logo

མཚོ་སྔོན་ནས་གནའ་བོའི་བྲག་ཞུན་ས་དབྱིབས་འདི་འདྲ་ཞིག་རྙེད་འདུག

རྩོམ་པ་པོ།: ཡོང་ཁུངས།:མི་དམངས་དྲ་བ། དུས་ཚོད།:2023-07-04 ཀློག་གྲངས།:
       ཟླ6ཚེས28ཉིན། གསར་འགོད་པས་མཚོ་སྔོན་གླིང་སྣེའི་རང་བྱུང་ཐོན་ཁུངས་བརྟག་དཔྱད་ཞིབ་འཇུག་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་དུས་མཚོ་སྔོན་གླིང་སྣེའི་རང་བྱུང་ཐོན་ཁུངས་བརྟག་དཔྱད་ཞིབ་འཇུག་ཁང་གི་ཚོགས་པས། མཚོ་སྔོན་གཙང་པོའི་མགོ་ཁུངས་ཁུལ་དུ་ཡུལ་དངོས་རྟོག་དཔྱོད་བྱེད་སྐབས། འབྲི་ཆུ་དང་རྫ་ཆུའི་མགོ་ཁུངས་ཁུལ་དུ་དཔེ་མཚོན་གྱི་གནའ་བོའི་བྲག་ཞུན་གྱི་ས་དབྱིབས་ཐོག་མར་ཤེས་རྟོགས་བྱུང་ཞིང་། དེ་ཚོའི་རྣམ་པ་འདྲ་མིན་སྣ་ཚོགས་ཡོད་པ་མ་ཟད། ས་རྒྱུད་རང་བཞིན་གྱི་དབྱེ་མཚམས་ངེས་ཅན་ཞིག་ལྡན་ཡོད་པ་རེད།
       བྱང་གི་འཕྲེད་ཐིག་གི་ཏུའུ33དང་ཚེག30ཐོག་གི་འབྲི་ཆུ་དང་རྫ་ཆུའི་མགོ་ཁུངས་ཁུལ་དུ་དཔལ་ཐང་ཆུ་ཚན་གྱི་ས་འོག་ཆུ་དང་། ནས་ཆགས་ཆུའི་ཧ་ཞིའི་དོང་ཕུག ཐང་བོད་གནའ་ལམ་གྱི་ཆུ་སྐྱུར་རྡོའི་བྲག་གཟུགས། རྫ་ཆུའི་ཆུ་འགོའི་བཞུ་ཟད་ས་ཀོང་ལྡུག་མའི་མཚེའུ་སོགས་གནའ་བོའི་བྲག་ཞུན་གྱི་ས་དབྱིབས་ཐོག་མར་རྙེད་པ་དང་། གཙང་པོའི་མགོ་ཁུངས་ཀྱི་གནའ་བོའི་བྲག་ཞུན་ཆགས་པའི་དུས་ནི་གཙོ་བོ་ས་གཞི་ཆགས་རིམ་གསུམ་པའི་ཚ་ཁུལ་དང་ཚ་ཁུལ་ཕལ་པའི་ཁོར་ཡུག་ཁྲོད་ཡིན་པ་རེད། སྐབས་དེ་དུས་གཙང་པོའི་མགོ་ཁུངས་ཀྱི་མཐོ་ཚད་སྨི1000ཙམ་ལས་མེད། འདི་ལྟར་འདེད་རྩིས་བརྒྱབ་པ་ལྟར་ན། ས་གཞི་ཆགས་རིམ་གསུམ་པའི་དུས་ནས་བཟུང་གཙང་པོའི་ཆུ་འགོའི་སྨི3000ནས3200བར་མཐོ་རུ་ཕྱིན་པ་དང་། གནའ་བོའི་བྲག་ཞུན་ཤེས་རྟོགས་བྱུང་བ་དེས་མཚོ་བོད་ས་མཐོར་ཡར་འཕགས་པའི་ཐད་དཔང་རྟགས་ནུས་ལྡན་མཁོ་འདོན་བྱས་ཡོད།
       མཚོ་སྔོན་གླིང་སྣེའི་རང་བྱུང་ཐོན་ཁུངས་བརྟག་དཔྱད་ཞིབ་འཇུག་ཁང་གི་ཡོན་ཀྲང་ཀྲང་ཡུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། “གནམ་གཤིས་ཚ་གྲང་ལ་བརྟེན་ནས། གཙང་གསུམ་ཆུ་འགོའི་དཔེ་མཚོན་གྱི་ཞུན་བྲག་ས་དབྱིབས་ཆགས་ནས། ང་ཚོས་ས་མཐོའི་གནའ་བོའི་ས་གཤིས་ཁོར་ཡུག་དང་དེ་བཞིན་འཕོ་འགྱུར་ལ་ཞིབ་འཇུག་བྱ་རྒྱུར་དགེ་མཚན་ལྡན་པའི་ཆ་རྐྱེན་མཁོ་འདོན་བྱས་ཡོད། འབྲི་ཆུ་དང་རྫ་ཆུའི་ཆུ་མཚམས་འབྱེད་ཐིག་ནི་དམིགས་བསལ་གྱི་ཞུན་བྲག་ས་དབྱིབས་ཀྱིས་གཙང་པོའི་མགོ་ཁུངས་ཁུལ་གྱི་ས་གཞི་ཆགས་རིམ་བཞི་པར་འཁྱག་ཁེབས་ཀྱིས་ཁྱབ་པའི་རིགས་པས་དཔྱད་རིགས་གོམ་གང་མདུན་སྤོས་ཀྱིས་རྩིས་མེད་དུ་བཏང་ཡོད།”
འབྲེལ་ཡོད་འོས་སྦྱོར།