ཐེམ་ཆེན་རྫོང་གིས་བོད་རྒྱ་སྐད་གཉིས་ཀྱི་རླངས་འཁོར་ཁ་ལོ་བའི་ལག་རྟགས་རྒྱུགས་ལེན་ལྟེ་གནས་བཙུགས།
མཛད་སྒོ་སྤེལ་བཞིན་པའི་ཡུལ་དངོས།
གསར་དུ་བཙུགས་པའི་གཞུང་སྒྲུབ་ཐོག་ཁང་དང་རྒྱུགས་རའི་ཟུར་ཞིག
སྤྱི་བདེས་དམངས་ལ་སྟབས་བདེ་དང་ཕན་ཁེ་བསྐྲུན་པའི་ཞབས་ཞུའི་སྤུས་ཚད་ཇེ་མཐོར་གཏང་ཆེད། ཟླ9བའི་ཚེས24ཉིན། ཐེམ་ཆེན་རྫོང་སྤྱི་བདེ་ཅུའུ་ཡི་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་གསར་དུ་བཞེངས་པའི་གཞུང་སྒྲུབ་ཐོག་ཁང་གི་མདུན་དུ་རྒྱལ་དར་བསྒྲེངས་པ་དང་།རླངས་འཁོར་དོ་དམ་ལས་ཁུངས་དང་རླངས་འཁོར་ཁ་ལོ་བའི་ལག་རྟགས་རྒྱུགས་ལེན་ལྟེ་གནས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་སྤེལ།
ཐེམ་ཆེན་རྫོང་བོད་རྒྱ་སྐད་གཉིས་ཀྱི་རླངས་འཁོར་ཁ་ལོ་བའི་ལག་རྟགས་རྒྱུགས་ལེན་ལྟེ་གནས་ནི་སྤྱི་བདེ་ཅུའུ་ཡིས་མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་ཕན་ནུས་ཇེ་མཐོར་གཏོང་བ་དང་དམངས་དོན་ལ་འགན་ཁུར་བའི་དོན་དངོས་ཉག་གཅིག་ཡིན་ལ།རྣམ་གྲངས་འདི་འགྲུབ་རྗེས་རྫོང་ཡོངས་ཀྱི་ཞང་གསུམ་དང་གྲོང་བརྡལ་བདུན་གྱི་མང་ཚོགས་གྱིས་ལག་རྟགས་ལེན་པར་སྟབས་བདེ་ཞིང་ཕན་ཐོག་པའི་ཁར། རྒྱུགས་ཞུགས་མི་སྣ་ས་ཆ་གཞན་དུ་འགྲོ་མི་དགོས་པར་རང་རྫོང་དུ་རྒྱུགས་ཚང་མ་བླངས་ཆོག་པས། སྔོན་ཆད་ཐེམ་ཆེན་རླངས་འཁོར་ཁ་ལོ་བའི་སློབ་གྲྭར་མིང་ཐོ་བཀོད་ཞིང་སློབ་སྦྱོང་བྱས་རྗེས།སྤྱི་ལེ80ལྷག་ཡོད་པའི་དབུས་ལམ་རྫོང་ལ་རྒྱུགས་ལེན་དུ་འགྲོ་དགོས་པའི་གནད་དོན་ཐག་གཅོད་བྱས་ཡོད་པའི་ཁར།གཞུང་ལུགས་ཀྱི་བསླབ་ཚན་དང་བོ་དང་བཞི་བ་གཉིས་བོད་ཡིག་གི་ལམ་ནས་རྒྱུགས་བླངས་ཆོག
དེ་མིན་ཐེམ་ཆེན་རྫོང་བོད་རྒྱ་སྐད་གཉིས་ཀྱི་རླངས་འཁོར་ཁ་ལོ་བའི་ལག་རྟགས་རྒྱུགས་ལེན་ལྟེ་གནས་ཀྱིས་ཉེ་ལམ་ཆེས་མཐའ་མཇུག་གི་སྒྲིག་ཆས་ཞིབ་བཤེར་བྱ་བ་ལས་བཞིན་ཡོད་ལ། སྔོན་དཔག་བྱས་པ་ལྟར་ན།ཟླ10བའི་ཟླ་དཀྱིལ་ལ་རྒྱུགས་ལེན་ཐུབ་པར་འདུག་པས། རྫོང་ཡོངས་ཀྱི་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱིས་ཁ་ལོ་བའི་ལག་རྟགས་ལ་རྒྱུགས་ལེན་ཆོག་པའི་ཞབས་ཞུ་མཁོ་འདོན་བྱེད་ཐུབ་པ་བྱུང་། སྐབས་དེར་ཐེམ་ཆེན་རྫོང་སྤྱི་བདེ་ཅུའུ་ཡི་མི་དམངས་ཉེན་རྟོག་པ་དང་རོགས་སྒྲུབ་ཉེན་རྟོག་པ་ཡོངས་ཀྱིས་རིགས་སོ་སོའི་མང་ཚོགས་རྒྱུགས་ལེན་དུ་ཡོང་དར་དགའ་བསུ་ཞུ། ང་ཚོས་ཆེས་སྤུས་ལེགས་ཀྱི་ཞབས་ཞུ་མཁོ་འདོན་དང་ཆེས་དྲན་བདེན་གྱི་རྒྱུགས་རས་རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱི་འདོད་བློ་སྐོང་ངེས།