འབྲི་ཆུའི་འགོ་ཁུངས་ཀྱི་ཆུ་ལྔ་འདྲེས་མཚམས་སུ་གནའ་བོའི་མིའི་རིགས་ཀྱིས་བཀོལ་མྱོང་བའི་རྡོ་ཆས་ཤིག་རྙེད་པ།
རྩོམ་པ་པོ།:ཁོན་ཐར་འཚོ།
ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།
དུས་ཚོད།:2025-06-09
ཀློག་གྲངས།:
ཟླ6ཚེས5ཉིན། གསར་འགོད་པས་མཚོ་སྔོན་གྱི་ས་མཐོའི་རང་བྱུང་ཐོན་ཁུངས་རྟོག་ཞིབ་ཞིབ་འཇུག་གླིང་ནས་རྒྱུས་ལོན་པ་ལྟར་ན། 2025ལོའི་ཟླ5ཚེས23ཉིན་ནས་ཟླ6པའི་ཚེས2ཉིན་བར་དུ། འབྲི་ཆུ་རྒྱལ་ཁབ་རིག་གནས་སྤྱི་གླིང་རྟོག་ཞིབ་ཚན་ཆུང་གིས་འབྲི་ཆུའི་འགོ་ཁུངས་ཀྱི་ཆུ་ལྔ་འདྲེས་མདོ་ཏེ་ནང་ཅི་པ་ལོན་དུ་རྟོག་ཞིབ་བྱེད་དུས། ཆུ་ངོགས་སུ་ཁུང་མིག་ཅན་གྱི་རྡོ་ཡི་སྟ་རེ་ཞིག་རྙེད། དེར་གནའ་རྫས་རྟོག་ཞིབ་ཀྱིས་གསལ་འབྱེད་བརྒྱུད། གནའ་བོའི་མིའི་རིགས་ཀྱིས་བཞག་པའི་རྡོ་ཆས་ཤིག་ལ་ཐོག་མར་ངོས་བཟུང་པས། དེས་མཚོ་བོད་མཐོ་སྒང་གི་གནའ་བོའི་མིའི་རིགས་དང་དེའི་འཚོ་གནས་ཁོར་ཡུག་གི་འགྱུར་ལྡོག་བཅས་ལ་འཚོལ་ཞིབ་བྱེད་པར་རིན་ཐང་ངེས་ཅན་ལྡན།

མཚོ་སྔོན་ས་མཐོའི་རང་བྱུང་ཐོན་ཁུངས་རྟོག་ཞིབ་ཞིབ་འཇུག་གླིང་གི་གླིང་གཙོ་ཀྲང་ཡུང་ཅེ་ཡིས་འདི་སྐད། འཚོལ་སྡུད་བྱེད་ས་དེ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་དང་རྫ་སྟོད་རྫོང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གདང་ལ་རི་བོ་གྲོང་རྡལ་བཅས་ཀྱི་འབྲེལ་མཚམས་ན་ཡོད་པ་མ་ཟད། འབྲི་ཆུའི་འགོ་ཁུངས་ཀྱི་དྭངས་ཆུ་དང་སྦུམ་ཆུ། མདོ་ཆུ། སྒར་ཆུ། ཐོ་ཐོ་གཙང་བོ་བཅས་ཀྱི་འདྲེས་མདོ་ཡང་རེད། རྡོ་ཆས་དེ་ནི་ཁ་དོག་ནག་རྐྱ་ཅན་གྱི་རྡོ་རིགས་སྤུས་ཞིབ་པ་ཞིག་སྟེ། མདུན་ངོས་ནས་བལྟས་ན་དབྱིབས་གྲུ་བཞི་ནུར་མོ་ཞིག་ཡིན་ཞིང་། མཐིལ་གྱི་རིང་ཚད་ལ5.5cmདང་། མགོ་རྔའི་རིང་ཚད་ལ11cm། མགོ་ན་ཁུང་བུ་ཡོད། ཁུང་བུའི་ཚངས་ལ0.7cmཡོད་པ་དང་དབྱིབས་གོར་མོ་ཡིན་ལ་ཁུང་ཁ་ཟད་དེ་ཧ་ཅང་འཇམ་པོར་ཆགས་ཡོད། དེ་ལས་གཞན་མིའི་རིགས་འགུལ་སྐྱོད་ཀྱི་ཤུལ་རྫས་རྙེད་མ་བྱུང་ཞེས་ངོ་སྤྲོད་བྱས་བྱུང་།
འབྲེལ་ཡོད་འོས་སྦྱོར།