གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་འབྱུང་ཡུལ་དུ་རི་སྐྱེས་སྲོག་ཆགས་ཡང་ཡང་མངོན་པ།
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ།
དུས་ཚོད།:2022-01-15
ཀློག་གྲངས།:
ཟླ1པོའི་ཚེས11ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རྨ་སྟོད་རྫོང་ཨུ་དྲིལ་སྒྲོག་པུའུ་ནས་ཤེས་གསལ་ལྟར་ན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་འབྱུང་ཡུལ་གྱི་ཕྱི་ནང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བདག་སྐྱོང་ལས་དོན་ལ་ཤུགས་སྣོན་བྱ་ཆེད། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཨུ་ལྷན་ཐོན་ཁུངས་ཁོར་ཡུག་ཁྲིམས་འཛིན་ཅུའུ་ཡིས2022ལོའི་སྐོར་སྲུང་ཁྲིམས་འཛིན་ལས་དོན་ཐེངས་དང་པོ་རྩ་འཛུགས་བྱས་ནས་སྤེལ་ཞིང་། སྐོར་སྲུང་བྱེད་རིང་རི་སྐྱེས་སྲོག་ཆགས་ཡང་ཡང་མངོན་པ་རེད།
པར་འདི་ནི་རི་སྐྱེས་སྲོག་ཆགས་གཉན་རེད།
གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་འབྱུང་ཡུལ་དེ་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དུ་གནས་ཤིང་། དེ་རུ་མི་འབོར་ཉུང་ཞིང་ས་བབ་སྨི4000ལྷག་ཟིན་པས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་གནས་ཡིན་པ་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་གཙང་པོ་སྟེ་རྨ་ཆུའི་འབྱུང་ཡུལ་ཡིན།
པར་འདི་ནི་གླག་རེད།
ངོ་སྤྲོད་ལྟར་ན། ཐེངས་འདིའི་སྐོར་སྲུང་གིས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལས་དོན་ལ་དམིགས་ནས་གླིང་ཁུལ་ཕྱི་ནང་གི་གཙོ་གནད་ས་ཁོངས་དང་། གཙོ་གནད་ཁུལ། གཙོ་གནད་ལམ་དུམ་བཅས་ལ་རྒྱུན་གཏན་རང་བཞིན་གྱི་མཉམ་འབྲེལ་སྐོར་ཞིབ་དང་སྔོན་འགོག་ཚོད་འཛིན་ལས་དོན་སྤེལ་ནས། རིགས་སོ་སོའི་ཁྲིམས་འགལ་བྱེད་སྤྱོད་ལ་ཐོག་མཐའ་བར་གསུམ་དུ་རང་འགུལ་གྱིས་ཕར་རྒོལ་དང་མཐོ་གནོན་གནས་སྟངས་རྒྱུན་འཁྱོངས་བྱས་པ་དང་། ཁྲིམས་འགལ་འདྲེན་འཚོང་དང་། སྐྱེ་ཁམས་ཁོར་ཡུག་བདེ་འཇགས་ལ་གཏོར་བརླག། རི་སྐྱེས་སྲོག་ཆགས་གསོད་པ་དང་དེའི་ཐོན་རྫས་སུ་བྱས་པའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ནས། ཁྲིམས་འགལ་གྱིས་ཉ་འཛིན་པ་དང་སྐྱེལ་འདྲེན་བྱེད་པ། གཉེར་སྐྱོང་བྱེད་པའི་རྒྱབ་ཕྱོགས་ཀྱི་ཐོན་ལས་ཕྲེང་འབྲེལ་རྩ་བ་ནས་བཅད་པ་རེད།
པར་འདི་ནི་རི་སྐྱེས་སྲོག་ཆགས་གཉན་རེད།
སྐོར་སྲུང་བྱེད་རིང་། ལས་དོན་མི་སྣས་རྩྭ་རའི་ལྕགས་ར་ནང་དུ་ཉེན་ཁའི་གནས་སུ་ལྷུང་བའི་རྐྱང་ཞིག་ཡོད་པ་ཤེས་རྟོགས་བྱུང་རྗེས། དུས་ཐོག་ཏུ་དེ་ལ་འཕྲལ་སྡོམ་ཐག་གཅོད་བྱས་ནས། ལས་དོན་མི་སྣས་རྐྱང་དེ་ལ་རྨས་སྐྱོན་ཕོག་མེད་པ་ཤེས་རྗེས་ད་གཟོད་རང་བྱུང་ཁམས་སུ་བཏང་བ་རེད།
པར་འདི་ནི་ལས་དོན་མི་སྣས་རྐྱང་ཞིག་སྐྱོབ་བཞིན་པའི་ཚུལ་རེད།
“རི་སྐྱེས་སྲོག་ཆགས་ནི་རང་བྱུང་ཐོན་ཁུངས་ཤིག་དང་སྐྱེ་ཁམས་ཐོན་ཁུངས་གལ་ཆེན་ཞིག་ཡིན་པ་མ་ཟད། གོ་ལ་ཧྲིལ་པོའི་སྐྱེ་ཁམས་མ་ལག་ཁྲོད་མེད་དུ་མི་རུང་བའི་གྲུབ་ཆ་གཙོ་བོ་ཞིག་ཀྱང་ཡིན། རི་སྐྱེས་སྲོག་ཆགས་རོགས་སྐྱོབ་ལས་དོན་ལ་མི་ཚང་མས་དོ་ཁུར་དང་། མི་ཚང་མ་ཞུགས་པ། སེམས་ཤུགས་གཅིག་སྒྲིལ་བཅས་ཀྱི་སྒོ་ནས་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་དགོས། དེ་དང་ཆབས་ཅིག་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་སྐྱེ་ཁམས་དོ་སྙོམས་ལ་སྲུང་སྐྱོང་བྱེད་པའི་ངོས་ནས་བརྗོད་ན་ཡང་དོན་སྙིང་གལ་ཆེན་ལྡན”ཞེས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་པས་དེ་ལྟར་བརྗོད། གླིང་ཁུལ་དེས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་དྲིལ་སྒྲོག་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་བསྟུན། མི་དམངས་མང་ཚོགས་ཀྱི་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་སྲུང་སྐྱོང་གི་འདུ་ཤེས་ཀྱང་སྔར་བས་གཏིང་ཟབ་ཏུ་ཕྱིན་པ་རེད།
པར་འདི་ནི་སྤྱང་ཁྱུ་རེད།
གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་བསྟན་དོན། ཐེངས་འདིའི་སྐོར་སྲུང་ཁྲིམས་འཛིན་བྱ་སྤྱོད་ནི་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུ་དང་། སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་ཉེས་གསོག་ལ་འཐབ་རྩོད་མཐའ་གཅིག་ཏུ་བྱ་རྒྱུ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་རང་འགུལ་ངང་འགན་ལེན་དང་སྐུལ་འདེད་གཏོང་བའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་རྒྱུ་བཅས་ཀྱི་ཁྲིམས་འཛིན་བྱ་སྤྱོད་ཅིག་རེད། དུས་བབ་གསར་པ་དང་བླང་བྱ་གསར་པའི་མདུན་དུ། མ་འོངས་པའི་ལས་དོན་ཁྲོད་རྨ་ཆུའི་འབྱུང་ཡུལ་གླིང་ཁུལ་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོང་གི་འགན་འཁྲི་ནན་ཏན་སྒྲུབ་པ། ཁྲིམས་འཛིན་ལྟ་སྐུལ་གྱི་ཕན་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ། མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བཟུང་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་བསྐྲུན་རྒྱུ་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པར་འགན་ལེན་ནུས་ལྡན་བྱ་དགོས། །
འབྲེལ་ཡོད་འོས་སྦྱོར།