ལིས་ཀང་དང་ཀརྨ་ཕུན་ཚོགས་འཁོར་དང་བཅས་པ་ཧའེ་ཁོའུ་གྲོང་ཁྱེར་རུ་རྟོག་ཞིབ་ཏུ་ཕྱིན་པ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།
དུས་ཚོད།:2025-04-17
ཀློག་གྲངས།:
ཉེ་སྔོན། མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས་ཀྱིས་རང་ཁུལ་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་ཁྲིད་དེ་ཧའེ་ཁོའུ་རུ་རྟོག་ཞིབ་ཏུ་ཕྱིན་ནས། འཐབ་ཇུས་མཉམ་འབྲེལ་སྒྲོམ་གཞིའི་གྲོས་མཐུན་ཡི་གེར་མིང་རྟགས་བཀོད་པ་དང་། ཧའེ་ནན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཧའེ་ཁོའུ་གྲོང་ཁྱེར་གྱི་ཧྲུའུ་ཅི་ཧྥན་ཧྲའོ་ཅུན་བཞུགས་མོལ་ཚོགས་འདུར་ཞུགས་ནས་གཏམ་བཤད་གནང་། ཧའེ་ཁོའུ་གྲོང་ཁྱེར་གྱི་ཧྲུའུ་ཅི་གཞོན་པའམ་གྲོང་ཁྱེར་གྱི་མགོ་གཙོ་ཏིང་ཧའེ་འབྲེལ་ཡོད་ཀྱི་བྱ་འགུལ་ནང་ཞུགས།

ཧྥན་ཧྲའོ་ཅུན་གྱིས་ཧའེ་ཁོའུ་གྲོང་ཁྱེར་གྱི་ཏང་ཨུ་དང་སྲིད་གཞུང་གི་ཚབ་བྱས་ཏེ་མཚོ་ལྷོ་ཁུལ་ཏང་སྲིད་འཐུས་ཚབ་ཚོགས་པར་དགའ་བསུ་ཞུས་པ་དང་། ཁོང་གིས་མཚོ་ལྷོའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རང་མོས་ཉོ་འཚོང་གྲུ་ཁ་འཛུགས་སྐྲུན་བྱ་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངོས་སུ་འཆར་འགོད་དང་བཀོད་སྒྲིག སྐུལ་སྤེལ་བཏང་བའི་བཅོས་སྒྱུར་སྒོ་འབྱེད་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། མིག་སྔར་ཧའེ་ཁོའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་ལྷོའི་བྱ་བའི་སྐོར་ལ་བཏོན་པའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་རབ་དང་རིམ་པར་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་བཞིན་ཡོད།

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་གྱིས་མཚོ་ལྷོའི་རང་མོས་ཉོ་འཚོང་གྲུ་ཁའི་ལྟེ་བའི་སྣེ་ཁྲིད་ཁུལ་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱས་ཏེ། སྟོབས་ཤུགས་གཅིག་སྒྲིལ་གྱིས་རང་དབང་དང་། སྟབས་བདེ། སྒོ་འབྱེད་ཀྱི་གྲོང་ཁྱེར་དང་། ཐོན་ལས་དང་གྲོང་ཁྱེར་མཉམ་འདྲེས་གསར་གཏོད་ཀྱི་གྲོང་ཁྱེར། དར་སྲོལ་འཛད་སྤྱོད་ཀྱི་གསོན་ཤུགས་ལྡན་པའི་གྲོང་ཁྱེར། ཐཱན་ཉུང་ལྗང་མདོག་སྐྱེ་ཁམས་ཀྱི་གྲོང་ཁྱེར། གཏན་དུ་བདེ་སྐྱིད་ལྡན་པའི་གྲོང་ཁྱེར། ཡིད་དབང་འཕྲོག་པའི་གླིང་ཕྲན་གྱི་མི་ཆོས་གྲོང་ཁྱེར་བཅས་འཛུགས་སྐྲུན་བྱ་རྒྱུ་ཡིན་པས། གོ་སྐབས་དམ་འཛིན་དང་ཁྱབ་ཁོངས་སོ་སོའི་དོན་དངོས་མཉམ་དུ་གཉེར་བར་ཤུགས་བརྒྱབ་སྟེ། ཐོན་ལས་འཕེལ་རྒྱས་ཀྱི་བཟང་ཆ་ཕན་ཚུན་གསབ་རེས་དང་། རིག་གནས་ཡུལ་སྐོར་མཉམ་འདྲེས་བྱེད་པར་ཤུགས་འདོན་པ། ལྗང་མདོག་སྐྱེ་ཁམས་སྲུང་སྐྱོང་གི་ཁོར་ཡུག་བསྐྲུན་པ་དང་། རྒྱུན་ལྡན་ཅན་གྱི་མཉམ་འབྲེལ་ལམ་སྲོལ་བཙུགས་ནས་ཕྱོགས་གཉིས་ཀྱིས་ཕན་ཚུན་ལག་གདང་སྦྲེལ་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་འདོན་དགོས་ཞེས་བཤད།

འབྲེལ་ཡོད་འོས་སྦྱོར།