒྲོག་བརྙན་འཕྲིན་ཁང་། དུས་ཚོད།:2025-02-10 ཀློག་གྲངས།:
       ཉེ་ལམ། གསར་འགོད་པས་མཚོ་སྔོན་པོའི་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་འཛུགས་བྱ་བ་སྤེལ་བ་ནས་བཟུང་། མཚོ་སྔོན་པོའི་འབབ་རྒྱུད་ཀྱི་རི་ཆུ་ནགས་གསུམ་དང་ས་ཞིང་། མཚེའུ། རྩྭ་ཐང་དང་བྱེ་མ་གཞི་གཅིག་ཅན་སྲུང་སྐྱོབ་དང་སླར་གསོའི་བཟོ་སྐྲུན་ཕྱོགས་ཡོངས་ནས་གཅིག་གྱུར་གྱིས་སྐུལ་འདེད་བཏང་བ་དང་། མིག་སྔར་བསྡོམས་པའི་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བདུན་ས་ཡ་བདུན་བཏང་།
       མཚོ་སྔོན་པོའི་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ཡིས་སྐྱེ་ཁམས་སྔོན་ལ་འཇོག་པའི་འཐབ་ཇུས་ལག་བསྟར་བྱས་ཏེ། སྐྱེ་ཁམས་བཅོས་སྐྱོང་ཐད་རི་ཆུ་ནགས་གསུམ་དང་། ས་ཞིང་། མཚེའུ། རྩྭ་ཐང་། བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་སླར་གསོའི་བཟོ་སྐྲུན་ལ་གཅིག་གྱུར་གྱིས་སྐུལ་འདེད་བཏང་བ་དང་། བརླན་ས་སྲུང་སྐྱོབ་དང་སླར་གསོ། གཙོ་གནད་ཆུ་ཁོངས་ཀྱི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སླར་གསོ་སོགས་བསྡོམས་པའི་ལས་གཞི20ལག་བསྟར་བྱས་ཏེ། མཚོ་སྔོན་པོའི་འབབ་རྒྱུད་ས་ཁུལ་དང་ལྷག་པར་དུ་མཚོ་སྔོན་པོའི་གཙོ་གནད་སྐྱེ་ཁམས་ནུས་ཁུལ་གྱི་ཆུ་ཁུངས་སྲུང་སྐྱོབ་ས་ཁུལ་གྱི་སྐྱེ་ཁམས་ནུས་པ་ཆེས་ཆེར་ཇེ་མཐོར་བཏང་། ཀྲུང་དབྱང་གི་ཆུའི་སྦགས་བཙོག་འགོག་བཅོས་ཆེད་དོན་གྲོན་དངུལ་སྒོར་བྱེ་བ་དགུ་དང་ས་ཡ་ལྔ་ཁྲི་ལྔ་བརྩོན་ལེན་བྱས་པ་དང་། ཕྱོགས་བསྡུས་བཅོས་སྐྱོང་ལས་གཞི་ལ་མུ་མཐུད་དུ་སྐུལ་འདེད་བཏང་བ། བཅོས་སྐྱོང་རྒྱ་ཁྱོན་སྤྱི་ཆིང2000ལྷག་ཙམ་དང་། ཆུར་སྦག་བཙོག་ཐེབས་པའི་མཚོ་རྩྭ་ཏུན་འབུམ་གཅིག་དང་ཁྲི་གཉིས་སྟོང་གཅིག་ལྷག་སྔོག་ལེན་བྱས་པས། མཚོ་སྔོན་པོའི་མཚོ་རྩྭ་ཇེ་མང་དུ་འགྲོ་བའི་རྒྱ་ཁྱོན་ཚོད་འཛིན་ནུས་ལྡན་བྱས།
       མཚོ་སྔོན་པོའི་འབབ་རྒྱུད་ཀྱི་ཆུའི་སྐྱེ་ཁམས་ཁོར་ཡུག་དང་ཆུ་གནས་འགྱུར་ལྡོག་གི་འཕེལ་ཕྱོགས་ཞིབ་འཇུག་སོགས་ལ་དམིགས་ནས་ཞིབ་འཇུག་བྱ་གཞི་གལ་ཆེན་ལ་ཞིབ་འཇུག་བྱས་ཏེ་ཆེད་དོན་སྙན་ཞུ14གྲུབ་ནས་འབབ་རྒྱུད་ཀྱི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་། ཆུ་གནས་འགྱུར་ལྡོག་ལ་ཁ་གཏད་འཇལ་ཆེད་སྲིད་ཇུས་ཞིབ་འཇུག་གི་འདེགས་སྐྱོར་འདོན་སྤྲོད་བྱས་། གནམ་ས་གཞི་གཅིག་ཅན་གྱི་ལྟ་ཞིབ་ཚད་ལེན་མ་ལག་འཛུགས་སྐྲུན་དང་། སྐྱེ་ཁམས་དྲ་རྒྱའི་ཤེས་ཚོར་ལྟ་ཞིབ་ཚད་ལེན་ལྟ་སྐུལ་དོ་དམ་གྱི་རྨང་གཞིའི་ལས་སྟེགས། མཚོ་སྔོན་པོའི་འབབ་རྒྱུད་ཀྱི་རི་ཆུའི་བཟོ་སྐྲུན་སོགས་ཚུད་པའི་ལག་བསྟར་བྱེད་ཆོག་པའི་ཞིབ་འཇུག་སྙན་ཞུ12སྒྲིག་བཟོ་ལེགས་འགྲུབ་བྱུང་།
       དེ་ལས་གཞན། མཚོ་སྔོན་པོའི་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ཡིས“རྒྱལ་སྤྱིའི་མཚེའུ་བརླན་ས་ཅན་གྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་དཔེ་མཚོན་ཁུལ་འཛུགས་པ”དང་། “རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་སའི་དཔེ་སྟོན་ཁུལ་འཛུགས་པའི”དམིགས་འབེན་གསལ་བོ་བྱས་ཏེ། “ལྟེ་གཅིག་ཁུལ་བཞི་དང་། གདུབ་གཅིག་དང་ས་ཚིགས་མང་པོའི”འཛུགས་སྐྲུན་བཀོད་སྒྲིག་བཏོན། མཚོ་སྔོན་པོའི་མཐའ་འཁོར་གྱི་སྐྱེ་ཁམས་སྤྲོ་གསེང་གནས30ལྷག་ཙམ་འཆར་འགོད་བྱས་པ་དང་། སྐྱེ་ཁམས་ཡུལ་སྐོར་གྱི་སྤུས་ལེགས་ལམ་ཐིག8བཏོན་པ། མཚེའུ་མཐའ་འཁོར་འབབ་རྒྱུད་ཀྱི་སྐྱེ་ཁམས་ཧ་ཅང་མཛེས་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་བའི་མཐུན་སྦྱོར་མཉམ་སྤེལ་བྱེད་པའི་རྣམ་པ་གསར་པ་རིམ་བཞིན་མངོན་འགྱུར་བྱས།
འབྲེལ་ཡོད་འོས་སྦྱོར།