ལིས་ཀང་དང་ཀརྨ་ཕུན་ཚོགས་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ནན་ཉིང་གྲོང་ཁྱེར་དུ་ནུས་ཁུངས་གསར་པར་སློབ་སྦྱོང་དང་རྟོག་ཞིབ་བྱེད་པའི་བྱ་འགུལ་སྤེལ་བ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།
དུས་ཚོད།:2025-04-16
ཀློག་གྲངས།:
ཟླ4པའི་ཚེས11ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་། མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས་བཅས་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ནན་ཉིང་གྲོང་ཁྱེར་དུ་ནུས་ཁུངས་གསར་པའི་ཕྱོགས་ལ་སློབ་སྦྱོང་དང་རྟོག་ཞིབ་ཀྱི་བྱ་འགུལ་སྤེལ། ས་གནསས་དེ་ཡི་ཞི་ཅིན་ཆུ་གློག་ས་ཚིགས་ཀྱི་འཁོར་བསྐྱོད་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། ཀོང་ཞིའི་ཀུའེ་ཀོན་གློག་ཤུགས་མ་རྐང་ཚད་ཡོད་ཀུང་ཟིའི་ཏང་ཨུའི་ཧྲུའུ་ཅིའམ་ལས་འཛིན་མགོ་གཙོ་ཀྲའོ་ཏ་པིན། འབྲེལ་ཡོད་འགན་ཁུར་བློ་མཐུན་བཅས་དང་བཞུགས་མོལ་ཚོགས་འདུ་བསྡུས་ནས་འབྲེལ་ཡོད་དོན་དག་ལ་གྲོས་མོལ་བྱས།

གྲོས་མོལ་བྱེད་སྐབས། ལིས་ཀང་གིས་མཚོ་ལྷོ་ཁུལ་གྱི་གནས་ཚུལ་དང་ཁྱད་ཆོས། ཐོན་ཁུངས་ཀྱི་དགེ་མཚན། ཚོང་གཉེར་ཁོར་ཡུག་སོགས་ངོ་སྤྲོད་ཞིབ་ཕྲ་བྱས་པ་མ་ཟད། རང་ཁུལ་གྱི་འབྲི་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྗོད་བྱ་གཙོ་བོ་ཡིན་པའི་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པར་ཤུགས་འདོན་ནས། གཙོ་བོ་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་ས་མཐོ་དང་། གློག་རྩིས་མཉམ་སྒྲུབ་འཕེལ་རྒྱས་ལ་བརྟེན་ནས་ཐཱན་ཉུང་ཐོན་ལས་འདུས་གནས་དར་སྤེལ་གཏོང་བ། ལྗང་མདོག་གློག་ཤུགས་ལ་བརྟེན་ནས་ལྗང་མདོག་གློག་རྩིས་ལ་སྐུལ་འདེད་གཏོང་བར་ཤུགས་རྒྱག་པ་དང་ལྗང་མདོག་གློག་རྩིས་ལ་བརྟེན་ནས་ལྗང་མདོག་གློག་ཤུགས་འཕེལ་རྒྱས་འཁོར་བསྐྱོད་ཐུབ་པར་ནུས་ཤུགས་འདོན་བཞིན་ཡོད་པས། ཀུའེ་ཀོན་གློག་ཤུགས་མ་རྐང་ཚད་ཡོད་ཀུང་ཟིས་རང་ཁུལ་དུ་རྟོག་ཞིབ་དང་བསམ་བློ་བརྗེ་རེས་བྱེད་པ་དང་། མ་དངུལ་འཇོག་པ་དང་ལས་སྤེལ་བྱས་ཏེ། མཉམ་དུ་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱེད་པར་སྤྲོ་སེམས་འཁོལ་བའི་ངང་ནས་དགའ་བསུ་ཞུ་བཞིན་ཡོད་ཟེར།

ཀྲའོ་ཏ་པིན་གྱིས་མཚོ་ལྷོ་ཁུལ་གྱི་འཕེལ་རྒྱས་ཀྱི་གནས་བབ་གསལ་བོ་ཡིན་པ་དང་། ཐོན་ཁུངས་ཀྱི་བཟང་ཆ་མངོན་གསལ་ཡིན་པ། ཚོང་གཉེར་ཁོར་ཡུག་བཟང་པས། མཚོ་ལྷོ་ཁུལ་གྱི་སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པ་དང་ནུས་ཁུངས་གཙང་མར་བརྟེན་ནས་ཁུལ་སྟོབས་ཆེར་གཏོང་བ། ཞིང་ཕྱུགས་ལས་ལ་བརྟེན་ནས་ཁུལ་བརྟན་པོ་ཡོང་བའི་འཐབ་ཇུས་ཁྲོད་ནན་གྱིས་ཞུགས་ཏེ། ནུས་ཁུངས་གསར་པ་དང་། ལྗང་མདོག་རྩིས་ཤུགས། གསར་དར་ཐོན་ལས་འཕེལ་རྒྱས་སོགས་ཀྱི་ཐད་མཉམ་འབྲེལ་གཏིང་ཟབ་ཏུ་སྤེལ་བ་དང་། མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ། ནུས་ཁུངས་གཙང་མ་མགྱོགས་མྱུར་ངང་འཕེལ་རྒྱས་སུ་གཏོང་བ་བཅས་ལ་བརྟེན་ནས་ཐོན་ལས་གཞན་དག་འཕེལ་རྒྱས་སུ་འགྲོ་བར་སྐུལ་ཁྲིད་བྱས་ཏེ། ཕན་ཚུན་ལ་ཁེ་ཕན་ལྡན་པའི་མཛེས་པའི་མ་འོངས་བ་བསྐྲུན་དགོས་ཟེར།
ལིས་ཀང་གིས་ཁུལ་ཡོངས་ཀྱི་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་རང་ཁུལ་དུ་རྟོག་ཞིབ་བྱེད་སྐབས་གནང་བའི་གསུང་བཤད་ཀྱི་བླང་བྱར་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། ཆུ་གློག་གི་ཕུན་སུམ་ཚོགས་པའི་ཐོན་ཁུངས་བརྟེན་པ། ནུས་རྒྱུ་གཙང་མ་འཕེལ་རྒྱས་སུ་གཏོང་བའི་འཆར་འགོད་དང་སྲིད་ཇུས། རྟེན་གཞི། ལས་གཞི། ཁེ་ལས་བཅས་གཞི་གཅིག་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་རྣམ་པ་མགྱོགས་མྱུར་སྒོས་བསྐྲུན་དགོས་པ་དང་། རང་ཁུལ་གྱི་མྱ་ངམ་ཐང་རྟེན་གཞི་དང་གློག་འདྲེན་བགྲོད་ལམ་གཉིས་པ་ནི་རང་ཁུལ་གྱིས་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་བསྐྲུན་པའི་གཞི་རྩའི་ལས་གྲྭ་དང་། 2025ལོའི་མ་འཇོག་ལས་གཞི་གལ་ཆེན་ཞིག་ཀྱང་ཡིན། ལས་གཞི་དེས་གློག་ཁུངས་འཛུགས་སྐྲུན་བྱས་པའི་ནང་ཁུལ་གཉིས་དང་གྲོང་ཁྱེར་གཅིག རྒྱལ་ཁབ་གློག་དྲ་སོགས་གཙོ་གནད་ཁེ་ལས་དང་འབྲེལ་ཡོད་གློག་དྲའི་འཛུགས་སྐྲུན། རྒྱལ་ཁབ་ནུས་ཁུངས་ཅུའུ་དང་རྒྱལ་ཁབ་གློག་དྲ། ལྷོ་ཕྱོགས་གློག་དྲ། མཚོ་སྔོན་དང་ཀོང་ཏུང་ཞིང་ཆེན་གཉིས་བཅས་འབྲེལ་ཡོད། དུས་མགོའི་འཆར་འགོད་དང་ལས་གཞི་དོན་འཁྱོལ་བྱ་བ་ཧ་ཅང་རྙོག་འཛིང་ཆེ་བས། ཁ་ཚ་དགོས་གཏུག་གི་བྱ་བ་ནི་ནར་འགྱངས་མི་བྱེད་པ་དང་རང་འགུལ་ངང་གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར་བྱེད་པའི་བྱ་བ་ལེགས་པར་བསྒྲུབ་སྟེ། གཅིག་ནས་རྒྱལ་ཁབ་ནུས་ཁུངས་ཅུའུ་ལ་བྱ་བ་ཡར་ཞུ་བྱས་ནས། གནས་ཚུལ་དངོས་དང་ཁྱད་པར་དུ་གཙོ་གནད་དང་དཀའ་གནད་ཆེ་བའི་གནད་དོན་བརྗོད་དེ། རྒྱལ་ཁབ་གློག་གཏོང་དང་རྒྱལ་ཁབ་གློག་དྲ་སོགས་ཁེ་ལས་དང་འབྲེལ་མཐུད་བྱེད་ཤུགས་ཆེར་གཏོང་བ་དང་། ཕྱོགས་སོ་སོས་རྒྱབ་སྐྱོར་དང་རོགས་རམ་བྱེད་པར་བརྩོན་ལེན་བྱས་ནས་གློག་ཁུངས་རྩ་འཛུགས་ཀྱི་ཇུས་གཞི་མགྱོགས་མྱུར་ངང་མཆན་འགོད་དང་གློག་འདྲེན་སྐུད་ལམ་གྱི་ཞིབ་ཕྲའི་བྱ་བ་གསལ་པོར་འགོད་དགོས། གཉིས་ནས་ལས་གཞི་དེའི་རྟེན་གཞིའི་གཞི་ཁྱོན་ཆེ་བ་དང་གློག་དྲའི་འཛུགས་སྐྲུན་གྱི་རིང་ཚད་སོགས་དོན་དངོས་ལ་གཞིགས་ནས་དུས་མགོའི་ལས་དོན་ཁག་ལེགས་པོར་བསྒྲུབ་རྒྱུ་དང་། སྔ་མོ་ནས་དྲ་བཀོལ་བ་དང་གློག་རིན་སོགས་ཀྱི་མ་རྩ་ཞིབ་རྩིས་བྱེད་པའི་བྱ་བ་རྩ་འཛུགས་བྱས་ནས། ས་གནས་གཉིས་ཀྱི་གཅིག་གྱུར་བསམ་འཆར་དང་ཐུན་མོང་གི་ངོས་འཛིན་ཆགས་པར་སྐུལ་འདེད་གཏོང་དགོས། དུས་མཚུངས་སུ་འབྲེལ་ཡོད་སྡེ་ཁག་དང་ཁེ་ལས་རྩ་འཛུགས་བྱས་ནས་ཞིན་ཅང་དང་ནང་སོག་ཏུ་ནུས་ཁུངས་གསར་པའི་ལས་གཞི་ལག་བསྟར་དང་། འོད་ནུས་བྱེ་བཅོས་སོགས་ཐད་ཀྱི་བྱེད་ཐབས་དང་ཉམས་མྱོང་སློབ་སྦྱོང་བྱས་ཏེ་རང་ཁུལ་གྱི་མྱ་ངམ་ཐང་གི་རྟེན་གཞི་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས་ཞེས་ནན་གྱིས་བསྟན།
རང་ཁུལ་གྱི་མགོ་ཁྲིད་ཀྲང་ཅི་ཙུང་ཐེངས་འདིའི་བྱ་འགུལ་ཁྲོད་ཞུགས་ཡོད་པ་རེད།

འབྲེལ་ཡོད་འོས་སྦྱོར།