logo

མཚོ་ལྷོའི་རྐང་གྲུག་འགྲན་སྡུར་གྱི་པར་རིས་བརྩམ་ཆོས་བདམས་བཀོད།

རྩོམ་པ་པོ།: ཡོང་ཁུངས།:མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། དུས་ཚོད།:2026-05-28 ཀློག་གྲངས།:
       ཟླ༥པའི་ཚེས༢༣ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གསུམ་གྱི་སྟེང་། རབ་མཛེས་མཚོ་སྔོན། མཐོ་སྒང་རྐང་གྲུག་རིམ་འདས་འགྲན་བསྡུར་སྐབས་གསུམ་པའི་མཚོ་ལྷོ་འགྲན་ཁུལ་གྱི་ཐོག་མའི་འགྲན་བསྡུར་དེ་མཚོ་ལྷོ་ཁུལ་མི་རིགས་ལུས་རྩལ་ར་བར་སྤེལ་བ་དང་། མཚོ་ལྷོ་ལུང་གཡང་རུ་ཁག་དང་མཚོ་བྱང་མདོ་ལ་བོད་ལུག་རུ་ཁག་གཉིས་ཀྱིས་འགྲན་བསྡུར་བྱས་ཤིང་། དུས་ཚོད་གཅིག་དང་ཕྱེད་ཀའི་རིང་ལ་ཛ་དྲག་གི་འགྲན་བསྡུར་བྱས་མཐར་མཚོ་ལྷོ་ལུང་གཡང་རུ་ཁག་དང་མཚོ་བྱང་མདོ་ལ་བོད་ལུག་རུ་ཁག་གཉིས་ལ་གཉིས་བསྡུར་ཐིག་གི་སྐར་འབྲས་ཐོབ་ནས་མཚོ་ལྷོ་ལུང་གཡང་རུ་ཁག་ཐེངས་འདིའི་འགྲན་བསྡུར་ལས་རྣམ་པར་རྒྱལ།
རྒྱལ་དར་དམར་པོས་མགོ་རྩོམ་མཛད་སྒོ་བསུ།
རྐང་གྲུག་ཞེན་མིས་ལུང་གཡང་རུ་ཁག་བསྟོད།
གླུ་གར་འཁྲབ་སྟོན་ལམ་ནས་ཡུལ་དངོས་སྤྲོ་དགས་ཁེངས།
རྐང་གྲུག་རྩལ་གྱིས་ཡུལ་དངོས་ལྟད་མོ་མཚར།
པར་ལེན་པ། བཀྲ་ཤིས་དོན་གྲུབ། 
འབྲེལ་ཡོད་འོས་སྦྱོར།