logo

ལྷ་རྩེ་རྫོང་གི་ཡོམ་ཁུལ་མང་ཚོགས་ཀྱི་བཀོད་སྒྲིག་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།

རྩོམ་པ་པོ།:ཀླུ་མོ་མཚོ་ཡིས་བསྒྱུར། ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། དུས་ཚོད།:2025-01-14 ཀློག་གྲངས།:
       བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་ལྷ་རྩེ་གྲོང་རྡལ་མཚོ་ཕུ་གྲོང་ཚོ་འདི་ཉིད་དིང་རི་རྫོང་གི“1·07”ས་ཡོམ་གྱི་གནོད་སྐྱོན་ཚབས་ཆེན་ཐེབས་ཁུལ་དུ་གནས་ཡོད། ས་ཡོམ་བྱུང་བའི་ཉིན་དེར་གྲོང་ཚོའི་མང་ཚོགས་ཚང་མ་གནོད་འགོག་རས་གུར་ནང་བསྡད་པ་རེད། ཟླ1པོའི་ཚེས9ཉིན་རས་གུར་དང་མེ་ཐབ། ཟས་རིགས་སོགས་རོགས་སྐྱོབ་དངོས་ཟོག་འབོར་ཆེན་མཚོ་ཕུ་གྲོང་ཚོར་བསྐྱལ་ཡོང་བ་དང་། བོད་རང་སྐྱོང་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་མངགས་པའི་རོགས་སྐྱོབ་དཔུང་སྡེའང་མཚོ་ཕུ་གྲོང་ཚོར་འབྱོར་ཏེ། དངོས་ཟོག་གཏོང་འགྲེམ་དང་གུར་ཕུབ་རོགས་བྱས་ནས་གནོད་ཁུལ་མང་ཚོགས་བཀོད་སྒྲིག་ལེགས་པོ་བྱ་རྒྱུར་འགན་ལེན་ཏན་ཏིག་བྱས། །
པར་འདི་ནི་ཟླ1པོའི་ཚེས9ཉིན་རོགས་སྐྱོབ་མི་སྣས་མཚོ་ཕུ་གྲོང་ཚོར་རྒུད་སྐྱོབ་དངོས་ཟོག་འབེབས་པའི་རྣམ་པ་རེད།
པར་འདི་ནི་ཟླ1པོའི་ཚེས9ཉིན་གྲོང་ཚོའི་ལས་བྱེད་མི་སྣ་དང་རོགས་སྐྱོབ་མི་སྣས་མཚོ་ཕུ་གྲོང་ཚོར་གུར་ཕུབ་རོགས་བྱེད་བཞིན་པའི་རྣམ་པ་རེད།
པར་འདི་ནི་ཟླ1པོའི་ཚེས9ཉིན་གནོད་ཐེབས་མང་ཚོགས་ཀྱིས་རྒུད་སྐྱོབ་དངོས་ཟོག་འབེབས་པའི་རྣམ་པ་རེད།
པར་འདི་ནི་ཟླ1པོའི་ཚེས9ཉིན་གནོད་ཐེབས་མང་ཚོགས་ཀྱིས་རྒུད་སྐྱོབ་དངོས་ཟོག་འབེབས་པའི་རྣམ་པ་རེད།
འབྲེལ་ཡོད་འོས་སྦྱོར།