མཚོ་ལྷོས་རྒྱལ་སྤྱིའི་དངོས་མང་བཤམས་སྟོན་ཁང་ཉིན་མོའི་རིག་དངོས་ལ་རིན་མེད་གསལ་འབྱེད་བྱ་འགུལ་གྱི་བརྡ་ཁྱབ།
རྒྱ་ཆེ་བའི་མི་དམངས་ཀྱི་རིག་དངོས་ཤེས་བྱ་སྔར་ལས་ལྷག་པར་ཁྱབ་སྤེལ་དང་མཐོར་འདེགས་བྱེད་པ། རྒྱལ་སྤྱིའི་དངོས་མང་བཤམས་སྟོན་ཁང་ཉིན་མོ་བསུ་བ། དམངས་ཁྲོད་རིག་དངོས་གསལ་འབྱེད་ཀྱི་དགོས་མཁོ་སྐོང་བ་བཅས་ཀྱི་ཆེད་དུ། མཚོ་ལྷོ་ཁུལ་མི་རིགས་དངོས་མང་བཤམས་སྟོན་ཁང་གིས་མཚོ་སྔོན་ཞིང་ཆེན་གྱི་རིག་དངོས་གསལ་འབྱེད་ཨུ་ཡོན་ལྷན་ཁང་གི་ཆེད་མཁས་པ་གདན་ཞུ་བྱས་ཏེ། མཚོ་ལྷོ་ཁུལ་ཡོངས་ཀྱི་མི་དམངས་ཀྱིས་གསོག་ཉར་བྱས་ཡོད་པའི་རིག་དངོས་ལ་རིན་མེད་གསལ་འབྱེད་བྱེད་རྒྱུ་ཡིན་པས། རིག་དངོས་གསོག་ཉར་ལ་མོས་པ་ཡོད་པའི་གྲོགས་པོ་རྣམས་ཀྱིས་མིང་ཐོ་བཀོད་ནས་བྱ་འགུལ་ཁྲོད་ཞུགས་པར་དགའ་བསུ་ཞུ།
གཅིག བྱ་འགུལ་གྱི་ངེས་བྱ།
1.གསལ་འབྱེད་དུས་ཚོད། 2019ལོའི་ཟླ5པའི་ཚེས18ཉིན།
2.བྱ་འགུལ་ལ་ཞུགས་སྟངས། དེ་རིང་ནས་བཟུང་སྟེ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་ཁ་པར་བརྒྱུད་ནས་མིང་ཐོ་བཀོད་དེ་བྱ་འགུལ་ལ་ཞུགས་ཆོག
3.ཐེངས་འདིའི་བྱ་འགུལ་ཁྲོད་རིན་མི་ལེན་པར་གསལ་འབྱེད་བྱེད་རྒྱུ་ཡིན་ཞིང་། གསལ་འབྱེད་ཆེད་མཁས་པས་རིག་དངོས་ཀྱི་དག་རྫུན་དང་ལོ་རབས་ལ་གསལ་བཤད་གནང་རྒྱུ་མ་གཏོགས། ཚོང་རའི་རིན་གོང་ལ་དཔྱད་འཇོག་མི་བྱེད་པ་དང་། ཡིག་ཐོག་གི་གསལ་འབྱེད་དཔང་ཡིག་ཀྱང་གནང་རྒྱུ་མིན།
གཉིས། གསལ་འབྱེད་ས་གནས། ཤམ་བྷ་ལ་ཐང་ཆེན་གྱི་མཚོ་ལྷོ་ཁུལ་མི་རིགས་དངོས་མང་བཤམས་སྟོན་ཁང་གི་ལྔ་ཐོག
གསུམ། འབྲེལ་གཏུག་མི་སྣ་དང་ཁ་པར། གཡང་མཚོ་སྐྱིད། 18109751666
མཚོ་ལྷོ་ཁུལ་མི་རིགས་དངོས་མང་བཤམས་སྟོན་ཁང་།
2019ལོའི་ཟླ4པའི་ཚེས22ཉིན།