logo

མཚོ་སྔོན་ཞིང་ཆེན་གྱིས2019ལོའི་རིམ་སྐོར་སོ་སོའི་སློབ་ཆེན་སློབ་མ་བསྡུ་བའི་དུས་ཚོད་བཀོད་སྒྲིག་བརྒྱབ་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། དུས་ཚོད།:2019-07-04 ཀློག་གྲངས།:
གཅིག སྔོན་ལ་དངོས་གཞི་ཚན་ཁག་གི་སློབ་མ་བསྡུ་བའི་དུས་ཚོད། ཟླ7པའི་ཚེས6ཉིན་ནས་ཚེས14ཉིན་བར།

     དེའི་ཁྲོད་གཙོ་བོ་མཐོ་རིམ་སློབ་གྲྭའི་ཆེད་དམིགས་སློབ་བསྡུ་དང་སྒྱུ་རྩལ་སློབ་གྲྭ། ཆེད་སྦྱོང་དངོས་གཞི་འཕར་མ་སོགས་རང་བདག་སློབ་བསྡུའི་རིགས་ཀྱི་འཆར་འགོད་དང་། དམག་དཔུང་དང་སྤྱི་བདེ། ཁྲིམས་འཛིན་རིགས་ཀྱི་སློབ་ཆེན། སློབ་གསོ་པུའུ་ཐད་གཏོགས་ཀྱི་དགེ་འོས་སློབ་ཆེན་གྱི་གཞུང་དངུལ་དགེ་འོས་སློབ་མ་དང་ཞིང་ཆེན་ནང་ཁུལ་གྱི་མཐོ་རིམ་སློབ་ཆེན་གྱི་དགེ་འོས་རིགས་ཀྱི་ཆེད་ལས། ལུས་རྩལ་དང་སྒྱུ་རྩལ་རིགས་ཀྱི་དངོས་གཞི། བོད་ལྗོངས་སློབ་ཆེན་གྱིས་མཚོ་སྔོན་གྱི་ཁུལ་དྲུག་གི་རིམ་པ་སོ་སོའི་ཏང་ཨུ་གཞུང་སྒྲུབ་ཐིན(ཁང)ལ་ཁ་གཏད་པའི་ལས་ཞུགས་འཆར་འགོད། ཞིང་ཆེན་མངའ་ཁོངས་ཀྱི་སློབ་ཆེན་གྱིས་རིན་མེད་སྒོས་གསོ་རིག་སློབ་མ་གསོ་སྐྱོང་བྱེད་པའི་སློབ་བསྡུའི་འཆར་འགོད། སྐྱེ་ཁམས་དང་བོད་ཁུལ། དབུལ་སྐྱོར་བཅས་ཀྱི་ཆེད་དམིགས་སློབ་བསྡུའི་འཆར་འགོད་སོགས་འདུ་བ་རེད།

གཉིས། རྒྱལ་ཁབ་དང་ས་གནས་ཀྱིས་དབུལ་ཕོངས་ས་ཁུལ་ལ་ས་ཕྱོགས་པའི་ཆེད་དམིགས་སློབ་མ་བསྡུ་བའི་འཆར་འགོད། ཟླ7པའི་ཚེས10ཉིན་ནས་ཚེས14ཉིན་བར།

     དེའི་ཁྲོད་གཙོ་བོ་རྒྱལ་ཁབ་ཀྱིས་དབུལ་ཕོངས་ས་ཁུལ་ལ་ས་ཕྱོགས་པའི་ཆེད་དམིགས་སློབ་བསྡུའི་འཆར་འགོད་དང་ས་གནས་སློབ་ཆེན་གཙོ་བོས་ཞིང་སྡེའི་སློབ་མ་བསྡུ་བའི་ཆེད་དམིགས་འཆར་འགོད་གཉིས་འདུ་བ་རེད།

གསུམ། སྐོར་དང་པོའི་དངོས་གཞི་སློམ་མ་བསྡུ་བའི་དུས་ཚོད། ཟླ7པའི་ཚེས15ཉིན་ནས་ཚེས24ཉིན་བར།

     དེའི་ཁྲོད་གཙོ་བོ་རང་ཞིང་གི་སྐོར་དང་པོའི་དངོས་གཞི་སློབ་ཆེན(ཆེད་ལས)དང་མི་རིགས་འཛིན་གྲྭ་གཞན་པ། ཞིང་ཆེན་གཞན་པའི་སློབ་གྲྭའི་མི་རིགས་གྲ་སྒྲིག་འཛིན་གྲྭ་དང་ལས་གནས་གཏན་འཁེལ་བྱས་པའི་སློབ་བསྡུའི་འཆར་འགོད་བཅས་འདུ་བ་རེད།

བཞི། སྐོར་གཉིས་པའི་དངོས་གཞི་སློམ་མ་བསྡུ་བའི་དུས་ཚོད། ཟླ7པའི་ཚེས25ཉིན་ནས་ཟླ8པའི་ཚེས4ཉིན་བར།

     དེའི་ཁྲོད་གཙོ་བོ་རང་ཞིང་གི་སྐོར་གཉིས་པའི་དངོས་གཞི་སློབ་ཆེན(ཆེད་ལས)དང་མི་རིགས་འཛིན་གྲྭ་གཞན་པ། ཞིང་ཆེན་གཞན་པའི་སློབ་གྲྭའི་མི་རིགས་གྲ་སྒྲིག་འཛིན་གྲྭ་དང་ལས་གནས་གཏན་འཁེལ་བྱས་པའི་སློབ་བསྡུའི་འཆར་འགོད་བཅས་འདུ་བ་རེད།

ལྔ། ཞིང་ཆེན་ནང་ཁུལ་གྱི་གྲ་སྒྲིག་འཛིན་གྲྭ་བསྡུ་བའི་དུས་ཚོད། ཟླ7པའི་ཚེས29ཉིན་ནས་ཟླ8པའི་ཚེས4ཉིན་བར།

     དེའི་ཁྲོད་གཙོ་བོ་མཚོ་སྔོན་སློབ་ཆེན་དང་མཚོ་སྔོན་དགེ་ཐོན་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན་བཅས་ཀྱི་མི་རིགས་གྲ་སྒྲིག་འཛིན་གྲྭའི་སློབ་བསྡུའི་འཆར་འགོད་འདུ་བ་རེད།

དྲུག སྐོར་གསུམ་པའི་དངོས་གཞི་སློམ་མ་བསྡུ་བའི་དུས་ཚོད། ཟླ8པའི་ཚེས5ཉིན་ནས་ཚེས11ཉིན་བར།

     དེའི་ཁྲོད་གཙོ་བོ་སྒེར་བཙུགས་སློབ་གླིང་དང་དམངས་སྒྲུབ་སློབ་གླིང་། མཉམ་སྒྲུབ་སློབ་གླིང་གིས་དངོས་གཞི་སློབ་མ་བསྡུ་བའི་འཆར་འགོད་བཅས་འདུ་བ་རེད།

བདུན། སྔོན་ལ་ཆེད་སྦྱོང་སློབ་མ་བསྡུ་བའི་དུས་ཚོད། ཟླ8པའི་ཚེས12ཉིན་ནས་ཚེས16ཉིན་བར།

     དེའི་ཁྲོད་གཙོ་བོ་སྒྱུ་རྩལ་དང་ལུས་རྩལ། སྤྱི་བདེ་རིགས་ཀྱི་ཆེད་སྦྱོང་སློབ་ཆེན། མཐོ་རིམ་ལས་རིགས་ལག་རྩལ་སློབ་གྲྭ་ཁག་ཅིག་གིས་སློབ་མ་གཏན་འཁེལ་བྱེད་པའི་གསོ་སྐྱོང་འཆར་འགོད་དང་ལས་གནས་གཏན་འཁེལ་བྱས་པའི་སློབ་བསྡུའི་འཆར་འགོད་བཅས་འདུ་བ་རེད།

བརྒྱད། ཆེད་སྦྱོང་ཕལ་བའི་སློབ་བསྡུའི་དུས་ཚོད། ཟླ8པའི་ཚེས17ཉིན་ནས་ཚེས23ཉིན་བར།

     དེའི་ཁྲོད་གཙོ་བོ་དངོས་གཞི་སློབ་ཆེན་ཁྲོད་ཀྱི་ཆེད་སྦྱོང་སློབ་བསྡུའི་འཆར་འགོད། མཐོ་རིམ་ལས་རིགས་ལག་རྩལ་སློབ་གྲྭ་དང་ཆེད་སྦྱོང་སློབ་གྲྭའི་མི་རིགས་འཛིན་གྲྭ་དང་སྐད་གཉིས་འཛིན་གྲྭ་བསྡུ་བའི་འཆར་འགོད། མཐོ་རིམ་ལས་རིགས་ལག་རྩལ་སློབ་ཆེན་དང་ཆེད་སྦྱོང་སློབ་གྲྭའི་སློབ་བསྡུའི་འཆར་འགོད་བཅས་འདུ་བ་རེད།


འབྲེལ་ཡོད་འོས་སྦྱོར།