རྐང་ཚ་རྫོང་གིས་བོད་ཀྱི་གཏམ་དཔེ་འགྲན་སྡུར་སྐབས་དང་པོ་སྤེལ།
འགྲན་ཞུགས་པའི་གཏམ་བཤད་པའི་ཚུལ།
རང་རེའི་བོད་ལ་དམངས་ཁྲོད་དམ་ངག་རྒྱུན་གྱི་རྩོམ་རིག་ཕུན་སུམ་ཚོགས་ཤིང་གྱ་ནོམ་པ་ཞིག་ཡོད་ལ། དེ་ལས་ཀྱང་གཏམ་དཔེ་ནི་ནམ་མཁའི་སྐར་ཚོགས་ལས་ཀྱང་བགྲང་གིས་མི་ལངས་པ་ཞིག་ཡོད་དེ། སྤྱིར་འགྲོ་བ་མིའི་རིགས་ཀྱིས་སྐད་ཆ་བཤད་ཤེས་པ་ནས་བཟུང་སྟེ། སོ་སོས་ཐོན་སྐྱེད་ངལ་རྩོལ་བྱེད་པའི་བརྒྱུད་རིམ་ཁྲོད་ཉམས་མྱོང་དག་ཕྱོགས་བསྡོམས་ཀྱིས་རྗེས་རབས་པ་རྣམས་ལ་མིག་དཔེར་ལྟ་བུའི་སྐད་ཆའི་སྒྱུ་རྩལ་ཞིག་གསར་རྩོམ་གནང་བ་དེ་ནི་གཏམ་དཔེར་ཆགས་པ་ཡིན་ཏེ། རིམ་བཞིན་འཚོ་བ་ཡར་དར་དང་སྐད་ཆ་འཐུས་ཚང་དུ་ཕྱིན་པ་དང་བསྟུན་ནས་གཏམ་དཔེའི་ཆུ་ཚད་ཀྱང་གོང་འཕེལ་དུ་ཕྱིན་པ་ཞིག་གོ །
དཔྱད་འདེམས་པ།
དེང་སྐབས་ང་ཚོའི་མི་རིགས་རིག་གནས་ཀྱི་འཕེལ་ཕྱོགས་ཤིག་གིས་དམངས་ཁྲོད་ཀྱི་ངག་རྩོམ་ལ་བར་སྐབས་ཤིག་ཏུ་དོ་སྣང་དང་མཐོང་ཆེན་བྱེད་མཁན་དེ་ཙམ་མ་མཆིས་པས། དམངས་ཁྲོད་ཀྱི་ངག་རྩོམ་མང་པོ་ཞིག་ཉམས་པ་དང་ཇེ་ཉུང་དང་མེད་པར་འགྲོ་བཞིན་ཡོད་པས་གཏམ་དཔེ་ཡང་དེ་ལས་མ་འདས་པས། རྐང་ཚ་རྫོང་ཏང་ཨུ་དང་མི་དམངས་སྲིད་གཞུང་གིས་སྣེ་ཁྲིད་འོག རྫོང་རིག་གནས་ཁང་གིས་གཙོ་སྒྲུབ་མཛད་པའི་བོད་ཀྱི་གཏམ་དཔེ་གདན་ཞུའི་འགྲན་སྡུར་སྐབས་གཉིས་པའི་མཚོ་བྱང་འགྲན་ཁུལ་གྱི་འགྲན་སྡུར། རྐང་ཚ་རྫོང་གི་བོད་ཀྱི་གཏམ་དཔེ་འགྲན་སྡུར་སྐབས་དང་པོ་དེ་སྤྱི་ཟླ7པའི་ཚེས3ནས4བར་གསེར་ཉའི་གཞིས་ཁྱིམ་སྦྲ་རྒན་དུད་པ་ཅན་དུ་འཚོགས།
ཐེངས་འདིར་བསྡོམས་པའི་འགྲན་ཞུགས་པ23ཡོད་ལ། དེའི་ནང་དུ་གཏམ་བཤད་པ་ཨང་དང་པོ1། ཨང་གཉིས་པ2། ཨང་གསུམ་པ3། ཕུལ་བྱུང་བྱ་དགའ4། རྟིང་སྐུལ་བྱ་དགའ2བཅས་གཏམ་བཤད་པ10བྱ་དགའི་གཟེངས་རྟགས་ཕུལ། ཐེངས་འདིའི་གཏམ་བཤད་པ10བོད་ཀྱི་གཏམ་དཔེ་འགྲན་སྡུར་སྐབས་གཉིས་པའི་གདམས་ཐོན་མི་སྣར་ཚུད།
གཏམ་མཛོད་སྲིད་པའི་རྒན་པོ།། གནས་ལུགས་སྟོང་གི་བདག་པོ།། སྲིད་པའི་གཏམ་གྱི་འཁོར་ལོ།།མེས་པོའི་ངག་གི་སྒྱུ་རྩལ།། འདི་ནི་མེས་པོའི་གཏམ་གཏམ་དཔེ་སྟེ། ང་ཚོའི་མི་རབས་ནས་མི་རབས་བར་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་གཏོང་དགོས། འདི་ནི་ཕ་དམ་པའི་ངག་གི་ནོར་བུ་ཡིན་ལ། མ་དྲིན་མོའི་སེམས་ཀྱི་དྲོད་ཁོལ་ཡིན། ང་ཚོས་གངས་རི་མ་ཞུ་བར་རྒྱ་མཚོ་མ་སྐམ་བར་བོད་ཀྱི་ངག་རིག་རྩོམ་རིག་སྒྱུ་རྩལ་ལ་ལམ་ཁ་གསར་བ་ཞིག་བསྐྲུན་ཅི་ཐུབ་བྱ་དགོས།