མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ཞའེ་དང་ཁུལ་དཔོན་ཚབ་མ་དོན་གྲུབ་ཀྱིས་དྲུག་གཅིག་བྱིས་པའི་དུས་ཆེན་སྔོན་ལ་འཚམས་འདྲིའི་བྱེད་སྒོ་སྤེལ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།
དུས་ཚོད།:2026-06-02
ཀློག་གྲངས།:
ཟླ5པའི་ཚེས29ཉིན། མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ་དོན་གྲུབ་གཉིས་ཀྱིས་སྔ་ཕྱིར་གུང་ཧོ་རྫོང་བྱིས་སྐྱོང་ཁང་དང་གུང་ཧོ་རྫོང་སློབ་འབྲིང་། གུང་ཧོ་རྫོང་བཅའ་སྡོད་སློབ་ཆུང་གཉིས་པ་བཅས་སུ་ལོ་ཆུང་བྱིས་པ་རྣམས་ལ་འཚམས་འདྲི་བྱས་པར་མ་ཟད། སློབ་གསོའི་གཙོ་གནད་བྱ་བར་རྟོག་ཞིབ་བྱས་ཤིང་། སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། སློབ་གསོ་དང་སློབ་ཁྲིད་ཀྱི་སྤུས་ཚད་རྩ་བར་འཛིན་པ་དང་ཏང་འཛུགས་སྣེ་ཁྲིད་དུ་བྱས་ནས་སློབ་གྲྭའི་བདེ་འཇགས་དང་མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་བཅོས་སྐྱོང་། སེམས་ཁམས་བདེ་ཐང་། མཐོ་རྒྱུགས་དང་འབྲིང་རྒྱུགས་ཀྱི་རྒྱུགས་སྤྲོད་གྲ་སྒྲིག་སོགས་གཙོ་གནད་བྱ་བར་གཅིག་གྱུར་འཆར་འགོད་བྱས་ཏེ། མི་དམངས་ཀྱི་ཡིད་ཚིམ་པའི་སློབ་གསོ་ངེས་པ་དོན་གྱིས་བསྒྲུབ་དགོས་ཞེས་བསྟན།

གུང་ཧོ་རྫོང་བྱིས་སྐྱོང་ཁང་དུ་ཞུང་ཡོན་ལའེ་དང་དོན་གྲུབ་གཉིས་ཀྱིས་བྱིས་སྐྱོང་ཁང་གི་བྱིས་སྐྱོང་སློབ་གསོ་དང་བཟའ་བཅའ་དོ་དམ། འཕྲོད་བསྟེན་བདེ་སྲུང་། བདེ་འཇགས་འགོག་སྲུང་བཅས་ཀྱི་བྱ་བར་རྟོག་ཞིབ་བྱས་པར་མ་ཟད། སྔོན་འགྲོ་སློབ་གསོ་ཁྱབ་གདལ་ཀུན་ཕན་དང་འཛིན་གྲྭ་བཀོད་སྒྲིག ཁྱད་ལྡན་སློབ་གསོའི་བྱེད་སྒོ་སྤེལ་བ་སོགས་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་བྱིས་སྐྱོང་ཁང་གི་དགེ་སློབ་ལ་འཚམས་འདྲི་བྱས་ཤིང་། བྱིས་པའི་ལུས་སེམས་བདེ་ཐང་ལ་སྲུང་སྐྱོང་བྱེད་པ་དང་། སློབ་གྲྭའི་བདེ་འཇགས་དང་སེམས་ཁམས་བདེ་ཐང་གི་སློབ་གསོ་རྒྱུན་རྣམ་ཅན་དུ་སྤེལ་ནས་གཞུང་གཉེར་སློབ་གནས་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བྱིས་སྐྱོང་ཁང་གི་འཛིན་གྲྭ་ཆེན་མོ་རིམ་བཞིན་མེད་པར་བཟོས་ཏེ། སྔོན་འགྲོ་སློབ་གསོའི་སྤུས་ལེགས་ཀུན་ཕན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན། གུང་ཧོ་རྫོང་སློབ་འབྲིང་དུ་ཞུང་ཡོན་ལའེ་དང་དོན་གྲུབ་གཉིས་སློབ་མ་བསྡུ་བའི་ཡིག་རྒྱུགས་རྒྱུགས་དོན་བཀོད་འདོམས་ལྟེ་གནས་དང་སློབ་ཁྲིད་ཐོག་ཁང་དུ་བསྐྱོད་དེ། ཅན་བཅུའི་ཏང་འཛུགས་དང་སློབ་རའི་བདེ་འཇགས། མཐོ་རྒྱུགས་རྩ་འཛུགས། སློབ་གསོའི་ཁྱབ་ཁོངས་བཅས་ཀྱི་ཆེད་དོན་བཅོས་སྒྲིག་བྱ་བར་རྒྱུས་ལོན་བྱས། ཏང་འཛུགས་ཁྲིད་སྟོན་དུ་བཟུང་སྟེ། ཆེད་དོན་བྱ་བའི་ཚན་ཆུང་གི་ནུས་པ་འདོན་སྤེལ་བྱེད་དགོས་པ་དང་། སློབ་བྱོལ་ཚོད་འཛིན་དང་སློབ་ཞུགས་འགན་སྲུང་། སེམས་ཁམས་གསོ་བ། རྒྱུགས་ལེན་གྲ་སྒྲིག སློབ་རའི་བཟའ་བཏུང་སོགས་ཀྱི་ཆེད་དོན་བཅོས་སྐྱོང་བྱ་བ་དམ་འཛིན་བྱས་ཏེ། འབྲིང་རྒྱུགས་དང་མཐོ་རྒྱུགས་ཀྱི་རྒྱུགས་སྤྲོད་ལས་དོན་རྩ་འཛུགས་དང་གསང་བའི་དོ་དམ། འཕྲལ་སྡོམ་ཐག་གཅོད་སོགས་གོ་རིམ་སོ་སོའི་བྱ་བ་ནན་ཏན་གྱིས་སྒྲུབ་ནས། བདེ་འཇགས་འཆམ་མཐུན་དང་དྲང་བཞག་སྤྱོད་བཟང་གི་མི་སྐྱོང་ཁོར་ཡུག་ཞིག་བསྐྲུན་ཏེ། སློབ་གྲྭ་ཆུང་འབྲིང་གི་སློབ་གསོའི་སློབ་ཁྲིད་ཀྱི་གྲུབ་འབྲས་མཐོ་རུ་གཏོང་དགོས་ཞེས་ནན་གྱིས་བསྟན།

གུང་ཧོ་རྫོང་བཅའ་སྡོད་ལམ་ལུགས་སློབ་ཆུང་གཉིས་པ་རུ། ཞུང་ཡོན་ལའེ་དང་དོན་གྲུབ་ཀྱིས་སྐེ་དཀྲིས་དམར་པོ་འཆད་ཁྲིད་ཚོགས་པའི་སློབ་མས་སློབ་གྲྭའི་ལོ་རྒྱུས་རིག་གནས་དང་སློབ་གསོའི་སློབ་ཁྲིད་བྱ་འགུལ་སྤེལ་བའི་སྐོར་གྱི་གནས་ཚུལ་གྱི་མཚམས་སྦྱོར་ལ་ཉན་པ་མ་ཟད། ཅིང་ཅུས་ཟློས་གར་དང་མཉམ་ལེན། འཕྲུལ་མི་སོགས་ཀྱི་སྤྱི་ཚོགས་ཚོགས་པའི་བྱ་འགུལ་ལའང་ཡུལ་དངོས་སུ་ལྟ་སྦྱོང་བྱས་པ་དང་། སློབ་གྲྭའི་དགེ་སློབ་ལ་འཚམས་འདྲི་བྱས་ཏེ། སློབ་གསོའི་སློབ་ཁྲིད་དམ་འཛིན་བྱེད་པའི་རྨང་གཞིའི་སྟེང་དགེ་སློབ་ཡོངས་སྐུལ་སློང་བྱས་ཏེ་ཆེད་དོན་བྱ་བའི་ཚན་ཁག་གི་མི་སྣའི་སྟོབས་ཤུགས་ཇེ་ལེགས་སུ་གཏོང་བ་དང་། སློབ་རའི་བདེ་འཇགས་ཀྱི་ཉེན་ཁའི་སྔོན་འགོག་བྱ་བ་གཙིགས་སུ་བཟུང་སྟེ། འཕྲལ་སྡོམ་འཁྲབ་སྦྱོང་སྣ་ཚོགས་ལ་ཤུགས་བསྣན་ཏེ། ཀུན་སྤྱོད་སློབ་གསོ་དང་སློབ་ཐུན་རྗེས་ཀྱི་ཞབས་ཞུ། བདེ་འཇགས་བྱིས་སྐྱོང་། ཁུར་པོ་གཉིས་ཇེ་ཡང་དུ་གཏོང་བའི་སྲིད་ཇུས་ལག་བསྟར་བྱེད་པ་སོགས་ཀྱི་བྱ་བ་ལེགས་པོར་སྒྲུབ་ནས། སློབ་མ་ཕྱོགས་ཡོངས་འཕེལ་རྒྱས་དང་བདེ་ཐང་ངང་འཚར་ལོངས་འབྱུང་བར་འགན་སྲུང་བྱ་དགོས་ཞེས་ནན་གྱིས་བསྟན།
ཀྲང་ཅུན་ལུའུ་དང་ཏེང་ཧྲེང་ཕེང་། ཁྲེ་ཞང་ཞན་བཅས་རྟོག་ཞིབ་ལ་ཞུགས།
ཀྲང་ཅུན་ལུའུ་དང་ཏེང་ཧྲེང་ཕེང་། ཁྲེ་ཞང་ཞན་བཅས་རྟོག་ཞིབ་ལ་ཞུགས།
འབྲེལ་ཡོད་འོས་སྦྱོར།
