ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཉིས་པ་འཚོགས།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།
དུས་ཚོད།:2025-12-22
ཀློག་གྲངས།:
ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཉིས་པ་འཚོགས།
ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་གྲོས་ཚོགས་ལ་མགོ་འཛིན་བྱས།
ལིས་ཀང་གིས་གསལ་བཤད་བྱས་པ་མ་ཟད་གཏམ་བཤད་གནང་།
ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུར་ཉན་པ་དང་གྲོས་བསྡུར་བྱས།
«ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་གཏན་འབེབས་བྱེད་པའི་སྐོར་གྱི་གྲོས་གཞིར»གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།
ཟླ12པའི་ཚེས16ཉིན། ཀྲུང་གོ་གུང་ཁྲན་ཏང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཉིས་པ་འཚོགས་ཤིང་། ཚང་འཛོམས་གྲོས་ཚོགས་ལས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་བཏོན་པའི་བླང་བྱ་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ནས། ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་གིས་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ཁང་གི་མངགས་བཅོལ་ལྟར་ཕུལ་བའི་བྱ་བའི་སྙན་ཞུར་ཉན་པ་དང་གྲོས་བསྡུར་བྱས་ཤིང་། «ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་གཏན་འབེབས་བྱེད་པའི་སྐོར་གྱི་གྲོས་གཞིར»གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། སྔར་ལས་ལྷག་པའི་སྒོ་ནས་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་མངགས་བཅོལ་ཡིད་ལ་དམ་པོར་འཛིན་པ་དང་དྲིན་ཚོར་ཡར་སྐུལ། ཡིད་ཆེས་བརྟན་པོ། དངོས་སྒྲུབ་བརྩོན་ལེན་བཅས་བྱས་ནས་ཧུར་ཐག་སྒོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོ་གསར་པ་འཛུགས་སྐྲུན་བྱེད་དགོས་པའི་འབོད་སྐུལ་བཏང་།ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་གྲོས་ཚོགས་ལ་མགོ་འཛིན་བྱས།
ལིས་ཀང་གིས་གསལ་བཤད་བྱས་པ་མ་ཟད་གཏམ་བཤད་གནང་།
ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུར་ཉན་པ་དང་གྲོས་བསྡུར་བྱས།
«ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་གཏན་འབེབས་བྱེད་པའི་སྐོར་གྱི་གྲོས་གཞིར»གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།
ཚང་འཛོམས་གྲོས་ཚོགས་ལ་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མགོ་འཛིན་བྱས། ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་གིས«གྲོས་གཞིའི(གྲོས་བསྡུར་མ་ཟིན)»ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་གནང་བ་མ་ཟད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་དམ་འཛིན་བྱེད་པ། མིག་སྔར་དང་སླད་ཕྱིན་གྱི་དུས་སྐབས་ཤིག་གི་ལས་དོན་ལེགས་པོར་བསྒྲུབ་པ་བཅས་ལ་དམིགས་ནས་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཀྲུང་དབྱི་དང་ཏའེ་མེན་ཅའེ། ཁུལ་ཨུའི་རྒྱུན་ཨུ་ཀྲང་ཅི་ཙུང་དང་། ལིའུ་ཡན། དགེ་འདུན་རྒྱལ། ཀྲེན་ཕིན་ཞན། ཀྲང་ཏི་ཞན། ལི་ཝུའེ་བཅས་གྲོས་ཚོགས་ལ་ཞུགས།
ཚང་འཛོམས་གྲོས་ཚོགས་ལས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནི་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་དམིགས་འབེན་དང་ལས་འགན་གཙོ་བོ་རྒྱལ་ཁའི་ངང་ལེགས་འགྲུབ་འབྱུང་ལ་ཉེ་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཐོག་མངོན་འགྱུར་བྱེད་པའི་རྨང་གཞི་སྲ་བརྟན་དུ་གཏོང་བ། ཕྱོགས་ཡོངས་ནས་ཤུགས་འདོན་པའི་གནད་འགག་གི་དུས་སྐབས་སུ་བསྡུས་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན་ལ། ཚང་འཛོམས་གྲོས་ཚོགས་སྟེང་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི«ཀྲུང་གུང་ཀྲུང་དབྱང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་གཏན་འབེབས་བྱེད་པའི་སྐོར་གྱི་གྲོས་གཞི»དང་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་མ་འོངས་པའི་ལོ་ལྔའི་རིང་གི་འཕེལ་རྒྱས་ཐད་རྩེ་རིམ་ཇུས་འགོད་དང་འཐབ་ཇུས་འཆར་འགོད་བཟོས་ཏེ། ང་ཚོས་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་དུས་སྐབས་ཀྱི་ལས་དོན་ཁག་ལེགས་པོར་བསྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བོ་བསྟན་པ་དང་གཞི་རྩའི་རྩ་དོན་འདོན་སྤྲོད་བྱས་ཡོད་ལ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པས་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་སྟོབས་ཤུགས་འདོན་པའི་འགག་རྩའི་དུས་སྐབས་ལ་གཞི་ཚུགས་པར་བྱས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་བཏོན་པའི་བླང་བྱ་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ཏེ། «ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་གཏན་འབེབས་བྱེད་པའི་སྐོར་གྱི་གྲོས་གཞི»ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། ཚན་རིག་དང་མཐུན་པའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་དུས་སྐབས་འཕེལ་རྒྱས་ཀྱི་མཛུབ་ཁྲིད་བསམ་བློ་དང་རྩ་དོན་གལ་ཆེན། དམིགས་འབེན་གཙོ་བོ། འཐབ་ཇུས་ལས་འགན་བཅས་བཏོན་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་ཁ་ཕྱོགས་གསལ་བོ་བསྟན་ཡོད། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དེ་མིག་སྔར་དང་སླད་ཕྱིན་དུས་སྐབས་ཤིག་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། ཚད་གཞིར་ཞིབ་བསྡུར་བྱེད་པ་དང་ཤེས་བྱ་ཁོང་དུ་ཆུད་པར་བྱེད་པ། གཞུང་ལུགས་དང་ལག་ལེན་གཅིག་གྱུར་ཡོང་བར་བྱས་ཏེ། ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་འབད་བརྩོན་གྱི་ལམ་དུ་བརྟན་བརླིང་སྒོས་བསྐྱོད་དེ། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་དག་མཚོ་ལྷོ་ཁུལ་དུ་གཞི་ཚུགས་པ་དང་འབྲས་བུ་ཐོན་པར་འགན་ལེན་དང་ཁག་ཐེག་བྱ་དགོས་པར་འདོད།
ཚང་འཛོམས་གྲོས་ཚོགས་ལས2025ལོའི་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་ལ་ཁས་ལེན་གང་ལེགས་བྱས་ཤིང་། ཚང་མས་གཅིག་མཐུན་གྱིས་བལྟས་ན་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་པ་དང་བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། མཐུན་སྒྲིལ་སྒོས་ཁུལ་ཡོངས་ཀྱི་གོང་འོག་ཚང་མའི་སྣེ་ཁྲིད་དེ་དཀའ་ངལ་ཁྱད་བསད་དང་བཅོས་བསྒྱུར་གསར་གཏོད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། རྒྱལ་ཁབ་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བའི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ། ཁྲིམས་ལྟར་ཆོས་ལུགས་ལས་དོན་དང་ཁྱད་པར་དུ་ཆོས་ལུགས་བྱེད་སྒོ་སྤེལ་སར་དོ་དམ་བྱེད་པར་ཤུགས་སྣོན་དང་། ཞིང་ཆེན་ཏང་ཨུས་མཚོ་ལྷོར་གནང་བའི་སྔོན་ཐོན་བརྩོན་ལེན་ལྔ་ཡི་དམིགས་འབེན་ལ་གཞིགས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས། དམངས་ཚིས་བདེ་སྐྱིད་ལ་འགན་སྲུང་། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་བརླིང་། ཕྱོགས་ཡོངས་ནས་ཏང་ནན་མོར་སྐྱོང་བ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ལས་དོན་བཅས་ལ་གཅིག་གྱུར་སྐུལ་འདེད་བཏང་ནས་གྲུབ་འབྲས་གསར་པ་ཐོབ་ཅིང་། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་དམིགས་འབེན་གཙོ་བོ་བདེ་བླག་ངང་འགྲུབ་གྲབས་ཡོད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོ་གསར་པ་འཛུགས་སྐྲུན་བྱེད་པར་གོམ་སྟབས་བརྟན་པོ་སྤོས་ཡོད་པར་འདོད། ཚང་འཛོམས་གྲོས་ཚོགས་ཀྱིས་ལོ་ལྔའི་འཆར་བཅུ་བཞི་པའི་སྐབས་སུ་མཚོ་ལྷོ་ཁུལ་གྱི་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་གལ་ཆེན་ལ་གདེང་འཇོག་ཆེན་པོ་བྱས་པ་དང་། ཚང་མས་གཅིག་མཐུན་གྱིས་དཀའ་ཚེགས་ཆེ་ཞིང་ལས་འགན་ལྕི་བའི་བཅོས་བསྒྱུར་འཕེལ་རྒྱས་དང་བརྟན་བརླིང་བཅས་ཀྱི་ལས་འགན་གྱི་མདུན་དུ། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ཟབ་མོ་བྱེད་པ་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་སྒོ་ཀུན་ནས་ལག་བསྟར་བྱས་ཏེ། འཕེལ་རྒྱས་ཡོད་ཚད་ལ་སྐྱེ་ཁམས་སྲུང་སྐྱོང་དང་ལྗང་མདོག་འཕེལ་རྒྱས་མངོན་འགྱུར་བྱེད་པའི་དོན་སྙིང་ལྡན་ལ། འཕེལ་རྒྱས་ཡོད་ཚད་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་དོན་སྙིང་ལྡན་པ་རྒྱུན་འཁྱོངས་བྱས་ཏེ། རིམས་ནད་ཀྱི་ཤུགས་རྐྱེན་དང་དཔལ་འབྱོར་མར་ཆག་པ་སོགས་འགྲན་སློང་མང་པོ་ཐེག་ཐུབ་པར་བྱས་ནས། ཏན་ཏིག་སྒོས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྤུས་འདེགས་ནུས་མཐོ་ཡོང་ཡོད་པ་དང་། བཅོས་བསྒྱུར་སྒོ་འབྱེད་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་བཏང་བ། དམངས་ཚིས་བདེ་སྐྱིད་ཇེ་་ལེགས་སུ་ཕྱིན་པ། མི་རིགས་མཐུན་སྒྲིལ་སྒོ་ཀུན་ནས་ཡར་ཐོན་འབྱུང་ཞིང་། གཏན་འཇགས་འཆམ་མཐུན་གྱི་གནས་བབ་ཆེན་པོ་བསྟུད་མར་སྲ་བརྟན་དུ་བཏང་བ་དང་རིག་གནས་འཛུགས་སྐྲུན་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ལ། ཏང་ཕྱོགས་ཡོངས་ནས་གཟབ་ནན་གྱིས་སྐྱོང་བར་སྐུལ་སྤེལ་གཏོང་བ་བཅས་ལས་ཁུལ་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཡར་རྒྱས་བྱུང་ཞིང་། ཚད་གསར་པར་སླེབས་ནས་དེང་རབས་ཅན་གྱི་མཚོ་ལྷོ་གསར་པ་འཛུགས་སྐྲུན་ལ་རྣམ་པ་གསར་པ་བསྐྲུན་ཡོད་པར་བསམས། གྲུབ་འབྲས་གལ་ཆེན་འདི་དག་ཐོབ་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་ཡིན་པས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་འབྲེལ་བ་དམ་པོ་ཡོད་ལ། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་མགོ་ཁྲིད་བརྟན་པོ་དང་ཡང་འབྲེལ་བ་ཡོད་ཅིང་། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་དང་ཁ་འབྲལ་ཐབས་མེད་ཅེས་བསྟན།
ཚང་འཛོམས་གྲོས་ཚོགས་ལས་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་དུས་སྐབས་སུ་མཚོ་ལྷོ་ཁུལ་ནི་འཕེལ་རྒྱས་ཀྱི་འགག་སྒྲོལ་དུས་རིམ་དང་། སྒུལ་ནུས་གསར་པ་མགྱོགས་མྱུར་ངང་སྐྱེད་སྲིང་བྱེད་པའི་དུས་སྐབས། གྲོང་ཁྱེར་དང་གྲོང་བརྡལ་ཅན་དུ་འགྱུར་བའི་མྱུར་ཚད་ཇེ་མགྱོགས་སུ་འགྲོ་བ། མི་རིགས་མཐུན་སྒྲིལ་གྱི་རྨང་རྡོ་ཇེ་བརྟན་དུ་གཏོང་བ་བཅས་ཀྱི་དུས་ལ་འཁེལ་ཡོད་ཕྱིར། ཁུལ་གྱི་གནས་ཚུལ་དངོས་དང་། ཐོན་ཁུངས་ཀྱི་དགེ་མཚན། ཁྱད་ལྡན་དགེ་མཚན་བཅས་ལ་རྐང་ཚུགས་པར་བྱས་ཏེ། གོ་སྐབས་གསར་པ་དང་འགྲན་སློང་གསར་པ་ཁོང་དུ་ཆུད་པར་བྱས་ནས། རང་འགུལ་ངང་ཞིང་ཆེན་ཡོངས་དང་ཐ་ན་རྒྱལ་ཡོངས་ཀྱི་གནས་བབ་ཆེན་པོའི་ནང་འདྲེས་པར་བྱེད་པར་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་ཀྱི་གནས་བབ་བཟང་པོ་དེ་ལྗང་མདོག་ཅན་ནས་ལྗང་མདོག་འཕེལ་རྒྱས་སུ་འགྱུར་བར་བྱེད་པ། ས་ཁོངས་འཕེལ་རྒྱས་གཏོང་རྒྱུ་དེ་ཆ་ཤས་ནས་ས་ཁོངས་ཧྲིལ་པོར་མཐུན་སྦྱོར་ལེགས་འགྱུར་དང་། མི་དམངས་ཀྱི་འཚོ་བ་སྒོ་ཀུན་ནས་འབྱོར་འབྲིང་གི་ཕྱོགས་ནས་ཐུན་མོང་ཐོག་ཕྱུག་པོར་འགྱུར་བ་དང་འཚོ་བའི་སྤུས་ཚད་སྔར་ལས་ཇེ་མཐོར་འགྲོ་བར་སྐུལ་འདེད་གཏོང་བ། དེང་རབས་ཅན་དུ་འགྱུར་བའི་མཚོ་ལྷོ་གསར་པའི་འཐབ་ཇུས་ཀྱི་ལས་འགན་ཁག་ལ་འགག་སྒྲོལ་ཆེན་པོ་བྱུང་ནས། ཞིང་ཆེན་ཡོངས་དང་རྒྱལ་ཡོངས་དང་ལྷན་དུ་གཞི་རྩའི་ཆ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བར་རྨང་གཞི་སྔར་ལས་བརྟན་པོ་བཏིངས་ཡོད་ཅེས་བསྟན། ཚང་འཛོམས་གྲོས་ཚོགས་ལས་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་དུས་སྐབས་ཀྱི་མཚོ་ལྷོའི་སྤྱི་ཚོགས་དཔལ་འབྱོར་གོང་དུ་སྤེལ་བའི་སྤྱིའི་བླང་བྱ་གསལ་བོར་བསྟན་ཡོད་དེ། མར་ཁེ་སི་ལའེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་རྒྱུན་འཁྱོངས་བྱས་ཏེ། ཁྱོན་ཡོངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ལག་བསྟར་ཟབ་མོ་བྱ་དགོས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་གལ་ཆེའི་མཛུབ་སྟོན་གྱི་དགོངས་དོན་ནན་ཏན་གྱིས་ལག་བསྟར་དོན་འཁྱོལ་བྱས་ཏེ། འཕེལ་རྒྱས་གསར་པའི་འདུ་ཤེས་ཡང་དག་པའི་སྒོ་ནས་ལག་བསྟར་བྱེད་པ་དང་དཔལ་འབྱོར་འཛུགས་སྐྲུན་ནི་ལྟེ་བ་ཡིན་པ་རྒྱུན་འཁྱོངས་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དེ་བརྗོད་བྱ་གཙོ་བོར་འཛིན་པ་དང་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ། ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པ་ཁ་ཕྱོགས་གཙོ་བོར་འཛིན་པ། རྒྱལ་ཁབ་རྒྱུན་མཐུད་ངང་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་གྱིས་སྣེ་ཁྲིད་བྱེད་པ་དང་། བཅོས་བསྒྱུར་དང་གསར་གཏོད་བྱ་རྒྱུ་དེ་རྩ་བའི་སྒུལ་ཤུགས་སུ་འཛིན་པ། མི་རིགས་ཁག་གི་མི་དམངས་ཀྱི་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བའི་བདེ་སྐྱིད་འཚོ་བའི་དགོས་མཁོ་བསྐང་རྒྱུ་དེ་གཞི་རྩའི་དམིགས་ཡུལ་དུ་འཛིན་པ་དང་། ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་དེ་རྩ་བའི་འགན་སྲུང་དུ་བརྩིས་ཏེ། ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་གནས་ཐིག་དང་སྔར་ལས་གཙོ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་ལ་རྐང་ཚུགས་པར་བྱས་ནས། རྒྱུན་འཁྱོངས་གསུམ་གྱི་བླང་བྱ་གལ་ཆེན་སྒོ་ཀུན་ནས་ལག་བསྟར་དང་སྐྱེ་ཁམས་ལ་བརྟེན་ནས་ཁུལ་སྐྱོང་བ་དང་ནུས་ཁུངས་གཙང་མའི་སྟོབས་ལྡན་ཁུལ་འཛུགས་པ། ཞིང་ཕྱུགས་ལས་ལ་བརྟེན་ནས་ཁུལ་བརྟན་པོར་གཏོང་བའི་འཐབ་ཇུས་བློ་བརྟན་འགྱུར་མེད་སྒོས་ལག་བསྟར་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས། མི་རིགས་མཐུན་སྒྲིལ་ཡར་ཐོན། དམངས་ཚིས་འགན་སྲུང་དང་ལེགས་བཅོས། ཏང་གི་འཛུགས་སྐྲུན་བཅས་ཀྱི་ཐད་ལ་དཔའ་ངར་ཆེན་པོས་བརྩོན་ལེན་བཅས་བྱ་དགོས་ཤིང་། ཁྱོན་ཡངས་པའི་གུང་ཧོ་གཤོང་སའི་ལྗང་མདོག་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཀྱི་འཕར་གནས་གསར་པ་ཞིག་མགྱོགས་མྱུར་ངང་ཆགས་པར་བྱས་ནས། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་ལྷན་དུ་གཞི་རྩའི་ཆ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱེད་པར་ཐག་གཅོད་རང་བཞིན་གྱི་འཕེལ་རིམ་ཞིག་བརྩོན་ལེན་བྱ་དགོས་ཞེས་གསལ་བོར་བསྟན་ཡོད།
ཚང་འཛོམས་གྲོས་ཚོགས་ལས་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་དུས་སྐབས་སུ་མཚོ་ལྷོའི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་གཏོང་དགོས་ན། ངེས་པར་དུ་ཏང་གི་ཕྱོགས་ཡོངས་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། སྐྱེ་ཁམས་གཙོར་འཛིན་པ།མི་དམངས་བླ་ན་མེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས། ཕྱོགས་ཡོངས་བཅོས་བསྒྱུར་གཏིང་ཟབ་བཅས་རྒྱུན་འཁྱོངས་བྱེད་པ། ནུས་ལྡན་ཁྲོམ་ར་དང་ཕྱོད་ཆེའི་སྲིད་གཞུང་སྔར་ལས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས། གཅིག་གྱུར་འཕེལ་རྒྱས་དང་བདེ་འཇགས་རྒྱུན་འཁྱོངས་བཅས་བྱས་ཏེ། སྲུང་སྐྱོང་དང་འཕེལ་རྒྱས།འཕེལ་རྒྱས་དང་དམངས་ཚིས། རྒྱུན་འཛིན་དང་གསར་སྤེལ། དགེ་མཚན་དང་ཞན་ཆ། འཕེལ་རྒྱས་དང་བདེ་འཇགས་བཅས་བར་གྱི་འབྲེལ་བ་ཡང་དག་གིས་ཐག་གཅོད་བྱ་དགོས་པ་ནན་གྱིས་བསྟན། ཚང་འཛོམས་གྲོས་ཚོགས་ལས་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་དུས་སྐབས་ཀྱི་མཚོ་ལྷོའི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་འབེན་གཙོ་བོ་ནི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་གྲུབ་འབྲས་གསར་པ་མངོན་པར་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་གོམ་སྟབས་གསར་པ་སྤོ་བ།ཚན་རྩལ་གསར་སྤེལ་ཐད་ཐོད་བརྒལ་གསར་པ་ལེན་པ། བཅོས་བསྒྱུར་སྒོ་འབྱེད་ཀྱི་ཆུ་ཚད་མཐོར་འདེགས་གསར་པ་བྱུང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལེའུ་གསར་པ་འབྲི་བ། མི་དམངས་ཀྱི་འཚོ་བའི་སྤུས་ཚད་ཆུ་ཚད་གསར་པར་སླེབས་པ། སྤྱི་ཚོགས་བཅོས་སྐྱོང་ནུས་པའི་ཐད་གྲུབ་འབྲས་གསར་པ་ལེན་པ་བཅས་ཀྱི་རྨང་གཞིའི་སྟེང་ཡང་བསྐྱར་ལོ་ལྔར་འབད་བརྩོན་བྱས་ཏེ། 2035ལོའི་བར་དུ་ཁུལ་ཡོངས་ཀྱི་དཔལ་འབྱོར་དངོས་ཤུགས་དང་ཕྱོགས་བསྡུས་འགྲན་རྩོད་ནུས་པ་ཆེས་ཆེར་བཏང་ནས། མི་རེའི་ཆ་སྙོམས་ཀྱི་ས་ཁུལ་ཐོན་སྐྱེད་བསྡོམས་འབོར་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དུ་སླེབས་པ་དང་། མི་དམངས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པ། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་དུས་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་དགོས་པ་དེ་བསྟན་ཡོད།
ཚང་འཛོམས་གྲོས་ཚོགས་ལས་སྐྱེ་ཁམས་བདེ་འཇགས་ཀྱི་འགོག་སྲུང་བརྟན་པོར་བཏང་སྟེ། སྔར་ལས་ཆུ་ཚད་མཐོ་བའི་སྒོ་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་སའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ཤིང་། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་ཏེ། སྐྱེ་ཁམས་ལ་བརྟེན་ནས་ཁུལ་སྐྱོང་བ་རྒྱུན་འཁྱོངས་བྱེད་པ་དང་། ཐཱན་གཉིས་དམིགས་འབེན་ཁྲིད་སྟོན་དུ་བཟུང་ནས། ས་ཁོངས་ཡོངས་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་རྣམ་པ་ཆགས་པར་བྱས་ཏེ། སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་སླར་གསོ་བྱེད་པའི་ནུས་པ་ཇེ་དྲག་ཏུ་གཏོང་བ། འོད་ནུས་བྱེ་བཅོས་ལྗང་མདོག་བཟོ་སྐྲུན་ལག་བསྟར་བྱས་ཏེ། འབག་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་ལས་ཀ་སྐུལ་འདེད་བྱེད་པ། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ལམ་ལུགས་འཐུས་ཚང་དུ་བཏང་ནས། མཚོ་ལྷོ་ཁུལ་དུ་རྒྱལ་ཁབ་སྐྱེ་ཁམས་ཐོན་རྫས་རིན་ཐང་མངོན་འགྱུར་བྱེད་པའི་སྒྲིག་སྲོལ་གྱི་ཚོད་ལྟའི་ས་ཁུལ་སྐུལ་འདེད་བྱས་ཏེ། ཐཱན་རྩེར་སོན་བརྟན་པོའི་ངང་མངོན་འགྱུར་བྱུང་ནས་ལྗང་མདོག་ཐོན་སྐྱེད་ཀྱི་འཚོ་བའི་རྣམ་པ་ཆགས་པར་བྱེད་པ་དང་། ཐཱན་ཉུང་འཕྲི་དང་འབག་བཙོག་ཇེ་ཉུང་དུ་གཏོང་བ། ལྗང་བསྒྱུར་གྱི་གཞི་རྒྱ་ཆེ་རུ་གཏོང་བ།འཕར་སྣོན་བཅས་མཉམ་དུ་སྐུལ་འདེད་བཏང་ནས། མཚོ་ལྷོའི་ལེའུ་དེ་ཞིང་ཆེན་ཡོངས་སུ་ལྗང་མདོག་གི་རྣམ་པ་ཕྱོགས་ཡོངས་ནས་བསྒྱུར་བའི་གསོན་ཉམས་ལྡན་པའི་མཚོན་བྱེད་ཞིག་ཏུ་འགྱུར་དགོས་པ་བསྟན།
ཚང་འཛོམས་གྲོས་ཚོགས་ལས་ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་བཏང་ནས། མཚོ་ལྷོའི་ཁྱད་ཆོས་དང་དགེ་མཚན་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་པོར་བསྐྲུན་དགོས། རིག་ནུས་ཅན་དང་ལྗང་མདོག་ཅན། མཉམ་འདྲེས་ཅན་གྱི་ཁ་ཕྱོགས་ལ་གཞིགས་ནས། ལྗང་གློག་གཙང་གསུམ་འབྱུང་ཡུལ་ཞེས་པའི་བཟོ་སྐྲུན་མགྱོགས་པོར་ལག་བསྟར་བྱས་ཏེ། མཚོ་ལྷོའི་མྱ་ངམ་ཐང་གི་ནུས་ཁུངས་གསར་པའི་རྟེན་གཞི་འཛུགས་སྐྲུན་བྱེད་པ་དང་། མཚོ་སྔོན་ནས་ཀོང་ཏུང་ཞིང་ཆེན་དུ་གློག་སྐྱེལ་བའི་བགྲོད་ལམ་འཛུགས་སྐྲུན་བྱས་ཏེ་སྤྱོད་མགོ་རྩོམ་དགོས་པ་དང་། ཕྱིར་སྐྱེལ་བགྲོད་ལམ་གསུམ་པ་འཆར་འགོད་བྱས་ཏེ། ས་འོག་ཚ་ནུས་གསར་སྤེལ་དང་བེད་སྤྱོད་བྱེད་པར་སྐུལ་འདེད་བྱེད་དགོས། ལྗང་གློག་ཐད་འབྲེལ་གྱི་རྣམ་པར་སྐུལ་འདེད་བྱས་ཏེ། ལྗང་མདོག་རྩིས་ཤུགས་ལས་གཞི་སྐོར་ཞིག་ནང་འདྲེན་བྱས་ནས་དངོས་འབེབས་ལག་བསྟར་བྱེད་པ་དང་། ནུས་པ་ཡོད་ཚད་བཏོན་ཏེ་རྒྱལ་ཁབ་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་དང་རྩིས་གློག་མཉམ་འདུས་ཀྱི་ཐཱན་ཉུང་ཐོན་ལས་འདུས་སྡོད་ས་ཁུལ་བསྐྲུན་དགོས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་སའི་ས་ཁུལ་གྱི་སྤུས་ཚད་རིམ་སྤར་བྱེད་པ་དང་། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཁུལ་གྱི་གཞི་ཁྱོན་ཆེ་རུ་གཏོང་བ། ཞབས་ཞུའི་ལས་རིགས་སྤུས་ལེགས་ནུས་ལྡན་ངང་འཕེལ་རྒྱས་ཡོང་བ་བཅས་ལ་སྐུལ་འདེད་བཏང་ནས། སྲོལ་རྒྱུན་ཐོན་ལས་དང་ཐོན་ལས་གསར་པ། མ་འོངས་པའི་ཐོན་ལས་བཅས་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ། མཚོ་ལྷོའི་ཁྱད་ཆོས་མངོན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་ཞིག་མགྱོགས་པོར་བསྐྲུན་ནས། ཐོན་ལས་ཀྱི་དགེ་མཚན་གསར་པ་དང་འཕར་སྣོན་གྱི་སྒུལ་ནུས་གསར་པ་གསོ་སྐྱོང་བྱེད་དགོས་པ་བསྟན།
ཚང་འཛོམས་གྲོས་ཚོགས་ལས་གསར་གཏོད་ལ་བརྟེན་ནས་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྒུལ་ཤུགས་ཆེན་པོ་སྩོལ་དགོས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་ཏེ། རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་གཏིང་ཟབ་བྱས་ནས། རྨང་གཞིའི་ཞིབ་འཇུག་དང་ཐོག་མའི་གསར་གཏོད་ནུས་པ་ཇེ་མཐོར་གཏོང་བ་དང་། སློབ་གསོ་དང་ཚན་རྩལ་གྱི་ཤེས་ལྡན་མི་སྣའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མངའ་ཁོངས་གཙོ་བོའི་འགག་སྒྲོལ་དང་གྲུབ་འབྲས་བསྒྱུར་བའི་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་། གཞི་གྲངས་ཅན་གྱི་མཚོ་ལྷོའི་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བྱེད་པ།གསར་སྤེལ་དང་ཐོན་ལས། མ་དངུལ། ཤེས་ལྡན་པ་བཅས་ཀྱི་སྦྲེལ་ཐག་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་བྱས་ཏེ། ཚན་རྩལ་གྱི་དགེ་མཚན་ལ་བརྟེན་ནས་གཙང་བོའི་མགོ་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་བསྟན།
གྲོས་ཚོགས་ལས་ཕྱོགས་ཡོངས་ནས་ཕན་ནུས་ལྡན་པའི་དགོས་མཁོ་རྒྱ་ཆེར་བཏང་ནས། ཧུར་ཐག་གིས་ཞབས་ཞུའི་རྣམ་པ་གསར་པའི་འཕེལ་རྒྱས་དང་འདྲེས་པར་བྱ་དགོས་ཤིང་། ནང་མཁོ་རྒྱ་སྐྱེད་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། དམངས་ཚིས་ལ་ཕན་པ་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ། དམངས་ལ་ཁེ་ཕན་སྐྲུན་པ་དང་འཛད་སྤྱོད་ལ་ཤུགས་སྣོན་པ། དངོས་པོ་དང་དམངས་ཀྱི་ཕྱོགས་ལ་མ་དངུལ་གཏོང་བ་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། འཛད་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ནས་འཛད་སྤྱོད་མཁོ་འདོན་གྱི་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དང་། འཛད་སྤྱོད་ཀྱི་རྣམ་པ་སྣ་མང་ཅན་དུ་རྒྱ་བསྐྱེད་གཏོང་བ། ཕན་ནུས་ལྡན་པའི་མ་འཇོག་གི་རྒྱ་བསྐྱེད་པ་དང་། རྒྱལ་ཡོངས་ཀྱི་གཅིག་གྱུར་ཚོང་ར་ཆེན་པོའི་འཛུགས་སྐྲུན་ནང་འདྲེས་པར་བྱས་ཏེ། དཔལ་འབྱོར་འཕར་སྣོན་ཡོང་བའི་མི་མངོན་པའི་ནུས་ཤུགས་འདོན་སྤེལ་གང་ལེགས་བྱ་དགོས་ཞེས་བསྟན།
གྲོས་ཚོགས་ལས་བཅོས་སྒྱུར་གཏིང་ཟབ་དང་སྒོ་འབྱེད་རྒྱ་བསྐྱེད་བཏང་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་འཕེལ་བར་བྱ་དགོས་ཤིང་། བརྒྱུད་རིམ་དང་མཐུན་སྦྱོར་བསམ་གཞིགས་ལ་བརྟེན་ནས་བཅོས་སྒྱུར་ལ་གཅིག་གྱུར་གྱིས་སྐུལ་འདེད་བཏང་ནས། སྤྱི་ཁོག་དཔལ་འབྱོར་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་དང་། གཉེར་སྐྱོང་བྱེད་པོའི་གསོན་ཤུགས་སྐུལ་སྤེལ་གཏོང་བ། གཙོ་རྒྱུའི་ཚོང་ར་ཅན་དུ་འགྱུར་བའི་བཀོད་སྒྲིག་བཅོས་སྒྱུར་གཏིང་ཟབ་བྱས་ཏེ། དཔལ་འབྱོར་བཅོས་སྐྱོང་གི་ཕན་ནུས་ཇེ་མཐོར་གཏོང་དགོས། གཏིང་ཟབ་པའི་སྒོ་དབྱེའི་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁ་གཏད་རོགས་སྐྱོར་གྱི་རོགས་ལས་ཟབ་སྤེལ་བྱས་ནས་ཚོང་ར་ནུས་ལྡན་དང་། སྒོ་འབྱེད་ཅན་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་བཏང་སྟེ། གཉིས་ཕན་མཉམ་རྒྱལ་དང་མཉམ་དུ་འཕེལ་རྒྱས་ཡོང་བར་བྱ་དགོས་ཞེས་བསྟན།
གྲོས་ཚོགས་ལས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་ཚད་ཇེ་མགྱོགས་སུ་བཏང་ནས། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས་ཤིང་། ཞིང་ཕྱུགས་ལས་ལ་བརྟེན་ནས་ཁུལ་བརྟན་པོར་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཞིང་ཕྱུགས་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་དང་སྤུས་ཚད་ཀྱི་ཕན་འབྲས་ཆེ་རུ་གཏོང་གང་ཐུབ་བྱ་དགོས་པ་དང་། ཞིང་དར་ཞིང་ཕན་ཞིང་ཕྱུག་གི་སྲིད་ཇུས་ཀྱི་ཕན་ནུས་ཆེ་རུ་བཏང་སྟེ། དབུལ་པོར་འགྱུར་བར་སྔོན་འགོག་བྱེད་པའི་རྒྱུན་རྣམ་ཅན་གྱི་ལམ་སྲོལ་འཛུགས་དགོས། ཐོན་ཚད་དང་ཐོན་ནུས་ཆེ་རུ་གཏོང་བ་དང་། ཐོན་སྐྱེད་སྐྱེ་ཁམས་ལེགས་འགྱུར། ཐོན་འཕར་འབབ་འཕར་མཐུན་སྦྱོར་བཅས་བྱས་ཏེ། ནུས་ཤུགས་གཅིག་སྒྲིལ་གྱིས་ཚན་རྩལ་དང་ལྗང་མདོག སྤུས་ཚད། ཞིང་ཕྱུགས་ལས་སྤུས་རྟགས་བཅས་ལ་གཅིག་གྱུར་སྐུལ་འདེད་བཏང་ནས། གྲོང་གསེབ་ཀྱི་སྤུས་ལེགས་འཚོ་བ་བསྐྲུན་ཏེ། གནས་སྡོད་ལ་འཚམ་པའི་མཛེས་སྡུག་ལྡན་པའི་གྲོང་གསེབ་གང་མགྱོགས་ཀྱིས་འཛུགས་སྐྲུན་བྱ་དགོས་ཞེས་བསྟན།
གྲོས་ཚོགས་ལས་ས་ཁོངས་འཕེལ་རྒྱས་གཏོང་བའི་འཆར་འགོད་ཇེ་ལེགས་སུ་གཏོང་བ་དང་། མི་གཙོ་བོར་འཛིན་པའི་གྲོང་ཁྱེར་དང་གྲོང་བརྡལ་ཅན་གསར་པར་སྐུལ་འདེད་གཏོང་དགོས། གུང་ཧོ་གཤོང་ས་ལྗང་མདོག་འཕེལ་རྒྱས་སུ་གཏོང་བའི་དགེ་མཚན་གསར་པ་གསོ་སྐྱོང་བྱེད་པར་དམིགས་ནས། གྲོང་ཁྱེར་དང་གྲོང་བརྡལ་འཕེལ་རྒྱས་སུ་གཏོང་བའི་རྣམ་པ་ཇེ་ལེགས་སུ་གཏོང་བ་དང་། ཁྱད་ཆོས་ལྡན་པའི་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ། མཐོ་སྒང་གི་དེང་རབས་ཅན་གྱི་གྲོང་ཁྱེར་འཛུགས་སྐྲུན་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། ས་ཁོངས་ཀྱི་བྱེད་ནུས་གསབ་རེས་དང་། ཐབས་སྒྱུར་གོང་འཕེལ། གཉིས་ཕན་མཉམ་རྒྱལ་བཅས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས་ཞེས་བསྟན།
གྲོས་ཚོགས་ལས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་དུ་གཏོང་དགོས་ཤིང་། མཐུན་སྒྲིལ་འབད་འཐབ་ཀྱི་བསམ་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་དང་ལག་ལེན་བྱེད་པར་ཤུགས་སྣོན་བྱས་ནས། རིག་གནས་བྱ་གཞག་གི་ཐོན་ལས་དར་རྒྱས་གཏོང་བ་དང་། དེང་རབས་ཅན་གྱི་མཚོ་ལྷོའི་སྣང་བརྙན་གསར་པ་མངོན་པར་བྱས་ཏེ། ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཕུགས་བསམ་དང་ཡིད་ཆེས་བརྟན་པ་དང་། བསམ་པའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས། མཐུན་སྒྲིལ་འབད་འཐབ་ཀྱི་ཐུན་མོང་གི་བསམ་བློའི་རྨང་གཞི་བརྟན་པོ་འདིང་དགོས་ཞེས་བསྟན།
གྲོས་ཚོགས་ལས་དམངས་ཚིས་ཞབས་ཞུའི་འགན་སྲུང་ཆུ་ཚད་མཐོར་འདེགས་སུ་བཏང་ནས་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་དགོས་ཏེ། ནུས་ཤུགས་ཡོད་རྒུ་འདོན་པར་རྒྱུན་འཁྱོངས་བྱས་ནས། ཀུན་ཕན་རང་བཞིན་དང་རྨང་གཞི་རང་བཞིན། མཐའ་སྐྱོང་རང་བཞིན་བཅས་ལྡན་པའི་དམངས་ཚིས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། སྤུས་ཚད་མཐོ་བའི་ལས་ཞུགས་ལ་སྐུལ་འདེད་བཏང་ནས། ཡོང་འབབ་བགོ་བཤའ་ལམ་ལུགས་བཅོས་སྒྱུར་ཟབ་སྤེལ་དང་། མི་དམངས་ཀྱི་བློ་ཡིད་ཚིམ་པའི་སློབ་གསོ་ལེགས་པོ་སྐྱོང་བ་དང་། བདེ་ཐང་མཚོ་ལྷོ་འཛུགས་སྐྲུན་བྱ་དགོས་ཤིང་། སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་བཏང་ནས། དུས་ཡུན་རིང་བོར་མི་གྲངས་ཆ་སྙོམས་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི་འཕྲལ་མཁོ་དང་དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་གང་ལེགས་བྱས་ཏེ། དེང་རབས་ཅན་གྱི་འཛུགས་སྐྲུན་གྲུབ་འབྲས་སྔར་ལས་མང་པོ་ཞིག་དྲང་གཞག་ངང་མི་དམངས་ཡོངས་ལ་ཕན་ཁེ་འཐོབ་པར་བྱ་དགོས་ཞེས་བསྟན།
གྲོས་ཚོགས་ལས་ཁྱོན་ཡོངས་ནས་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞིའི་འདེགས་སྐྱོར་ཇེ་བརྟན་དུ་གཏོང་དགོས་ཤིང་། གསོག་ཚད་ཀྱི་མི་མངོན་པའི་ནུས་ཤུགས་སྔོག་འདོན་དང་འཕར་གྲངས་ཀྱི་སྤུས་ཚད་མཐོ་རུ་གཏོང་བར་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ་དང་། མགྱོགས་མྱུར་སྒོས་རྨང་གཞིའི་སྒྲིག་བཀོད་གསར་པ་བཀོད་སྒྲིག་བྱས་ནས། ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་དྲ་བ་འཐུས་ཚང་དུ་གཏོང་བ་དང་། ཆུའི་བདེ་འཇགས་འགན་སྲུང་བྱེད་ནུས་ཆེ་རུ་གཏོང་བ། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་རིམ་སྤར་ལ་སྐུལ་འདེད་བཏང་སྟེ། དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་ཧུར་ཐག་གིས་གཏོད་དགོས་ཞེས་བསྟན།
ཚང་འཛོམས་གྲོས་ཚོགས་ལས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ལ་སྐུལ་འདེད་གཏོང་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོར་བཟུང་སྟེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞི་བསྐྲུན་པ་དང་། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གསར་འཛུགས་ཀྱི་གྲུབ་འབྲས་གཏིང་ཟབ་ཏུ་གཏོང་བ། ཆོས་ལུགས་ལས་དོན་གྱི་དོ་དམ་ལ་ཁྲིམས་ལྟར་ཤུགས་སྣོན་པ། ཐུན་མོང་ལྔའི་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ལྟ་བ་དང་ཐུན་མོང་བཞིའི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་བཅས་བྱས་ཏེ། མི་རིགས་ཁག་རྒྱ་ཁྱབ་ངང་འགྲོ་འོང་དང་ཕྱོགས་ཡོངས་ནས་སྤེལ་རེས། མཉམ་འདྲེས་གཏིང་ཟབ་བཅས་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན།
ཚང་འཛོམས་གྲོས་ཚོགས་ལས་འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱས་ཏེ། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་མཚོ་ལྷོ་འཛུགས་སྐྲུན་བྱེད་དགོས། བློ་བརྟན་འགྱུར་མེད་ངང་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་བྱེད་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་བྱེད་པ།གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་འགོག་ཟོན་དང་སེལ་བ། སྤྱི་ཚོགས་བཅོས་སྐྱོང་གི་ཕན་ནུས་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ། སྲིད་ཁྲིམས་ལས་དོན་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་བ། ཕན་ནུས་མཐོ་བའི་བཅོས་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ཀྱི་དགེ་མཚན་ལྡན་པའི་མཉམ་འགུལ་ལ་སྐུལ་འདེད་གཏོང་དགོས་པ་བསྟན་ཡོད། ཚང་འཛོམས་གྲོས་ཚོགས་ལས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་འཆར་འགོད་མངོན་འགྱུར་བྱ་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས། ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་མཐའ་འཁྱོངས་དང་ཤུགས་སྣོན་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་བྱེད་པ། ཁྲིམས་སྐྱོང་མཚོ་ལྷོ་འཛུགས་སྐྱོང་ལ་སྐུལ་འདེད་བྱེད་དགོས། འཆར་འགོད་གཏན་འབེབས་དང་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བ་དང་། ཁུལ་ཡོངས་དང་རྫོང་སོ་སོའི་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་འཆར་འགོད«རྩ་གནད»དང་ཆེད་དོན་འཆར་འགོད་ཚན་རིག་དང་མཐུན་པར་སྒྲིག་བཟོ་བྱས་ཏེ། འཕེལ་རྒྱས་ཀྱི་འཆར་གཞི་དེ་དངོས་ཡོད་གྲུབ་འབྲས་སུ་འགྱུར་བར་འགན་ལེན་ཏན་ཏིག་བྱ་དགོས།སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་ཡང་དག་པ་བརྟན་པོ་འཛུགས་པ་དང་། བདེན་འཚོལ་དངོས་སྒྲུབ། དམ་པ་དོན་གཉེར། ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་འཕེལ་རྒྱས་ཀྱི་འབྲེལ་ཐག་བརྟན་པོར་མཐུད་དགོས། རྒྱུན་འཁྱོངས་ལྷོད་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། སློབ་སྦྱོང་དང་སློབ་གསོ་ལས་བྱུང་བའི་སྤྱོད་ཚུལ་ལེགས་སྐྱོང་གི་གྲུབ་འབྲས་གསར་པར་བརྟེན་ནས་གོ་སྐབས་གསར་པ་དམ་འཛིན་དང་། ཐབས་ལམ་གསར་པ་གསར་གཏོད་བྱེད་པ། ལས་བྱེད་པའི་མཚོ་ལྷོར་དགའ་བ་དང་། མཚོ་ལྷོར་ལེགས་སྐྱེས་འབུལ་བའི་བརྩེ་སེམས་ཁྱོན་ཡོངས་ནས་སྐུལ་སྤེལ་གཏོང་བ་བཅས་བྱས་ཏེ། ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་འཕེལ་རྒྱས་འགྲིལ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་དགོས་པ་ནན་གྱིས་བསྟན་ཡོད།
ཚང་འཛོམས་གྲོས་ཚོགས་ལས་མིག་སྔའི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབས་ཏེ། རྒྱལ་ཁ་ཕུ་ཐག་གཅོད་པའི་རྣམ་པའི་ཐོག་ནས་མཐའ་མའི་གདོང་མཆོང་འགག་སྒྲོལ་བྱེད་པ་དང་། འབད་བརྩོན་གང་ཐུབ་བྱས་ཏེ་ལོ་འཁོར་མོའི་དམིགས་ཚད་ལས་འགན་ཁག་ལེགས་སྒྲུབ་བྱེད་པ་དང་ལོ་ལྔའི་འཆར་གཞི་བཅུ་བཞི་པ་ཕུན་སུམ་ཚོགས་པོའི་ངང་མཇུག་བསྡུ་བར་འགན་ལེན་བྱེད་དགོས། དཔྱད་དཔོག་ལས་དོན་ཁག་ཡག་པོ་བསྒྲུབས་ནས། སང་ལོའི་ལས་དོན་ཚན་རིག་དང་མཐུན་པའི་ངང་ཇུས་འགོད་བྱེད་པ་དང་། གཙོ་གནད་ལས་གཞི་སྔ་མོ་ནས་བཀོད་སྒྲིག་བྱེད་པ། གནད་དོན་ཁག་དག་ཐེར་དམ་འཛིན་ནན་པོ་བྱེད་པ། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སེམས་ཁུར་བྱེད་པ། བདེ་འཇགས་ཐོན་སྐྱེད་དང་བརྟན་བརླིང་སྲུང་སྐྱོང་གི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་པ། དཔལ་འབྱོར་བསྐྱར་འཕར་གྱི་འཕེལ་ཕྱོགས་བཟང་པོ་མུ་མཐུད་དུ་སྲ་བརྟན་དང་རྒྱ་ཆེར་བཏང་ནས། ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་མགོ་ཡག་པོ་ཞིག་རྩོམ་པར་འགན་ལེན་བྱ་དགོས་ཞེས་བླང་བྱ་བཏོན། ཚང་འཛོམས་གྲོས་ཚོགས་ལས་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞིང་ཆེན་ཏང་ཨུའི་མགོ་ཁྲིད་བརྟན་པོའི་འོག་འགན་འཁྲི་ནན་འཁུར་དང་། དངོས་སྒྲུབ་གཙིགས་འཛིན། དཔའ་ངར་ཆེར་བསྐྱེད། ཕན་འབྲས་དངོས་ཐོན་བཅས་བྱས་ཏེ། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་ཆེད་འབད་འཐབ་ལྷོད་མེད་བྱས་ཏེ། མ་འོངས་པའི་མཚོ་ལྷོ་སྔར་ལས་མཛེས་སྡུག་ལྡན་པ་ཞིག་མཉམ་བསྐྲུན་བྱེད་དགོས་པའི་འབོད་སྐུལ་བཏང་། །
འབྲེལ་ཡོད་འོས་སྦྱོར།
