མཚོ་ལྷོ་ཁུལ་གྱིས་ཁུལ་ཨུའི་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས97པ་བསྡུས།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།
དུས་ཚོད།:2025-03-07
ཀློག་གྲངས།:
ཟླ3པའི་ཚེས4ཉིན། མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ལིས་ཀང་གིས་མགོ་འཛིན་བྱས་ཏེ་ཁུལ་ཨུའི་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས97པ་བསྡུས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་མཆན་འགོད་ཀྱི་དགོངས་དོན་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཚོགས་འདུ་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ལ། རང་ཁུལ་གྱི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས་ནས་འབྲེལ་ཡོད་བྱ་བའི་སྙན་ཞུར་ཉན་པ་དང་འབྲེལ་ཡོད་བྱ་བའི་ཇུས་གཞིར་གྲོས་ཞིབ་བྱས་པ་རེད།
ཚོགས་འདུའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཟླ2པའི་ཚེས28ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་ནང་འདས་ཟིན་པའི་ལོ་གཅིག་གི་སྲིད་གཞུང་བྱ་བར་ཁས་ལེན་གང་ལེགས་བྱས་པར་མ་ཟད། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་འཆར་འགོད་མཇུག་བསྒྲིལ་བའི་ལོའི་བྱ་བ་ལེགས་པོར་བསྒྲུབ་རྒྱུར་བླང་བྱ་ཆེན་པོ་བཏོན་ཡོད།
ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྒྱུན་འཁྱོངས་དང་སློབ་སྦྱོང་གཏིང་ཟབ། ལག་ལེན་དོན་འཁྱོལ་བྱས་ཏེ། དུས་ནམ་ཡང་ཏང་གི་མགོ་ཁྲིད་མཐའ་འཁྱོངས་དང་ཆབ་སྲིད་ཀྱི་འགན་འཁྲི་ཆེར་བསྐྱེད་པ། ཆབ་སྲིད་ཀྱི་ཕན་ནུས་ཆེར་གཏོང་བ་བཅས་བྱས་ཏེ། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་འཆར་འགོད་མཇུག་སྒྲིལ་བ་དང་བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་འགག་རྩའི་དམིགས་འབེན་དང་ལས་འགན་དོན་འཁྱོལ་དམ་འཛིན་བྱས་ཏེ། ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་འགན་འཁྲི་དོན་འཁྱོལ་ནན་མོ་བྱས་ནས་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་ཡང་དག་པ་བརྟན་པོ་འཛུགས་པ་དང་ལག་ལེན་དུ་བསྟར་བ། སློབ་པ་དང་སྤྱོད་པ་ཟུང་འབྲེལ་བྱེད་པ་དང་། ཤེས་བྱ་དང་ལག་ལེན་ཟུང་འབྲེལ་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མཚོ་ལྷོ་ནས་ལག་བསྟར་བྱས་ནས་གྲུབ་འབྲས་བཟང་བོ་ལེན་པར་བརྩོན་དགོས་པ་བསྟན།
ཚོགས་འདུའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་གཉེར་ཁེ་ལས་སྐོར་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཡང་དག་པའི་སྒོ་ནས་གོ་བ་ལེན་པ་དང་ལག་བསྟར་ནན་མོ་བྱས་ཏེ། དམངས་གཉེར་ཁེ་ལས་དང་དམངས་གཉེར་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་སྐུལ་ལྕག་དང་རྒྱབ་སྐྱོར། ཁྲིད་སྟོན་བྱེད་པ་དེ་ཁུལ་ཡོངས་ཀྱི་དཔལ་འབྱོར་བྱ་བའི་དོན་ཆེན་ནང་གི་འགངས་ཆེན་དུ་བརྩི་བ་དང་། མིང་གྲགས་ཅན་གྱི་ཚོང་གཉེར་ཁོར་ཡུག་འཛུགས་སྐྱོང་བྱས་ཏེ་ཐབས་བརྒྱ་ཇུས་གཏོང་གིས་ཚོང་འགུག་དངུལ་འདྲེན་ཕྱོགས་ལ་ཤུགས་ཆེན་པོ་འདོན་དགོས་པ་དང་། ཁྲིམས་ལྟར་དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་པའི་ཁེ་དབང་སྲུང་སྐྱོང་བྱས་ཏེ། ཁྲོམ་རའི་ཚོང་གཉེར་བ་ཚོས་མཚོ་ལྷོ་ནས་ལས་ཀ་སྒྲུབ་པ་དང་ལས་གཏོད་དར་སྤེལ་གཏོང་བའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ནས། མཚོ་ལྷོའི་དམངས་གཉེར་དཔལ་འབྱོར་སྟོབས་ཆེར་གཏོང་བར་ནུས་ཤུགས་གང་ཡོད་འདོན་དགོས་ཞེས་ནན་བཤད་གནང་།
ཚོགས་འདུའི་སྟེང་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཏང་ཙུའུ་ཡི་ཁོངས་མི། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའི་ཧྲུའུ་ཅི་བཅས་ཀྱི2024ལོའི་འགན་བསྒྲུབས་སྙན་ཞུ་ཞིབ་ཀློག་གནང་སྐབས་བཏོན་པའི་བླང་བྱ་གལ་ཆེན་ལྟར། ཚད་གཞིར་འཛིན་པའི་རེའུ་མིག་རྒྱུན་འཁྱོངས་བྱས་ཏེ་མཚོ་ལྷོའི་བྱ་བ་དོན་དངོས་དང་ཟུང་འབྲེལ་དམ་པོ་བྱས་ནས་རང་འགན་གཙང་སྒྲུབ་དང་ཁུལ་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་བ་དང་ཁུལ་གྱི་ཚོགས་ཆེན་གཉིས་སྟེང་གཏན་འཁེལ་བྱས་པའི་དམིགས་འབེན་འགན་འཁྲི་སོ་སོར་སྣེ་ཁྲིད་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། གོང་གིས་འོག་ལ་སྣེ་ཁྲིད་བྱེད་པ་དང་འགན་འཁྲིའི་འཁུར་ཤུགས་ཆེར་གཏོང་བ། རིམ་པ་ནས་རིམ་པར་མིག་དཔེ་སྟོན་པ། རིམ་པ་ནས་རིམ་པར་སྣེ་ཁྲིད་དེ་འབད་བརྩོན་ལྷོད་མེད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་་མཚོ་ལྷོ་གསར་པ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས་པའི་རེ་བ་བཏོན།
ཚོགས་འདུའི་སྟེང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་མཚོ་ལྷོ་ཁུལ་གྱི་བྱ་བའི་སྙན་ཞུ་དང་ཞིང་ཆེན་སྲིད་གཞུང་གི་ཧྲེང་ཀྲང་ལུའོ་ཏུང་ཁྲོན་གྱིས་མཚོ་ལྷོར་རྟོག་ཞིབ་གནང་སྐབས་ཀྱི་བྱ་བའི་བླང་བྱར་ཉན་རྗེས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཚོ་ལྷོའི་བྱ་བར་ཚད་མཐོའི་མཐོང་ཆེན་དང་ཁས་ལེན་གང་ལེགས་བྱས་པ་མཚོན་ཡོད་ལ། མཚོ་ལྷོའི་ད་ལོའི་བྱ་བ་ཡག་པོ་བསྒྲུབ་རྒྱུར་ཡིད་ཆེས་གྱི་ཁ་ཕྱོགས་གསལ་སྟོན་བྱས་ཤིང་། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་བྱ་བ་གཙོ་བོའི་བླང་བྱ་དང་། ཁུལ་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་བའི་བཀོད་སྒྲིག་དང་ཟུང་འབྲེལ་བྱས་ཏེ། དམིགས་འབེན་གཏན་ཁེལ་དང་འགན་འཁུར་དང་ལེན་བྱས་ནས་གོ་གནས་དང་ཚད་གཞི། བླང་བྱ་བཅས་སྔར་ལས་མཐོ་བའི་སྟེང་ནས་ལག་བསྟར་དོན་འཁྱོལ་བྱ་དགོས་པ་དང་། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་དམིགས་སའི་མཚོ་སྔོན་པོའི་དཔེ་སྟོན་ཁུལ་གསར་འཛུགས་བྱེད་པར་ཧུར་ཐག་བྱས་ནས། སྤུས་ཚད་མཐོ་བའི་སྒོ་ནས་མཚོ་སྔོན་པོའི་ཆུར་ནུབ་ས་ཁུལ་གྱི་རོང་འབྲོག་ཁྱིམ་ཚང་གི་སྡོད་ཁང་གནས་སྤོར་འཛུགས་སྐྲུན་བྱ་བ་ལེགས་པར་བསྒྲུབ་སྟེ། མཚོ་སྔོན་པོ་ནི་རི་སྒང་དང་རྩྭ་ཐང་ཆེན་མོའི་དཀྱིལ་དབུས་ཀྱི་རྡོ་རྗེ་ཕ་ལམ་ལྟ་བུར་འགྱུར་བར་བྱ་དགོས་ཞེས་བསྟན།
ཚོགས་འདུའི་སྟེང་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ཕྱི་ཚུལ་རིང་ལུགས་བཅོས་བསྒྱུར་བྱས་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་ཆེད་དོན་བྱ་བའི་ལམ་སྲོལ་གྱི་ཚོགས་འདུའི་དགོངས་དོན་ལག་བསྟར་ནན་མོ་བྱས་ཏེ། འགག་གནད་སེལ་བའི་འགན་འཁྲིའི་འདུ་ཤེས་དང་ལས་འགན་གྱི་འདུ་ཤེས་སྔར་ལས་ཆེར་གཏོང་དགོས་ཤིང་། མཉམ་འབྲེལ་བཟང་བོ་བྱེད་པ་དང་འགག་སྒྲོལ་བྱ་བ་ལེགས་པོར་བསྒྲུབ་ནས་གྲུབ་འབྲས་སྔར་ལས་སྲ་བརྟན་དང་རྒྱ་སྐྱེད་དུ་བཏང་སྟེ། བཅོས་སྒྱུར་དང་ཁུར་པོ་ཇེ་ཡང་དུ་གཏོང་བའི་བྱ་བ་ནན་གྱིས་བསྒྲུབ་པར་འགན་ལེན་ཏན་ཏིག་བྱ་དགོས་ཤིང་། སྲོལ་རྒྱུན་གྱི་འདུ་ཤེས་དང་གཞན་བརྟེན་གྱི་འདུ་ཤེས་བསྒྱུར་ནས་དུས་རབས་གསར་པ་དང་ལས་འགན་གསར་པ། བླང་བྱ་གསར་པར་འཚམ་པའི་བྱ་བའི་འཇོན་ཐང་དང་བྱེད་ཐབས་ལ་སློབ་སྦྱོང་དང་སྦྱོང་བརྡར་བྱས་ཏེ། གཞི་རིམ་གྱི་བྱ་བར་ཕན་ནུས་ལྡན་པའི་སྐུལ་ཁྲིད་བྱེད་པའི་ཐབས་ཤེས་དང་བྱེད་ཐབས་བཙལ་ཏེ། རྒྱ་ཆེའི་གཞི་རིམ་ལས་བྱེད་པའི་ཁུར་བོ་ཡང་བའི་སྒོ་ནས་བྱ་བ་བསྒྲུབ་པ་དང་བློ་རྩེ་གཅིག་སྒྲིམ་གྱིས་འཕེལ་རྒྱས་དོན་གཉེར་དང་དོན་འཁྱོལ་དམ་འཛིན། བརྟན་བརླིང་སྲུང་སྐྱོང་ཡོང་བ་བཅས་བྱ་དགོས་ཞེས་ནན་གྱིས་བསྟན།

འབྲེལ་ཡོད་འོས་སྦྱོར།