ལིས་ཀང་དང་ཀརྨ་ཕུན་ཚོགས་ཀྱིས་མཚོ་སྔོན་པོར་རྟོག་ཞིབ་གནང་བ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།
དུས་ཚོད།:2025-08-15
ཀློག་གྲངས།:
ལིས་ཀང་དང་ཀརྨ་ཕུན་ཚོགས་ཀྱིས་མཚོ་སྔོན་པོའི་ལྷོ་རྒྱུད་དུ་རྟོག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་མཚོ་སྔོན་པོའི་ལྷོ་རྒྱུད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
ཟླ8པའི་ཚེས12ཉིན། མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས་གཉིས་གུང་ཧོ་རྫོང་རིག་སྨོན་གྲོང་རྡལ། ཅང་སི། རྟ་ནག་མ། སྤྲེལ་ནག་གྲོང་རྡལ་བཅས་སུ་སོང་ནས། མཚོ་སྔོན་པོའི་ལྷོ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་ཡུལ་སྐོར་ཞབས་ཞུའི་འགན་སྲུང་། མཚོ་སྔོན་པོའི་ཆུའི་བསྣུབས་ཁུལ་གྱི་རོང་འབྲོག་མང་ཚོགས་གནས་སྤོར་གྱི་བཀོད་སྒྲིག་བྱ་བ་བཅས་ལ་རྟོག་ཞིབ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་སློབ་སྦྱོང་དང་ལག་བསྟར། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་དང་ཁུལ་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་དགོངས་དོན་དོན་འཁྱོལ་བྱས་ཏེ། ཆབ་སྲིད་ཀྱི་སྟེང་ནས་བསམ་བློ་གཏོང་བ་དང་དཀའ་གནད་ནས་མགོ་འཛུགས་པ། སྤྱོད་ཚུལ་གྱི་སྟེང་ནས་སྟོབས་ཤུགས་འབུལ་བ་བཅས་ལ་བརྟེན། མཚོ་སྔོན་པོར་སྲུང་སྐྱོང་བྱེད་པར་འབད་པ་ལྷོད་མེད་བྱེད་པ་དང་མཚོ་སྔོན་པོའི་ལྷོ་རྒྱུད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན། ལིས་ཀང་དང་ཀརྨ་ཕུན་ཚོགས་རིག་སྨོན་སོགས་གྲོང་རྡལ་བཞིའི་བཙོག་ཆུ་གཙང་སེལ་བཟོ་གྲྭ་དང་མཚོ་ཤར་ལུག་རྒྱུད་ར་བའི་བཙོག་ཆུ་གཙང་སེལ་བཟོ་གྲྭ རྟ་ནག་མ་གྲོང་རྡལ་གྱི་འཚོ་བའི་གད་སྙིགས་སྦས་ས། རིག་སྨོན་ཆུའི་བཞུར་རྒྱུན་གྱི་སྦགས་བཙོག་འགོག་བཅོས་དང་སྐྱེ་ཁམས་སླར་གསོ་བྱེད་བཞིན་པའི་ཡུལ་དངོས་བཅས་སུ་སོང་ནས་བཙོག་ཆུ་གཙང་བཟོ། གད་སྙིགས་དབོར་འདྲེན་དང་མེད་པར་བཟོ་བའི་བརྒྱུད་རིམ་དང་བྱེད་ནུས། དམིགས་ཚད་སོ་སོའི་ལྟ་ཞིབ་ཚད་ལེན་གྱི་གནས་ཚུལ་ལ་ཞིབ་འདྲི་བྱས་ཏེ། མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་ནི་རྒྱལ་ཁྱབ་ཀྱི་དོན་ཆེན་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་དམིགས་སའི་མཚོ་སྔོན་པོའི་དཔེ་སྟོན་ཁུལ་གསར་འཛུགས་བྱེད་པའི་ནང་གསེས་གལ་ཆེན་ཞིག་ཡིན་ལ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པའི་འཐབ་ཇུས་ལག་བསྟར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན།

མཚོ་སྔོན་པོའི་ལྷོ་རྒྱུད་ཀྱི་བཙོག་ཆུ་དང་དབྱར་ཁར་གད་སྙིགས་མང་བ་དགུན་ཁར་ཉུང་བ། མཚོ་སྔོན་པའི་ཆུའི་བསྣུབས་ཁུལ་གྱི་རོང་འབྲོག་མང་ཚོགས་གནས་སྤོར་གྱི་བཀོད་སྒྲིག་བྱ་བ་བཅས་ཀྱི་གནས་ཚུལ་ལ་དམིགས་ཏེ། བཙོག་ཆུ་གཙང་བཟོ་དང་འཚོ་བའི་གད་སྙིགས་སྦས་སའི་སྒྲིག་བཀོད་འོས་འཚམ་གྱིས་བཀོད་སྒྲིག་བྱེད་པ། གང་ལ་དེ་འཚམ་གྱི་བྱེད་ཐབས་སྣ་མང་སྤྱད་དེ་མཁར་གྲོང་གི་ཚོང་གཉེར་ཁྱིམ་ཚང་དང་སྡོད་དམངས། ཁེ་ལས་དང་ལས་དོན་སྡེ་ཁག ཡུལ་སྐོར་མཛེས་ལྗོངས་ཁུལ་སོགས་ཀྱི་བཙོག་ཆུ་གཙང་བཟོ་དང་གད་སྙིགས་ལ་བདག་སྐྱོང་བཟང་བོ་དང་ཚད་ལྡན་གྱིས་ཐག་གཅོད་བྱེད་དགོས། ཆུ་བོ་དང་མཚེའུ་སོགས་ལ་སྦགས་བཙོག་བཟོ་བའི་གནད་དོན་མི་འབྱུང་བར་ཁག་ཐེག་ནན་མོ་དང་། རྒྱུན་ལྡན་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་བརྒྱབ་ནས་བཙོག་ཆུ་དང་གད་སྙིགས་གཙང་བཟོ་བྱེད་པའི་བརྒྱུད་རིམ་ཁྲོད་གནས་པའི་ཞན་ཆར་དབྱེ་ཞིབ་དང་ཞིབ་འཇུག་བྱས་ཏེ། ཐག་གཅོད་ཀྱི་བྱེད་ཐབས་བཟང་བོ་སྤྱོད་པ། ཚད་ལྡན་ཅན་དང་ཚན་རིག་དང་མཐུན་པའི་སྒོ་ནས་ཐག་གཅོད་བྱེད་པ། བཙོག་ཆུ་གཙང་བཟོའི་ལག་རྩལ་ཚད་ལྡན་དུ་གཏོང་བ་དང་ཆུའི་བཞུར་རྒྱུན་དང་རྒྱུ་སྤུས་ལ་ལྟ་ཞིབ་ཚད་ལེན་ནན་མོ་བྱས་ཏེ། ཆུ་མགོའི་བཙོག་ཆུ་གཙང་དག་དང་བརྒྱུད་རིམ་ལ་ཚོད་འཛིན། ཆུ་རྔར་གཙང་སེལ་བྱེད་པ་བཅས་ལ་ཤུགས་བཏོན་ནས། བཙོག་ཆུ་ཚད་ལྡན་གྱིས་ཕྱིར་འབུད་བྱེད་པར་ཁག་ཐེག་བྱ་དགོས་ཞེས་བསྟན། ལིས་ཀང་དང་ཀརྨ་ཕུན་ཚོགས་གཉིས་ཀྱིས་རིག་སྨོན་དང་རྟ་ནག་མ་གྲོང་རྡལ་གྱི་རོང་འབྲོག་པའི་གནས་སྤོར་བཀོད་སྒྲིག་བྱེད་སར་ལས་གཞིའི་འཕེལ་རིམ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་ཤིང་། མཚོ་སྔོན་པོའི་ས་བབ་མཐོ་བ་དང་གནམ་གཤིས་འཁྱག་པ། ཨར་ལས་ཀྱི་དུས་ཚིགས་ཐུང་བས་གནས་སྤོར་བཀོད་སྒྲིག་བྱ་བར་ཚད་མཐོའི་མཐོང་ཆེན་དང་ཆེད་སྦྱོང་འཛིན་གྲྭའི་ནུས་པ་འདོན་སྤེལ་བྱས་ནས། མྱུར་ཚད་མགྱོགས་པ་དང་ལས་ཡུན་ཐུང་བ།སྤུས་ཚད་དམ་འཛིན་བཅས་བྱས་ནས་ལོ་གཅིག་གི་འཛུགས་སྐྲུན་དམིགས་ཚད་ལས་འགན་ལེགས་འགྲུབ་བྱ་དགོས།

གཞི་རིམ་ཏང་ཡོན་དང་མང་ཚོགས་ཀྱི་འཐུས་མི་རྩ་འཛུགས་བྱས་ཏེ་གནས་སྤོར་བཀོད་སྒྲིག་གི་ཨར་ལས་བྱ་ཡུལ་དང་བཟོ་ལྟའི་ཁང་པ་ཡོད་སར་སོང་ནས། སྡོད་གནས་གསར་པའི་ཁོར་ཡུག་ལ་རྒྱུས་ལོན་བྱེད་དུ་འཇུག་པ་དང་། གནས་སྤོར་བཀོད་སྒྲིག་ལས་བྱུང་བའི་དཔལ་འབྱོར་དང་སྐྱེ་ཁམས། དམངས་ཚིས་བཅས་ཀྱི་ཕན་འབྲས་གསལ་བོར་བརྗོད་ནས། རྒྱ་ཆེའི་མང་ཚོགས་ཀྱིས་གོ་བ་ལོན་པ་དང་རྒྱབ་སྐྱོར་ཐོབ་དགོས། མཚོ་སྔོན་པོའི་ཡུལ་སྐོར་གཞུང་ལམ་གྱི་རླངས་འཁོར་འཇོག་སའི་ལམ་བར་ཚོང་གཉེར་བྱེད་པ་དང་གུར་ཕུབ་ནས་ཟ་མ་ཟ་བ། པར་རྒྱག་པ་སོགས་ཁོར་ཡུག་སྦགས་བཙོག་སོགས་ཀྱི་སྣང་ཚུལ་སྣ་ཚོགས་ལ་གཅིག་བསྡུས་བཅོས་སྐྱོང་བྱས་ཏེ། ཆེད་བསྐོས་མི་སྣ་བཀོད་སྒྲིག་བྱས་ནས་ཡུལ་སྐོར་བར་སྣེ་ཁྲིད་དང་རླངས་འཁོར་ཤར་གཏོང་ཐུབ་པར་ཁག་ཐེག་བྱས་ནས། གོ་རིམ་ལྡན་པ་དང་གཙང་མ་ཡིན་པ།བདེ་འཇགས་བཅས་ཀྱི་ཡུལ་སྐོར་ཁོར་ཡུག་ཅིག་བསྐྲུན་དགོས་ཞེས་བླང་བྱ་ནན་མོ་བཏོན། རྟོག་ཞིབ་སྐབས་སུ། ལིས་ཀང་དང་ཀརྨ་ཕུན་ཚོགས་གཉིས་ཀྱིས་མཚོ་སྔོན་པོའི་ཡུལ་སྐོར་ཞབས་ཞུའི་འགན་སྲུང་བྱ་བར་ཤུགས་སྣོན་པའི་ཐད་མཚོ་སྔོན་པའི་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུའུ་ཡི་ཅུའུ་ཀྲང་ཀྲང་ཧྥེང་དང་བསམ་བློ་བརྗེ་རེས་བྱས།
ཀྲང་ཅི་ཙུང་དང་དགེ་འདུན་རྒྱལ། ཀུན་འགྲུབ་ཚེ་རིང་རྟོག་ཞིབ་ཁྲོད་ཞུགས།
ཀྲང་ཅི་ཙུང་དང་དགེ་འདུན་རྒྱལ། ཀུན་འགྲུབ་ཚེ་རིང་རྟོག་ཞིབ་ཁྲོད་ཞུགས།
འབྲེལ་ཡོད་འོས་སྦྱོར།