logo

《བོད་ལུགས་གསོ་རིག་གི་ནད་ཐོ་འབྲི་སྟངས་ཀྱི་གཞི་རྩའི་ཚད་གཞི》ཞེས་པ་པར་འགྲེམས་བྱས་པ།

རྩོམ་པ་པོ།:ལྷ་དཔལ་སྐྱབས་ཀྱིས་བསྒྱུར། ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། དུས་ཚོད།:2019-10-17 ཀློག་གྲངས།:
     ཉེ་ལམ་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྣེ་ཁྲིད་དེ་རྩ་འཛུགས་སྒོས་རྩོམ་སྒྲིག་བྱས་པའི་ཞིང་ཆེན་བོད་སྨན་རིག་གཞུང་ལྷན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་ཤིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི《བོད་ལུགས་གསོ་རིག་གི་ནད་ཐོ་འབྲི་སྟངས་ཀྱི་གཞི་རྩའི་ཚད་གཞི》(གཤམ་ནས《ཚད་གཞི》ཞེས་བསྡུས་འབྲི་བྱེད་རྒྱུ་ཡིན)ཞེས་པ་པར་སྐྲུན་འགྲེམས་སྤེལ་བྱས།

     《ཚད་གཞི》ཞེས་པའི་དེབ་དེའི་རྩོམ་སྒྲིག་བྱ་བ་ནི2017ལོར་འགོ་བརྩམས་པ་ཡིན་ལ། རྒྱལ་ཁབ་ཀྲུང་ལུགས་སྨན་རྫས་བདག་དོམ་ཅུའུ་ཡི་ཀྲུང་ལུགས་སྨན་རྫས་ཚད་ལྡན་ཅན་གྱི་བེད་སྤྱོད་དཔྱད་འཇོག་རིན་ཐང་དང་ཚད་ལྡན་ཅན་གྱི་གསོ་སྐྱོང་གྲུབ་འབྲས་ལས་གཞི་ལ་རྒྱབ་སྐྱོར་ཐོབ་པ་བརྒྱུད། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་རྩ་འཛུགས་ཀྱི་ནད་ཐོག་ཉམས་མྱོང་ཕུན་སུམ་ཚོགས་པའི་བོད་སྨན་ཆེད་མཁས་པས་གྲུབ་པའི་རྩོམ་སྒྲིག་ཨུ་ཡོན་ལྷན་ཚོགས་བཙུགས། རྩོམ་སྒྲིག་མི་སྣ་དག་གིས་གཙོ་བོ་རང་ཞིང་གི《བོད་ལུགས་གསོ་རིག་ནད་ཐོའི་ཚད་གཞི》(2003ལོའི་པར་གཞི)ཞེས་པའི་རྨང་གཞིའི་སྟེང་བཟོ་བཅོས་བྱས་ཏེ་འཐུས་ཚང་ཅན་ཏུ་བཏང་ཡོད། དེར་མ་ཟད་རྒྱལ་ཁབ་འཕྲོད་བསྟེན་འཆར་ལྡན་ཨུ་ལྷན་དང་རྒྱལ་ཁབ་ཀྲུང་ལུགས་སྨན་རྫས་བདག་དོམ་ཅུའུ་ཡིས2010ལོར་ཁྱབ་བསྒྲགས་བྱས་པའི《ཀྲུང་ལུགས་ནད་ཐོ་འབྲི་སྟངས་ཀྱི་གཞི་རྩའི་ཚད་གཞི》(པར་གཞི་དང་པོ)གཞིར་བཟུང་སྟེ། བོད་སྨན་གཞུང་ལུགས་དང་ནད་ཐོག་དོན་དངོས་འཐུས་ཚང་ཅན་ལ་ཟུང་འབྲེལ་སྒོས། རྩོམ་སྒྲིག་ནང་དོན་གྱིས་རྒྱལ་ཁབ་ཀྱི་ནད་ཐོའི་འབྲི་སྟངས་སྒྲིག་སྲོལ་གྱི་འབྲེལ་ཡོད་རེ་འདུན་གཞིར་བཟུང་ཞིང་། བོད་སྨན་གཞུང་ལུགས་ཀྱི་འཐུས་ཚང་རང་བཞིན་དང་མ་ལག་རང་བཞིན་རྒྱུན་བསྲིངས་སྒོས། བོད་སྨན་གྱི་ནད་ཐོག་དངོས་ཡོད་དང་ལག་ལེན་གཞིར་བཟུང་ནས། བོད་སྨན་གྱི་ཁྱད་ཆོས་དེ་རྒྱུན་བསྲིངས་བྱས་འདུག དུས་ཡུན་ལོ་ངོ་གཉིས་ཀྱི་རིང་ལ་ད་བཟོད་ཡིག་འབྲུ་ཁྲི21གིས་གྲུབ་པའི《ཀྲུང་ལུགས་ནད་ཐོ་འབྲི་སྟངས་ཀྱི་གཞི་རྩའི་ཚད་གཞི》ཞེས་པ་དེ་ཡོངས་འགྲུབ་བྱས་ཡོད།

     《ཚད་གཞི》དེ་རྩོམ་སྒྲིག་བྱས་པའི་དུས་མཚུངས་སུ། རང་ཞིང་གི་སྐབས་དང་པོའི་རྩ་འཛུགས་བདག་དབང་ཆེད་མཁས་པས་བོད་སྨན་ནད་ཐོ་འབྲི་སྟངས་ཀྱི་དེང་རབས་གསོ་རིག་མིང་བརྡ་གསར་བའི་རྒྱ་བོད་ཤན་སྦྱར་གྱི་སྒྲིག་སྲོལ་སོགས་ཀྱི་ནང་དོན་འདུས་པ་དང་། 《ཚད་གཞི》དེ་ཡང་ཟུར་གཏོགས་ཁྲོད་དུ་ཡང་བཞག་ཡོད། 《ཚད་གཞི》དེ་པར་སྐྲུན་འགྲེམས་སྤེལ་གྱིས་རང་ཞིང་གི་བོད་ལུགས་གསོ་རིག་འཕེལ་རྒྱས་ལོ་རྒྱུས་སྟེང་ལ་གྲུབ་འབྲས་གལ་ཆེན་ཞིག་བླངས་ཡོད་པ་མཚོན་ཞིང་། ཞིང་ཆེན་ཧྲིལ་བོ་དང་རྒྱལ་ཡོངས་ཀྱི་བོད་སྨན་གསོ་རིག་ལས་གཞི་དེ་ཚད་ལྡན་དང་ལག་རྩལ་སྒྲིག་སྲོལ་ཅན་ཏུ་གཏོང་བའི་ཐད་བྱེད་ནུས་ངེས་ཅན་ཞིག་ཐོན་འདུག


འབྲེལ་ཡོད་འོས་སྦྱོར།